གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒེད་འོག་གོང་འཕེལ་གྱི་ འཆར་དངུལ་ཡར་སེང་རྐྱབ་ནི།

༥/༢/༢༠༡༣   རྒེད་འོག་༢༠༥ གི་ ཁྲི་འཛིན་དང་ ཁྲི་འཛིན་འོག་མ་ཚུ་གི་ཞལ་འཛོམས་ ད་རིས་ལས་ འགོ་བཙུགས་དོ་ཡོདཔ།
༉ རྒེད་འོག་ཚུ་གི་ གོང་འཕེལ་འཆར་དངུལ་དེ་ སྤྱི་ལོ་༢༠༡༣ ཟླཝ་༧ པ་ལས་ འགོ་བཙུགས་མི་ ལོ་ལྔའི་འཆར་གཞི་༡༡ པའི་ནང་ ཡར་སེར་འགྱོ་འོང་ཟེར་ བློག་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ འཕྲལ་ཁམས་ཅིག་ཁར་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ གཟིགས་སྐོར་གནང་པའི་སྐབས་ལུ་ གསུངས་ཡི།


མ་གཞི་ འཆར་དངུལ་ག་དེམ་ཅིག་ ཡར་སེང་འོང་ནི་ཨིན་ན་ གཏན་འཁེལ་སྦེ་ གསུངས་མ་བཏུབ་ཨིན་རུང་ བློན་ཆེན་གྱིས་འབད་བ་ཅིན་ མ་དངུལ་ལངམ་མེད་པའི་ དཀའ་ངལ་བྱུང་མི་ཚུ་ མར་ཕབ་འབད་ནིའི་ ཕན་ཐབས་ལུ་ འཆར་དངུལ་དུམ་གྲ་ཅིག་ ཡར་སེང་རྐྱབ་འོང་ཟེར་གསུངས་ཡི།
འཆར་གཞི་༡༡ པའི་ནང་ རྒེད་འོག་གི་ འཆར་དངུལ་ཚུ་ དབུལ་ཕོངས་དང་ མི་འབོར་ ས་ཁོངས་དང་ སྐྱེལ་འདྲེན་གྱི་ ཟད་འགྲོ་ཚུ་ལུ་ གཞི་བཞག་སྟེ་ བགོ་བཀྲམ་འབད་ནི་ཨིན་མི་དེ་ཡང་ དབུལ་ཕོངས་ཀྱི་ ལས་སྣ་ཚུ་ལུ་ བརྒྱ་ཆ་༤༥ དང་ མི་འབོར་ལུ་ བརྒྱ་ཆ་༣༥ ས་ཁོངས་གོང་འཕེལ་ལུ་བརྒྱ་ཆ་༡༠ སྐྱེལ་འདྲེན་ཟད་འགྲོའི་དོན་ལུ་ བརྒྱ་ཆ་༡༠ ཨིནམ་ད་ རྒེད་འོག་རེ་རེ་ལུ་ འཆར་དངུལ་དཔྱ་བགོ་ དངུལ་ཀྲམ་ས་ཡ་༢ རེ་ བྱིནམ་ཨིན་པས།
འཆར་གཞི་༡༠ པའི་ནང་ འཆར་དངུལ་བགོ་བཀྲམ་དེ་ དབུལ་ཕོངས་ལས་སྣ་ལུ་ བརྒྱ་ཆ་༢༥ དང་ མི་འབོར་ལུ་བརྒྱ་ཆ་༧༥ ས་ཁོངས་ལུ་ བརྒྱ་ཆ་༥ ལུ་གཞི་བཞག་སྟེ་ འབད་ཡོདཔ་ཨིན་པས།
རྒེད་འོག་འཆར་དངུལ་དེ་ མི་སྡེའི་ལྷ་ཁང་རྒྱུན་སྐྱོང་དང་ གསར་བཞེངས་ སོ་ནམ་དང་ སྒོ་ནོར་ལས་སྣ་ གྲོང་གསེབ་འཐུང་ཆུ་བཀྲམ་སྤེལ་ཚུ་གི་དོན་ལུ་ ལག་ལེན་འཐབ་ཡོདཔ་ད་ རྟ་ལམ་སེལ་ནི་དང་ རྒྱུན་སྐྱོང་འབད་ནི་ སྤྲིངས་ཟམ་ཚུ་ནང་ཡང་ རྒེད་འོག་འཆར་དངུལ་ཚུ་ལས་ ཟད་འགྲོ་བཏངམ་ཨིན་པས།
ད་རུང་ འཆར་དངུལ་གྱི་གྲངས་སུ་ སྤྱིར་བཏང་བདག་སྐྱོང་དང་ ཞབས་ཏོག་གི་ཟད་འགྲོ་ དཔེར་ན་ བརྒྱུད་འཕྲིན་དང་ རྒེད་འོག་ཚོགས་སྡེའི་ཞལ་འཛོམས་ གློག་མེ་སྤྱོད་འཐུས་ ཡིག་བྲིས་མཁོ་ཆས་ཀྱི་ ཟད་འགྲོ་ཚུ་ ཚུདཔ་ཨིན་པས།
མ་དངུལ་མངམ་ཡོད་པ་ཅིན་ གོང་འཕེལ་ལས་སྣ་ཡང་སེར་འགྱོ་ནི་དང་ ལཱ་གི་སྤུས་ཚད་ཡང་ བྱིན་ཚུགས་ཟེར་ བཀྲིས་སྒང་བསམ་མཁར་རྒཔོ་ བསོད་ནམས་རྡོ་རྗེ་གིས་ སླབ་ཨིན་པས།
བཀྲིས་སྒང་ལས་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ རྒེད་འོག་གི་ འཆར་དངུལ་ཡར་སེང་གནང་པ་ཅིན་ ཆུ་གཡུར་མངམ་བཏོན་ཚུགས་ནི་དང་ རྒྱུ་ཆས་ཚུ་གི་ གོང་ཚད་ཡར་སེང་འགྱོ་མི་ཚུ་ལུ་ཡང་ ལྷན་ཐབས་འབྱུང་འོང་ཟེར་ཨིན་པས།
འཆར་གཞི་༡༡ པའི་ནང་ རྒེད་འོག་ཚུ་ནང་ ལག་ལེན་འཐབ་ནི་གི་ གོང་འཕེལ་ལས་སྣ་ལེ་ཤ་ཅིག་ར་ བཏོག་བཏང་མི་དེ་ཡང་ འཆར་དངུལ་གྱི་ ཚད་གཞི་ལས་ མང་དྲགས་ནི་དེ་གིས་ཨིན་པས།
འཆར་དངུལ་ལངམ་མེད་པ་ཅིན་ གོང་འཕེལ་ལས་སྣ་ཚུ་གི་ དམིགས་ཡུལ་འགྲུབ་ནི་ལུ་ ལཱ་ཁག་ཡོདཔ་མ་ཚད་ ལཱ་གི་སྤུས་ཚད་ཚུ་ལུ་ཡང་ ཐོ་ཕོགཔ་མས་ཟེར་ གཤོང་ཕུག་གི་དམངས་མི་ དངོས་གྲུབ་ཚེ་དབང་གིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོང་གི་དམིགས་འཆར་དེ་ དངུལ་ཀྲམ་ས་ཡ་༡༠༠ དེ་ཅིག་ཨིན་རུང་ འཆར་དངུལ་གྱི་ ཚད་གཞི་ལས་ ལྷག་སོཔ་ལས་ དངུལ་ཀྲམ་ས་ཡ་༣༨ དེ་ཅིག་ལུ་ མར་ཕབ་རྐྱབ་ཅི་ཟེར་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment