གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་དབང་མཆོག་ལུ་ གུས་བཏུད།

༢༢/༢/༢༠༡༣   ༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དགུང་ལོ་༣༣ བཞེས་པའི་ འཁྲུངས་སྐར་དུས་ཆེན་འདི་ འབྲུག་རྒྱལ་ཁབ་ཀྱི་ ས་གནས་མཐའ་དབུས་མེད་པར་ བརྩི་སྲུང་ཞུ་ཡོདཔ་བཞིན་དུ་ རྒྱལ་ས་ལྟེ་བ་ལུ་ ཐིམ་ཕུ་ཁྲོམ་སྡེའི་ སློབ་ཕྲུག་སྟོང་ཕྲག་ལས་བཅད་མི་ཚུ་གུས་ དུས་སྟོན་བརྩི་སྲུང་ཞུ་ཡི།
ཐིམ་ཕུའི་ སློབ་གྲྭ་ཁག་གི་ སློབ་ཕྲུག་ཚུ་གིས་ རུ་སྒྲིག་ཐོག་ལས་ བློན་ཆེན་མཆོག་ལུ་ སྟི་སྭ་ཞུ་བའི་བསྒང་།


འཁྲུངས་སྐར་དུས་ཆེན་སྐབས་ སྐུ་མགྲོན་གཙོ་བོ་ བློན་ཆེན་འཇིགས་མེད་འཕྲིན་ལས་མཆོག་གིས་ མི་དབང་མཆོག་གི་ འཁྲུངས་སྐར་དུས་སྟོན་རྩིས་སྲུང་ག་ཅི་སྦེ་ ཞུཝ་ཨིན་ན་དང་ རྒྱལ་བརྒྱུད་རིང་ལུགས་ དབུ་བརྙེས་ཞིནམ་ལས་ཚུར་ རྒྱལ་ཁབ་ནང་ ཞི་བདེ་དང་ དགའ་སྐྱིད་བྱུང་ཡོད་པའི་སྐོར་ལས་ གསལ་བཤད་གནང་ཡི།
མི་དབང་མཆོག་ གསེར་ཁྲིར་ཕེབས་ཏེ་ ལོ་གངམ་མ་ལང་རུང་ དུས་ཡུན་ཆུང་ཀུ་ཅིག་ནང་ར་ མི་སེར་གྱི་ བདེ་སྐྱིད་དང་ སྐྱིད་སྡུག་ཚུ་ ཐུགས་ཁར་བསྣམ་ཞིནམ་ལས་ ཕྱག་ལཱ་རྣམ་པ་སྣ་ཚོགས་མཛད་གནང་ཡོདཔ་མ་ཚད་ རྒྱལ་ཁབ་ཀྱི་ སྲུང་སྐྱོབ་དོན་ལུ་ དྲག་ཁག་གསུམ་སྒྲིང་སྒྲིང་བཟོ་གནང་ཟེར་ གསུངས་ཡི།
དེ་མ་ཚད་ རྒྱལ་ཁབ་ནང་ དམངས་གཙོའི་རིང་ལུགས་དབུ་འཛུགས་གནང་པའི་ཤུལ་ལུ་ འཆར་གཞི་དང་ལས་རིམ་ དེ་ལས་ ཕྱག་ལཱ་ཚུ་ ལེགས་ཤོམ་སྦེ་ བྱུང་ཚུགས་མི་དེ་ མི་དབང་མངའ་ཞབས་མཆོག་ལས་ ཐུགས་རིག་རྣམ་པར་བཀྲ་བའི་ ཞལ་བཀོད་དང་ ལམ་སྟོན་གནང་མི་ལུ་བརྟེན་ཨིནམ་ལས་ ང་བཅས་ག་ར་གིས་ མི་དབང་མཆོག་ རྒྱལ་ཁབ་ཀྱི་ སྐུ་སྲོག་ཨིནམ་ མནོ་ཤེས་བསམ་ཤེས་ ཡིད་ཆེས་ སྐུ་དྲིན་བསམ་ཤེས་ཐོག་ལས་ བསོད་ནམས་ལས་གྲུབ་པའི་ ནོར་བུ་དེ་ སྐུ་ལུ་བར་ཆད་འབྱུང་མི་བཅུག་ནི་དང་ གསུང་ལུ་ སྒྲིབ་ཁྱབ་མ་བཅུག་ ཐུགས་ལུ་ སྡུག་བསྔལ་ནམ་ཡང་ འཁོར་མ་བཅུག་པར་ སྐུ་ཚེ་ཞབས་པད་བརྟན་ཏེ་ བཞུགས་བཅུག་ཅི་ཟེར་ སྨོན་ལམ་བཏབ་དགོ་ཟེར་ བློན་ཆེན་མཆོག་གིས་ གསུངས་ཡོད་པའི་གནས་ཚུལ།

No comments:

Post a Comment