གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གྲོང་གསེབ་བསྐྱིན་འགྲུལ་ ཚེ་སྲོག་ཉེན་སྲུང་འགོ་བཙུགས་ཡོདཔ།

༥/༢/༢༠༡༣   ༉ གྲོང་གསེབ་གཡུས་སྒོའི་མི་སེར་ཚུ་གིས་ འབྲུག་གོང་འཕེལ་དངུལ་ཁང་ཚད་འཛིན་ནང་ལས་ བསྐྱིན་འགྲུལ་ལེན་ཞིནམ་ལས་ བསྐྱིན་ཚབ་བཏབ་མ་ཚར་བའི་སྔ་གོང་ལས་ ཤི་རྐྱེན་བྱུང་ནི་དང་ ཡང་ཅིན་ དབང་པོ་ལུ་ཐོ་ཕོག་པའི་ ཚ་གྱང་ཡོད་པ་ཅིན་ ད་ལས་ཕར་ རང་གི་བསྐྱིན་འགྲུལ་ཚུ་ ཉེན་བཅོལ་འབད་ནིའི་ གདམ་ཁ་ཡོདཔ་ཨིན་པས།


གྲོང་གསེབ་བསྐྱིན་འགྲུལ་ཚེ་སྲོག་ཉེན་སྲུང་ཟེར་མི་ ལམ་ལུགས་དེ་ཡང་ གྲོང་གསེབ་མི་སེར་ཚུ་ལུ་ གྲོགས་རམ་འབད་ནིའི་དོན་ལུ་ འབྲུག་གོང་འཕེལ་དངུལ་ཁང་དང་ རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གཉིས་ མཉམ་འབྲེལ་ཐོག་ལས་ སྤྱི་ཟླ་༡ པའི་ཚེས་༣༡ ལུ་ འབྲུག་གོང་འཕེལ་དངུལ་ཁང་ གཞི་བཙུགས་འབད་དེ་ ལོ་ངོ་༢༥ འཁོར་བའི་ དུས་སྟོན་རྟེན་འབྲེལ་བརྩི་སྲུང་དང་འབྲེལ་ འགོ་བཙུགས་ཡོདཔ་ཨིན་པས།
རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མི་གཅིག་གིས་ བསྐྱིན་འགྲུལ་དངུལ་ཀྲམ་༡༠༠,༠༠༠ ལེནམ་འདྲཝ་ཅིག་འབད་བ་ཅིན་ མི་དེ་གིས་ ལོ་བསྟར་བཞིན་དུ་ ཉེན་བཅོལ་བཙུགས་རིམ་ དངུལ་ཀྲམ་༢༥༥ རེ་ བཙུགས་དགོཔ་ད་ གྲོང་གསེབ་བསྐྱིན་འགྲུལ་དེ་ཡང་ སྐྱེལ་ལོ་༡༨ ལས་༦༠ འི་བར་ན་ འབད་མི་ཚུ་གིས་ འཐོབ་ཨིན་པས།
བསྐྱིན་འགྲུལ་ལེན་མིའི་མི་དེ་ ག་དེམ་ཅིག་སྦེ་ ཤི་ནི་དང་ ཡང་ན་ དབང་པོ་ལུ་ ཐོ་ཕོག་མཆིསཝ་འདྲཝ་འབད་བ་ཅིན་ གྲོང་གསེབ་བསྐྱིན་འགྲུལ་ ཚེ་སྲོག་ཉེན་བཅོལ་འབད་མི་ལུ་བརྟེན་ རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱིས་ འབྲུག་གོང་འཕེལ་དངུལ་ཁང་ལུ་ བསྐྱིན་འགྲུལ་ཚུ་ ལོག་བཏབ་ནི་ཨིན་ཟེར་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
འབྲུག་གོང་འཕེལ་དངུལ་ཁང་ལས་ བསྐྱིན་འགྲུལ་ལེན་མི་ཚུ་ལུ་ གལ་སྲིད་ ཤི་རྐྱེན་བྱུང་རུང་ ལམ་ལུགས་དེ་ལུ་བརྟེན་ ད་ལས་ཕར་ བསྐྱིན་འགྲུལ་ལོག་མ་འཐོབ་པའི་ ཚ་གྱང་མེད་ཟེར་ འཆར་གཞི་དང་ ཐབས་བྱུས་སྡེ་ཚན་ལས་ ལས་འཛིན་གྱི་ འཛིན་སྐྱོང་འགོ་དཔོན་འོག་མ་ སྐལ་བཟང་དབང་མོ་གིས་ སླབ་ཨིན་པས།
གྲོང་གསེབ་བསྐྱིན་འགྲུལ་ཚེ་སྲོག་ཉེན་སྲུང་གི་ བསྐྱིན་ཚབ་སྤྲོད་ནིའི་ལོ་ཚད་དེ་ ལོ་༡ ལས་༡༠ ཚུན་གྱི་བར་ན་ཨིནམ་ད་ བསྐྱིན་འགྲུལ་གྱི་ཚད་གཞི་དེ་ཡང་ དངུལ་ཀྲམ་༡༠,༠༠༠ ལས་༡༠༠,༠༠༠ ཚུན་ འཐོབ་ནི་ཨིན་པས།
འབྲུག་གོང་འཕེལ་དངུལ་ཁང་གི་ བསྐྱིན་འགྲུལ་དེ་ དངུལ་ཁང་ལས་ ཡིག་ཆ་ག་ར་འཐོབ་པའི་ཤུལ་ལུ་ རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱིས་ བལྟ་ཞིབ་འབད་ཞིནམ་ལས་ བདུན་ཕྲག་༡ གི་ནང་འཁོད་ལུ་ འཐོབ་ཚུགས་ནི་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment