གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རུ་པིའི་དཀའ་ངལ་ཐོན་མི་ཚུ་ འགན་འཁྲི་ཅན་ཚུ་གི་ འཐུས་ཤོར་ཨིནམ།

༢༦/༢/༢༠༡༣   ༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ དཔལ་འབྱོར་ལེགས་ལྡན་ཚོགས་ཆུང་གིས་ རྒྱ་གར་གྱི་ཏི་རུ་ རུ་པིའི་བསྐྱར་ཞིབ་སྙན་ཞུ་ཕུལ་བའི་སྐབས་ལུ་ འཐུས་མི་ཚུ་གིས་ རུ་པིའི་དཀའ་ངལ་བྱུང་མིའི་ འགན་འཁྲི་དེ་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་ དངུལ་རྩིས་ལྷན་ཁག་ལུ་ བཀལ་དགོ་པའི་ གྲོས་འཆམ་བྱུང་ཡི།


དེ་ཡང་ ད་ལྟོའི་ སྤྱི་ཚོགས་དང་ གཞུང་སྐྱོང་གི་ གནས་ཡུན་ཚང་རན་མི་དང་བསྟུན་ གཙུག་སྡེ་༢ ལུ་ འཁྲི་འགན་བཀལ་ནིའི་ ལཱ་འགན་དེ་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་ཡིག་ཚང་ལུ་ སྤྲོད་ནི་སྦེ་ གྲོས་ཐག་བཅད་ཅི།
ཚོགས་ཆུང་གི་ཁྲི་འཛིན་ རིག་འཛིན་གྱིས་ ཞུ་མིའི་ནང་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་ཡིག་ཚང་གིས་ ཤུལ་མའི་སྤྱི་ཚོགས་འཚོགས་པའི་སྐབས་ རུ་པིའི་དཀའ་ངལ་བསལ་ཐབས་ལུ་ ཐབས་ལམ་ག་ཅི་ར་ ལག་ལེན་འཐབ་ཡོདཔ་ཨིན་ནའི་ སྙན་ཞུ་ཅིག་ ཚོགས་ཁང་ལུ་ གསལ་ཞུ་འབད་དགོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གན་འཛིན་ཅན་ཚུ་ལུ་ཕོག་མིའི་ འཁྲི་འགན་དེ་ ངེས་པར་དུ་ བཀལ་དགོ་ཟེར་ཨིནམ་ད་ འཐུས་ཤོར་བྱུང་མི་ འབྲེལ་ཡོད་འགོ་དཔོན་ཚུ་ བདག་སྐྱོང་དང་འབྲེལ་བའི་དང་ལེན་ དཔེར་ན་ གཡོག་ནང་ལས་ བཏོན་གཏང་ནི་དང་ གསར་བསྐོ་འབད་ནི་ ཡང་ཅིན་ ལྕོགས་གྲུབ་ཅན་གྱི་ མི་ངོ་ཚུ་ཡོད་པའི་ འཛིན་སྐྱོང་གསརཔ་གཞི་བཙུགས་འབད་དགོ་རུང་ འབད་དགོ་ཟེར་ཨིན་པས།
ཁོ་གི་རྒྱབ་སྣོན་ལུ་ ཚོགས་སྡེའི་འཐུས་མི་གཞན་ཅིག་གིས་ ཞུ་མིའི་ནང་ རུ་པིའི་དཀའ་ངལ་དེ་ སྤྱི་ལོ་༡༩༩༣ ལས་ར་ ཐོན་ཡོདཔ་ལས་ ཧང་སྟོང་མར་ ཐོན་ཐོནམ་ཅིག་མེན་ཟེར་ཨིནམ་ད་ དཔལ་འབྱོར་གནས་སྟངས་ལྟ་རྟོག་གི་དོན་ལུ་ ཟླ་རིམ་དངུལ་ཕོགས་དང་བཅསཔ་སྦེ་ ལཱ་འགན་སྤྲོད་ཡོདཔ་ལས་ དཔལ་འབྱོར་གྱི་དཀའ་ངལ་ དེ་སྦེ་ཐོན་མི་དེ་ གན་འཛིན་ཅན་ཚུ་གི་ འཐུས་ཤོར་ལུ་བརྟེན་ཨིནམ་ལས་ འགན་འཁྲི་བཀལ་དགོཔ་འདུག་ཟེར་ཞུ་ཡི།
གལ་སྲིད་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་ཡིག་ཚང་གིས་ ཚོགས་སྡེའི་གྲོས་ཆོད་བསྟར་སྤྱོད་མ་འབད་བ་ཅིན་ རྒྱལ་ཡོངས་ཚོགས་སྡེ་གིས་ དྲུང་ཆེན་ཡིག་ཚང་དེ་ལུ་ བདག་སྐྱོང་དང་འབྲེལ་བའི་ ངོས་ལེན་འབད་དགོ་པའི་ གྲོས་ཆོད་བཏོན་འོང་ཟེར་ཨིན་པས།
བསྐྱར་ཞིབ་དེ་ནང་ དངུལ་རྩིས་ལྷན་ཁག་དང་ རྒྱལ་གཞུང་དངུལ་ལས་དབང་འཛིན་དེ་ དཔལ་འབྱོར་གནས་སྟངས་ནང་ འགན་འཁྲི་ཅན་གྱི་ གཙུག་སྡེ་གཙོ་ཅན་ཅིག་སྦེ་ ངོས་འཛིན་འབད་ཡོདཔ་ད་ ཚོགས་ཆུང་གི་ ཁྲི་འཛིན་གྱིས་འབད་བ་ཅིན་ གཙུག་སྡེ་དེ་གཉིས་ ཁྲིམས་ལུགས་དང་འཁྲིལཝ་ད་ གནད་དོན་ལ་ལུ་ དཔེར་ན་ གཞུང་གི་འཆར་དངུལ་ཟིན་བཀོད་འབད་བའི་སྐབས་ མཉམ་འབྲེལ་ཐོག་ ཕྱག་ལཱ་གནང་དགོཔ་ཨིན་རུང་ མ་གནང་པས་ཟེར་ཨིན་པས།
རུ་པིའི་དཀའ་ངལ་བྱུང་དགོ་པའི་ གཞི་རྩ་ཅིག་ བསྐྱིན་འགྲུལ་རྒྱ་ཆེ་དྲགས་སྦེ་ བྱིན་མི་ལུ་བརྟེན་ཨིན་རུང་ དངུལ་ཁང་ཚུ་ལུ་ དེ་གི་འཁྲི་འགན་ཕོག་དགོཔ་མེད་མི་དེ་ཡང་ དངུལ་ཁང་ཚུ་ མ་རྩ་བཙུགས་ནི་ལུ་ གཙོ་བོར་བཏོན་མི་ཨིནམ་ལས་ བསྐྱིན་འགྲུལ་ལེན་མི་ ག་དེམ་ཅིག་ ཐོན་མི་ཚུ་ལུ་ བསྐྱིན་འགྲུལ་བྱིན་ནི་དེ་ དངུལ་ཁང་གི་ ཚོང་འབྲེལ་ཨིན་ཟེར་ ཁྲི་འཛིན་གྱིས་ཞུ་ཡི།
དེ་འབདཝ་ད་ དངུལ་ཁང་གི་ ལག་ལེན་གནས་སྟངས་ནང་ ལྟ་རྟོག་ཐོག་ དམ་འཛིན་འབད་ནི་དེ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ འགན་འཁྲི་ཨིན་རུང་ དབང་འཛིན་གྱིས་ དཔལ་འབྱོར་གནས་སྟངས་ལུ་ ཐོ་ཕོག་ཚར་བའི་ཤུལ་ལས་རྐྱངམ་གཅིག་ དམ་འཛིན་གྱི་ ཐབས་ལམ་ཚུ་ ལག་ལེན་འཐབ་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དངུལ་ལས་དབང་འཛིན་དེ་ དངུལ་འབྲེལ་གྱི་ ལྟ་རྟོག་དངུལ་ཁང་ལྟེ་བ་ཅིག་ཨིནམ་ལས་ བཟོ་སྐྲུན་བསྐྱིན་འགྲུལ་དང་ སྣུམ་འཁོར་བསྐྱིན་འགྲུལ་ཚུ་ བཀག་འཛིན་འབད་ནི་དེ་ རུ་པིའི་དཀའ་ངལ་སྦོམ་སྦེ་ མ་ཐོན་པའི་ ནམ་དུས་ལས་ར་ ལག་ལེན་འཐབ་དགོཔ་སྡོད་ནུག་ཟེར་ཨིན་པས།
ཚོགས་ཆུང་གི་འཐུས་མི་ཚུ་གིས་ སླབ་མིའི་ནང་ ཁོང་གི་བསྐྱར་ཞིབ་དེ་ རུ་པིའི་དཀའ་ངལ་དེ་ནང་ སྲིད་བྱུས་དང་ གཞུང་སྐྱོང་ དེ་ལས་ གཙུག་སྡེའི་འགན་འཁྲི་ཚུ་ལུ་ གཙོ་བོར་བཏོན་ཏེ་ འབད་ཡི་ཟེར་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment