གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་བརྒྱུད་འཕྲིན་ཚད་ཀྱིས་ ཁ་རྗེའི་གསོལ་རས་ཚུ་ གསལ་སྟོན་འབད་ཡོདཔ།

༢༦/༢/༢༠༡༣   ༉ ཁ་ཙ་ འབྲུག་བརྒྱུད་འཕྲིན་ཚད་ཀྱི་ ཞལ་འཛོམས་ཁང་ནང་སྦེ་ སྤྱི་ཟླ་༢ པའི་ཚེས་༢༡ ཚུན་ བི་མོ་བཱ་ཡེལ་ ལག་ལེན་འཐབ་མིའི་ ཨང་གྲངས་ཚུ་ ཏམ་བུ་ལ་ ལག་ལེན་འཐབ་ཐོག་ལས་ ཁ་རྗེའི་གསོལ་རས་ གསལ་སྟོན་འབད་བའི་སྐབས་ རྒྱལ་ཁ་ཐོབ་མི་ ཨང་གྲངས་ཚུ་ལུ་ གསོལ་རས་འབོར་ཆེ་ཏོག་ཏོ་སྦེ་ བྱིན་ནི་ཨིན་པས།
ཁ་རྗེའི་འགྲུལ་འཕྲིན་ཨང་ བཏོན་པའི་བསྒང་།


སྤྱོད་འཐུས་ཤུལ་སྤྲོད་འབད་མི་ལས་ ཨང་དང་པ་ འགྲུལ་འཕྲིན་ཨང་༡༧༡༦༤༥༢༡ ཐོན་མི་དེ་ལུ་ གསོལ་རས་དངུལ་ཀྲམ་༢༥,༠༠༠ དང་གཅིག་ཁར་ ཟླཝ་༡ གི་རིང་ རིན་མེད་སྟོང་པར་སྦེ་ གློག་རིག་ཡོངས་འབྲེལ་ ལག་ལེན་འཐབ་བཅུག་ནི་ཨིན་པས།
ཨང་༢ པ་ཐོན་མི་ འགྲུལ་འཕྲིན་ཨང་༡༧༢༥༩༢༥༩ ལུ་ གསོལ་རས་དངུལ་ཀྲམ་༡༥,༠༠༠ དང་ ཨང་༣ པ་ཐོན་མི་ འགྲུལ་འཕྲིན་ཨང་༡༦༤༧༡༡༦༡ ལུ་ དངུལ་ཀྲམ་༡༠,༠༠༠ དེ་ལས་ སེམས་གསོའི་གསོལ་རས་ འགྲུལ་འཕྲིན་ཨང་༡༧༤༨༡༨༥༥ དང་༡༧༡༦༥༡༩༧ དེ་ལས་༡༧༨༦༨༥༩༨ ཐོན་མི་ཚུ་ལུ་ གསོལ་རས་དངུལ་ཀྲམ་༥,༠༠༠ རེ་ བྱིན་ནི་ཨིན་པས།
དེ་བཟུམ་སྦེ་ སྤྱོད་འཐུས་སྔོན་སྤྲོད་འབད་མི་ལས་ ཨང་དང་པ་ འགྲུལ་འཕྲིན་ཨང་༡༧༢༤༩༠༧༥ ཐོན་མི་དེ་ལུ་ གསོལ་རས་དངུལ་ཀྲམ་༢༡,༠༠༠ དང་གཅིག་ཁར་ ཨི་ལོཌ་དངུལ་ཀྲམ་༤,༠༠༠ བྱིན་ནི་ཨིན་པས།
ཨང་༢ པ་ཐོན་མི་ འགྲུལ་འཕྲིན་ཨང་༡༧༣༨༧༡༧༧ དེ་ལུ་ དངུལ་ཀྲམ་༡༣,༠༠༠ དང་ ཨི་ལོཌ་དངུལ་ཀྲམ་༢,༠༠༠ བྱིན་ནི་ཨིནམ་བཞིན་དུ་ ཨང་༣ པ་ འགྲུལ་འཕྲིན་ཨང་༡༧༢༦༦༢༡༩ ཐོན་མི་ལུ་ དངུལ་ཀྲམ་༩,༠༠༠ དང་ ཨི་ལོཌ་དངུལ་ཀྲམ་༡,༠༠༠ བྱིན་ནི་ཨིན་པས།
དེ་ལས་ སེམས་གསོའི་གསོལ་རས་དངུལ་ཀྲམ་༤,༥༠༠ དང་ ཨི་ལོཌ་དངུལ་ཀྲམ་༥༠༠ འབད་མི་དེ་ མི་ངོ་༡༠ ལུ་ བྱིན་ནི་ཨིནམ་ད་ འགྲུལ་འཕྲིན་ཨང་༡༧༣༢༤༩༩༧ དང་༡༦༩༣༢༠༥༧, ༡༧༦༩༣༤༣༤, ༡༧༣༢༣༤༡༧, ༡༧༥༤༤༦༩༨, ༡༧༧༠༨༥༡༥, ༡༧༤༦༦༣༤༩, ༡༧༧༡༢༤༥༥, ༡༧༦༥༥༢༠༦, དེ་ལས་༡༧༤༡༠༢༥༧ ཚུ་ཨིན་པས།
འབྲུག་བརྒྱུད་འཕྲིན་ཚད་ཀྱི་ ཚོང་ལས་སྡེ་ཚན་གྱི་ ཡོངས་ཁྱབ་འཛིན་སྐྱོང་པ་ དེའུ་ ཀུ་མར་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ དེ་བཟུམ་མའི་ གསོལ་རས་འབོར་ཆེ་ཏོག་ཏོ་སྦེ་ བྱིན་མི་དེ་ འགོ་དང་པ་ཨིན་ཟེར་ཨིནམ་ད་ དེ་སྦེ་ བྱིན་དགོ་མི་དེ་ཡང་ འབྲུག་བརྒྱུད་འཕྲིན་གྱི་ ཞབས་ཏོག་ལག་ལེན་འཐབ་མི་ ཚོང་མགྲོན་པ་ཚུ་ བདག་འཛིན་འཐབ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
འབྲུག་བརྒྱུད་འཕྲིན་གྱི་ཞབས་ཏོག་ཚུ་ རྒེད་འོག་༢༠༥ ཆ་མཉམ་ནང་ ཁྱབ་ཡོདཔ་བཞིན་དུ་ ད་ལྟོ་ རྒྱལ་ཁབ་ནང་ འབྲུག་བརྒྱུད་འཕྲིན་གྱི་ ཞབས་ཏོག་ལག་ལེན་འཐབ་མི་༣༨༠,༠༠༠ དེ་ཅིག་ ཡོད་ཟེར་ཨིན་པས།
འབྲུག་བརྒྱུད་འཕྲིན་གྱིས་ བི་མོ་བཱ་ཡེལ་འགྲུལ་འཕྲིན་གྱི་ ཞབས་ཏོག་དེ་ སྤྱི་ལོ་༢༠༠༣ ལུ་ འགོ་བཙུགས་ཡོདཔ་བཞིན་དུ་ དུས་ཅི་འབདཝ་ད་ ལོ་ངོ་༡༠ ལང་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment