གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྟོང་ཕུ་ཤིང་ཨེ་ཀར་༦,༠༠༠ ལྷགཔ་ཅིག་མེདཔ་བཏང་ཡོདཔ།

༡/༢/༢༠༡༣   ༉ དབང་འདུས་ཕོ་བྲང་ ཕོབ་སྦྱིས་རྒེད་འོག་གི་ ཀུན་དགའ་ཐང་གཡུས་ཚན་ནང་ ཉིན་གྲངས་༣ གྱི་རིང་ ནགས་ཚལ་མེ་རྐྱེན་ཤོར་མིའི་ནང་ སྟོང་ཕུ་ཤིང་གི་ས་ཆ་ ཨེ་ཀར་༦,༠༠༠ ལྷགཔ་ཅིག་འཚིགས་པའི་ཤུལ་ལས་ མེ་དེ་ ཁ་ཙ་ དྲོ་པའི་ཆུ་ཚོད་༩ དེ་ཅིག་ལུ་ བསད་ཚུགས་ཡོདཔ་ཨིན་པས།
ཁས་བླངས་པ་ཅིག་གིས་ ནགས་མེ་བསད་པའི་བསྒང་།


མེ་རྐྱེན་དེ་ སྤྱི་ཟླ་༡ པའི་ཚེས་༢༩ གི་ དྲོ་པའི་ཆུ་ཚོད་༡༠ དང་ཕྱེད་དེ་ཅིག་ལས་ འགོ་བཙུགས་པའི་སྐབས་ མེ་བསད་མི་༡༠༠ ལྷགཔ་ཅིག་ལས་མེད་པའི་ཁར་ འཕྲུལ་ཆས་ཡང་ ག་ནི་ཡང་མེད་མི་ལུ་བརྟེན་ གདོང་ལེན་སྦོམ་འབད་དགོཔ་ཐོན་ཡོདཔ་ཨིན་པས།
ཉིནམ་༢ པའི་ནང་ མི་༣༠༠ དེ་ཅིག་གིས་ འབྲེལ་གཏོགས་འབད་རུང་ མེ་བསད་མ་ཚུགསཔ་ལས་ ཁ་ཙ་དྲོ་པ་ གནམ་མ་ལངམ་ཅིག་ལས་ མི་༤༠༠ ལྷགཔ་ཅིག་དང་ མེ་བསད་འཕྲུལ་ཆས་ ལག་ལེན་འཐབ་མི་ལུ་བརྟེན་ མེ་དེ་ ལེགས་ཤོམ་སྦེ་ར་ བསད་ཚུགས་ཅི་ཟེར་ ནགས་ཚལ་འགོ་དཔོན་ཚུ་གིས་ སླབ་ཨིན་པས།
མེ་རྐྱེན་དེ་ ཕོབ་སྦྱིས་ཁ་ལས་ ན་གཞོན་སྐྱེ་ལོ་༧ དང་༩ དེ་ལས་༡༢ ལང་མི་ བུཚ་༣ གྱིས་ སྤར་བའི་དོགས་པ་ལུ་བརྟེན་ ནགས་ཚལ་འགོ་དཔོན་ཚུ་གིས་ འཛིན་བཟུང་འབད་ཡོདཔ་ད་ དེ་ཡང་ ནགས་ཚལ་འགོ་དཔོན་ཚུ་གིས་ དཀྱིལ་འཁོར་ཐང་གི་ ས་ཁོངས་ནང་ མེ་འབར་ས་མཐོང་སྟེ་ ས་གནས་དེ་ཁར་སོང་བལྟ་བའི་སྐབས་ དོགས་ཅན་༣ བདའ་ཟུན་ཡོདཔ་ཨིན་པས།
དོགས་ཅན་༣ ཆ་ར་ སློབ་ཕྲུག་ཨིནམ་ད་ ཁོང་གིས་ནགས་ཚལ་འགོ་དཔོན་ཚུ་ལུ་སླབ་མིའི་ནང་ ཁོང་༣ དཀྱིལ་འཁོར་ཐང་ ལུ་ སྙན་དར་སྦེ་ ཏི་རུ་ཕུལ་མི་ཚུ་ འཐུ་བར་འགྱོ་བའི་སྐབས་ ས་གནས་དེ་ཁ་ལུ་ མེ་ཀྲེ་སྒྲོམ་ཅིག་ མཐོང་སྟེ་ མེ་གསོ་ནིའི་དོན་ལུ་ མེ་འཕུ་བའི་སྐབས་ ཚར་ཅིག་གུ་ རླུང་མ་ཤུགས་སྦེ་ འཕུ་མི་ལུ་བརྟེན་ མེ་འབར་ཡར་སོ་ཡི་ཟེར་ ཁ་བཟེད་ཡོདཔ་ད་ མེ་ཀྲེ་སྒྲོམ་དེ་ དཀར་མེ་ཕུལ་བའི་ཤུལ་ལས་ བཀོག་བཞག་བཞགཔ་ཨིན་པས།
ནགས་ཚལ་འགོ་དཔོན་ ཌམ་བར་ ཆེ་ཏི་རི་གིས་སླབ་མིའི་ནང་ ནགས་ཚལ་འགོ་དཔོན་ཚུ་ ཞིབ་དཔྱད་ནང་ འགྱོ་བའི་སྐབས་ལུ་ ནགས་ཚལ་མེ་རྐྱེན་ཤོར་ས་ མཐོང་ཡི་ཟེར་ཨིན་པས།
དོགས་ཅན་ཚུལུ་ འཕྲལ་མགྱོགས་ར་ ནགས་ཚལ་འགོ་དཔོན་ཚུ་གིས་ དྲི་བཀོད་འབད་དེ་ ཉེས་ཁྲིམས་ཚུ་ བཀལ་ནི་ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment