གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཞིང་ལམ་གྱིས་ ལ་ཡཔ་ཚུ་ལུ་ ཕན་ཁྱད་འབྱུང་ནི།

ལ་ཡཔ་ཚུ་ མགར་ས་རྫོང་གི་ ཉེ་འདབས་ལུ་ སྒར་བཅགས་སྡོད་པའི་བསྒང་།
༢༧/༠༢/༢༠༡༣   ༉ ད་ལས་ཕར་ ལོ་༣ དེ་ཅིག་གི་རྒྱབ་ལས་ ས་ཁ་མཐོ་ས་གཞིས་ཆགས་སྡོད་མི་ ལ་ཡའི་མི་སེར་ཚུ་གིས་ གནམ་དགུན་ སྤུ་ན་ཁ་དང་ མགར་ས་རྫོང་ཁག་ དེ་ལས་ ཁ་སྨད་གཡུས་ཚན་ཚུ་ནང་ གནས་སྐབས་ཀྱི་སྒར་བཅགས་ སྡོད་མི་དགོཔ་འབྱུང་ནི་ཨིན་མི་དེ་ཡང་ གཡུས་ཚན་གྱི་དོན་ལུ་ སོ་ནམ་ཞིང་ལམ་སེལ་བའི་བསྒང་ཡོད་མི་དེ་ ལོ་༢ དང་༣གྱི་ནང་འཁོད་ལུ་ མཇུག་བསྡུ་ཚུགས་ནི་ཨིན་པས།


ཀི་ལོ་མི་ཊར་༣༠ དེ་ཅིག་འབད་མི་ སོ་ནམ་ཞིང་ལམ་དེ་ ད་ལྟོ་སེལ་བའི་བསྒང་ཡོདཔ་ད་ མགར་ས་རྫོང་བདག་ བསོད་ནམས་འཇིགས་མེད་ཀྱིས་ སླབ་མིའི་ནང་ ད་ཚུན་གྱི་ནང་འཁོད་ལུ་ ཞིང་ལམ་ ཀི་ལོ་མི་ཊར་༢ དེ་ཅིག་ སེལ་ཚར་ཡོད་ཟེར་ཨིནམ་ད་ ལམ་སེལ་གྱི་ལཱ་དེ་ ལོ་རེ་ལུ་ ཀི་ལོ་མི་ཊར་༡༠ རེ་ སེལ་ཚུགསཔ་འབད་ནི་ཟེར་ཨིན་པས།
ལ་ཡ་རྒེད་འོག་གི་ གཡུས་ཚན་ཆགས་ཚུལ་དེ་ ལའི་གུ་ལུ་ཨིནམ་ལས་ གནམ་དགུན་ལུ་ ཁཝ་དང་ཆརཔ་རྐྱབ་མི་ལུ་བརྟེན་ ལཱ་འབད་མ་ཚུགས་པའི་དཀའ་ངལ་ཡོདཔ་ལས་ ལཱ་གི་གྲུབ་འབྲས་དེ་ གནམ་བྱཱར་ལུ་ ཤུགས་བཏོན་དགོ་པའི་སྐབས་ ལཱ་ལེགས་ཤོམ་སྦེ་ འབད་ནིའི་དུས་ཚོད་ཐོབ་མི་ཚུགསཔ་ཨིན་པས།
རྫོང་བདག་གིས་འབད་བ་ཅིན་ དུས་ཅི་ སྤྱི་ཟླ་༦ པའི་ནང་ ཞིང་ལམ་ཀི་ལོ་མི་ཊར་༡༠ དེ་ཅིག་ སེལ་ཚུགས་པའི་དམིགས་གཏད་བསྐྱེད་དོ་ཟེར་ཨིནམ་ད་ ཞིང་ལམ་དེ་ མགར་ས་རྫོང་གི་ལྟག་ལས་ སེལ་བའི་བསྒང་ཡོདཔ་ཨིན་པས།
ད་ལྟོ་ གཡུས་ཚན་དེ་ནང་ ལམ་མེད་ནི་དེ་གིས་ གནམ་དགུན་ཨ་རྟག་ར་ ལ་ཡཔ་ཚུ་གིས་ རྟ་དང་དྲེལ་ ཤོ་སྦེ་བདའ་སྟེ་ སྤུ་ན་ཁ་རྫོང་ཁག་ནང་ གནས་སྐབས་ཀྱི་སྒར་བཅགས་ཏེ་ ཟླཝ་ལས་བཅད་དེ་སྡོད་དོ་ཡོདཔ་ཨིན་པས།
ཁོང་གིས་ ཆུམ་དང་ ཚྭ་ དེ་ལས་ བཟའ་འཐུང་གི་རིགས་ཚུ་ མཁོ་སྒྲུབ་འབདཝ་མ་ཚད་ མཐའ་ན་ རྟ་གི་ཆག་ཚུ་ཡང་ བསྡུ་ལེན་འབད་དེ་ གཡུས་ཁ་འབག་འགྱོ་དོ་ཡོདཔ་ད་ ལ་ཡཔ་ཚུ་གིས་ སླབ་མིའི་ནང་ ཁོང་གི་གཡུས་དེ་ ཁ་མཐོ་ས་ལུ་ཨིནམ་ལས་ གནམ་དགུན་ལུ་ སེམས་ཅན་གྱི་རྩྭ་ག་ར་སྐམ་ནི་དེ་གིས་ རྩྭ་ཆག་མ་ལང་པའི་དཀའ་ངལ་ ཐོནམ་མས་ཟེར་ཨིན་པས།
ལ་ཡ་རྒེད་འོག་ཚོགས་པ་ དབང་རྒྱལ་གྱིས་ སླབ་མིའི་ནང་ ཨ་རིང་དང་ ཁྱིམ་ཚུ་གི་ཉེ་འདབས་ལུ་ གནས་སྐབས་ཀྱི་ སྒར་བཅགས་སྡོད་པའི་སྐབས་ སའི་ཇོ་བདག་ཚུ་གིས་ གནང་བ་མེད་པར་ ག་ལྷོད་སྦེ་སྡོདཔ་མས་ཟེར་སླབ་སྟེ་ བདའ་བཏངམ་མས་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ ལ་ཡཔ་ཚུ་གིས་ སྤུ་ན་ཁ་ཁྲོམ་ལས་ ཀི་ལོ་མི་ཊར་༡༠ དེ་ཅིག་གི་ས་ཁར་ཡོད་པའི་ རྟ་ཤིང་ཐང་ཟེར་ས་ཚུན་ སྣུམ་འཁོར་ནང་སྐྱེལ་འདྲེན་འབད་བའི་ཤུལ་ལས་ དོས་ཚུ་རྒྱབ་ཁར་འབག་འགྱོ་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པ སྣུམ་འཁོར་ལམ་ མགར་ས་རྫོང་ཁག་ཚུན་ ལྷོད་ནི་དེ་གིས་ རྫོང་གི་ཉེ་འདབས་ཚུན་ དོས་ཚུ་ སྣུམ་འཁོར་ནང་སྐྱེལ་འདྲེན་འབད་ཚུགས་དོ་ཡོདཔ་ཨིན་པས།
རྟ་ཤིང་ཐང་ལས་མགར་ས་ཚུན་ རྐང་ཐང་སྦེ་འགྱོ་བ་ཅིན་ ཉིན་ལམ་༢ དེ་ཅིག་འགོརཝ་ཨིན་རུང་ ད་རེས་སྣུམ་འཁོར་ལམ་ལུ་བརྟེན་ ཁེ་ཕན་འདུག་ཟེར་ ལ་ཡཔ་ཚེ་དབང་གིས་སླབ་ཡོདཔ་ད་ སོ་ནམ་ཞིང་ལམ་དེ་ གཡུས་སྒོའི་ནང་ལྷོད་པའི་བསྒང་ལས་ ཁོང་གིས་ ཉིནམ་༡ གི་ནང་འཁོད་ དོས་བཏོན་འབག་འོང་ཚུགས་པའི་གོ་སྐབས་འོང་ནི་མས་ཟེར་ཨིན་པས།
ན་ཧིང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ལ་ཡ་ལུ་སྡོད་མི་ ཁྱིམ་གུང་པ་༡༩༩ ལུ་ མགར་ས་རྫོང་གི་ཉེ་འབདས་ལུ་ཡོད་པའི་འོག་ཕུག་ཟེར་ས་ སའི་སྐྱིད་སྡུག་ གུང་རེ་ལུ་ ས་ཆ་ཌེ་སི་༡༣ རེ་གནང་མི་དེ་གིས་ ལ་ཡཔ་ཚུ་ གནམ་དགུན་ལུ་ ས་གནས་དེ་ཁར་ སྡོད་ཚུགས་ནི་དེ་གིས་ སེམས་དགའ་ཡོདཔ་ཨིན་པས།
ལ་ཡཔ་མང་ཤོས་ཅིག་གིས་ སླབ་མིའི་ནང་ སྐྱིད་སྡུག་གནང་མི་ས་ཆའི་ནང་ ཁོང་གིས་ འཕྲལ་ར་ ཁྱིམ་རྐྱབ་ནིའི་མནོ་བསམ་བཏང་དོ་ཟེར་ཨིནམ་ད་ དེ་ཡང་ ཁྱིམ་དེ་ ག་དེ་མགྱོགས་མགྱོགས་རྐྱབ་ཚུགས་པ་ཅིན་ ཁོང་གི་དཀའ་ངལ་དེ་ སེལ་ཚུགས་པའི་གོ་སྐབས་འདུག་ཟེར་ ཨིན་པའི་གནས་ཚུལ།                                  

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment