༢༤/༧/༢༠༡༣
དུས་བཞིའི་འཕོ་འགྱུར་དང་བསྟུན་ཏེ་ བྱ་རིགས་སྣ་ཚོགས་སྐད་རྐྱབ་ད་
རང་སེམས་སྐྱོ་ལུགས།
ནམ་ཟླ་དབྱར་གི་དུས་བྱུང་ཉེ་བ་ན། །འཁོར་ཡུག་ནེའུ་གསེང་བཀྲ་བའི་ཕྲེང་བ་ཅན། །
ནམ་ཟླ་དབྱར་གི་དུས་བྱུང་ཉེ་བ་ན། །འཁོར་ཡུག་ནེའུ་གསེང་བཀྲ་བའི་ཕྲེང་བ་ཅན། །
ཤིན་ཏུ་ཡིད་འོང་ཉམས་དགའ་བྲོ་རྭ་ན། །དཔྱིད་ཀྱི་རྒྱལ་མོ་ཉམས་དགའི་གླུ་ལེན་ཞིང་། །
སེམས་གསོའི་སླད་དུ་སྨོན་ལམ་དབང་གིས་ཕེབས། །ནམ་ཟླ་དུས་ཀྱི་དབེན་ནས་ཐ་དད་དུ། །
སེམས་གསོའི་སླད་དུ་སྨོན་ལམ་དབང་གིས་ཕེབས། །ནམ་ཟླ་དུས་ཀྱི་དབེན་ནས་ཐ་དད་དུ། །
གྱེས་པའི་ཆོས་སུ་སྣང་ཡང་སླད་མའི་ཆར། ། རྟེན་འབྲེལ་དབང་གིས་དུས་སུ་རང་འདུར་སྨོན། །
ལས་སྨོན་རྟེན་འབྲེལ་ཅན་གྱི་པད་ཚལ་ན། །མེ་ཏོག་རང་ཚལ་དེངས་པའི་དུས་ཚོད་ལ། །
ལས་སྨོན་རྟེན་འབྲེལ་ཅན་གྱི་པད་ཚལ་ན། །མེ་ཏོག་རང་ཚལ་དེངས་པའི་དུས་ཚོད་ལ། །
སྦུབས་གྲོལ་ལྡིང་གཡོའི་གར་གྱི་བྲོ་རྭ་ན། །ལས་ཅན་གསེར་སྦྲང་དགའ་བའི་གླུ་ལེན་བཞིན། །
སེམས་གསོའི་སླད་དུ་དམ་ཚིག་དབང་གིས་འདུ། །འདུས་པ་འབྲལ་བའི་ཆོས་སུ་གྱུར་ན་ཡང་། །
སེམས་གསོའི་སླད་དུ་དམ་ཚིག་དབང་གིས་འདུ། །འདུས་པ་འབྲལ་བའི་ཆོས་སུ་གྱུར་ན་ཡང་། །
རྟེན་འབྲེལ་དབང་གིས་སླར་ཡང་འདུ་དུས་སུ། །ངང་གིས་འཁོར་བའི་སྨོན་ལམ་མཐའ་ཅན་སྦྱོར། །
དབྱར་ཟླ་ནམ་སྔོན་གཡུ་ཡི་ཕོ་བྲང་ན། །འཁོར་ཡུག་སྐྱེད་ཚལ་མུ་ཁྱུད་སྤྲིན་དཀར་གྱིས། །
དབྱར་ཟླ་ནམ་སྔོན་གཡུ་ཡི་ཕོ་བྲང་ན། །འཁོར་ཡུག་སྐྱེད་ཚལ་མུ་ཁྱུད་སྤྲིན་དཀར་གྱིས། །
རྣམ་པར་བསྐོར་བའི་ཆར་གླིང་བྲོ་རྭ་ན། །ནམ་མཁའི་གླང་པོ་དགའ་བའི་གློག་ཞགས་གཡོ། །
སྐྱིད་པའི་གླུ་ཡི་ནམ་མཁའི་རྔ་ཆེན་སྒྲོག །འཇིག་རྟེན་ཁམས་ཀྱི་ལོ་ཐོག་སོས་སྨན་དུ། །
སྐྱིད་པའི་གླུ་ཡི་ནམ་མཁའི་རྔ་ཆེན་སྒྲོག །འཇིག་རྟེན་ཁམས་ཀྱི་ལོ་ཐོག་སོས་སྨན་དུ། །
བྱུང་བས་སྐྱེ་རྒུའི་བཞེད་པ་སྐོང་ན་ཡང་། །སླར་ཡང་དུས་ཀྱི་དབང་གིས་སྤྱོན་པར་མཛོད། །
དགུང་སྔོན་ཕྱག་རྒྱ་འཁོར་ལོའི་བྲོ་རྭ་ན། །རྟེན་འབྲེལ་དབང་གིས་འཁོར་བའི་ཚ་ཟེར་ཅན། །
དགུང་སྔོན་ཕྱག་རྒྱ་འཁོར་ལོའི་བྲོ་རྭ་ན། །རྟེན་འབྲེལ་དབང་གིས་འཁོར་བའི་ཚ་ཟེར་ཅན། །
ཤར་ནས་འཇིག་རྟེན་གསལ་བའི་གླུ་ལེན་བཞིན། ། འོད་ཀྱིས་འགྲོ་བའི་པད་ཚལ་རྣམ་པར་སྐྱོང་། །
དགུང་སྔོན་ལོང་བའི་མིག་གིས་རྒྱན་གྱུར་ཀྱང་། །གསལ་བ་མུན་པའི་ཆོས་ཀྱི་རྗེས་འགྲོ་བས། །
དགུང་སྔོན་ལོང་བའི་མིག་གིས་རྒྱན་གྱུར་ཀྱང་། །གསལ་བ་མུན་པའི་ཆོས་ཀྱི་རྗེས་འགྲོ་བས། །
རྟེན་འབྲེལ་བསླུ་མེད་ཚུལ་གྱིས་རྒྱུ་བའི་ཁམས། །སུས་ཀྱང་འགོག་མེད་ལྷར་སྣང་ཇི་བཞིན་སྤྱོན། །
འཕྲིན་ལས་བཟངམོ། སྤུ་ན་ཁ།
འབྲུག་ཀུན་གསལ་ཤར་རི་རྩེ་ལས།།གནས་ཚུལ་ཉི་མའི་འོད་ཟེར།།ཁ་བཞི་འབྲུག་ལུ་ཁྱབ་སྟེ།།ཕྱི་ནང་གསལ་བར་ཤོག་ཅིག།
ReplyDeleteཡི་གེ་དག་ཆ་ཡག་པོ་མི་འདུག གཟབ་གཟབ་དགོས་ཀྱི་འདུག
ReplyDeleteའབྲུག་པའི་བར་ན་ བོད་ཡིག་བྲིས་མི་ཅིག་འདུག་ ???????
ReplyDelete@ Tibetan, (ཡི་གེ་དག་ཆ་ཡག་པོ་མི་འདུག གཟབ་གཟབ་དགོས་ཀྱི་འདུག)ཅི་དག་ཆ་མི་འདུག་ རེ་རེ་བཞིན་དུ་གསུང་རོགས་གནང་།
ReplyDelete