གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དཔྱད་ཡིག་དག་པ་ཅིག་ལུ་ རྩོད་འགྲན་འབད་དགོཔ་བྱུང་ཡོདཔ།

༩/༢/༢༠༡༣   ༉ གནམ་ལོ་ཆུ་ཕོ་འབྲུག་ལོ་ལུ་ གལ་གནད་ཅན་གྱི་རྩོད་བསྡུར་ མངམ་མ་ཐོན་རུང་ ལོ་དེ་ནང་ སྤྱི་ཚོགས་ཀྱི་ཞལ་འཛོམས་ཀྱི་སྐབས་ དཔྱད་ཡིག་དག་པ་ཅིག་གི་སྐོར་ལས་ གསུང་གྲོས་གནངམ་ད་ རྩོད་འགྲན་འབད་དགོཔ་བྱུང་ཡོདཔ་ཨིན།


སྤྲོ་བ་གློག་བརྙན་ཁང་གི་ས་ཆ་དང་ སྤྱི་ཚོགས་ཀྱི་ ཐོབ་དབང་འཕྲི་སྣོན་དཔྱད་ཡིག་ དེ་ལས་ རྒྱལ་དར་དཔྱད་ཡིག་ཚུ་ རྩོད་འགྲན་བྱུང་མི་ དཔྱད་ཡིག་ཚུ་གི་གྲས་ལས་ དག་པ་ཅིག་ཨིན་པས།
དེ་བཟུམ་སྦེ་ ཁྲལ་གྱི་དཔྱད་ཡིག་གུ་ གསུང་གྲོས་གནང་མི་དང་འབྲེལ་ སྣུམ་འཁོར་གྱི་ཁྲལ་ཚུ་ བསྐྱར་བཟོ་འབད་དགོ་པའི་ གནད་དོན་ཐོན་ཡོདཔ་ད་ དེ་ལུ་ གྲོས་འཆམ་བྱུང་མ་ཚུགས་པའི་ གནད་དོན་ ག་ཅི་ཡང་ མ་ཐོནམ་ཨིན་རུང་ ཆ་འཇོག་གནང་མི་དང་འཁྲིལ་ མགུ་མཐོམ་ བྱུང་ཡོདཔ་ཨིན།
དཔྱད་ཡིག་ལ་ལུ་ཅིག་ གསུང་གྲོས་གནང་སྡོད་པའི་བར་ན་ ཕྱིར་བཏོན་འབད་ཡོདཔ་ད་ དེ་ཡང་ དང་པ་ར་ ས་ཆའི་དཔྱད་ཡིག་གུ་ རྒྱལ་ཡོངས་ཚོགས་འདུག་གིས་ བསྒྱུར་བཅོས་དུམ་གྲ་རེ་ བཟོ་ཡོདཔ་ཨིན་རུང་ དེ་ལུ་ བརྡ་བརྒྱུད་དང་ ཡོངས་འབྲེལ་ཐོག་ལུ་ གྲོས་བསྟུན་སྦོམ་བྱུང་བའི་ཁར་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ ས་ཆ་བདག་དབང་གི་ ཚད་གཞི་བཟོ་དགོ་པའི་ ཐུགས་འཆར་གྱི་བཀའ་ཤོག་འཕེབས་ལས་ དུས་ཅི་གི་ སྤྱི་ཚོགས་གསར་པའི་ནང་ གསུངས་གྲོས་གནང་ནི་སྦེ་ བཞག་ཡི།
དེ་བཟུམ་སྦེ་ རྒྱལ་ཡོངས་ཚོགས་སྡེ་གིས་ སྤྱི་ཚོགས་ཐོབ་དབང་དཔྱད་ཡིག་ལུ་ འཕྲི་སྣོན་སྦེ་བཙུགས་ཡོདཔ་ཨིན་རུང་ རྒྱལ་ཡོངས་ཚོགས་སྡེ་གིས་ དཔྱད་ཡིག་དེ་ནང་ ཁྲིམས་ལུགས་དང་ བྱ་སྒོ་ཚུ་དང་འཁྲིལ་ཏེ་ མ་བཟོ་བས་ཟེར་སླབ་ཡོདཔ་ཨིན།
དེ་ལས་ རྒྱལ་དར་གྱི་དཔྱད་ཡིག་དེ་ཡང་ ཁྲིམས་ལུགས་དང་ བྱ་སྒོ་ཚུ་ ཚུལ་མཐུན་སྦེ་ མ་བཟོ་བས་ཟེར་སླབ་སྟེ་ རྒྱལ་ཡོངས་ཚོགས་འདུ་གིས་ ཆ་མེད་བཏང་ཡོདཔ་ཨིན་རུང་ ཚོགས་སྡེ་གིས་ སྒེར་གྱི་དཔྱད་ཡིག་དང་པ་ཨིན་མི་དེ་ སྤྱི་ཚོགས་ཐེངས་མཇུག་དེ་ནང་ ལྷན་བཞུགས་ཐོག་ གསུང་གྲོས་གནང་ཚུགས་པའི་ རེ་བ་བསྐྱེད་དེ་བཞག་ཡི།
ཚོགས་ཐེངས་ཀྱི་སྐབས་ སྤྲོ་བ་གློག་བརྙན་ཁང་གི་སྐོར་ལས་ཡང་ གསུང་གྲོས་གནང་ཡོདཔ་ད་ གྲོས་འཆམ་མ་བྱུང་བའི་གནད་དོན་དེ་ སེལ་ཐབས་འབད་ནིའི་དོན་ལུ་ ས་ཆ་དེ་ ད་ལྟོ་གླ་ཁར་ལེན་མི་ལུ་ བཙོང་ནིའི་ གདམ་ཁ་གིས་བརྩིས་པའི་ གཞན་ཡང་གདམ་ཁ་དག་པ་ཅིག་ ཕུལ་ཡོདཔ་ཨིན་རུང་ གནད་དོན་དེ་ ག་དེ་སྦེ་འབད་ནི་ཨིན་ན་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱིས་ གྲོས་ཐག་བཅད་དགོཔ་སྦེ་བཞག་ཡི།
ཚོགས་ཐེངས་དེ་ནང་ སྣུམ་འཁོར་གྱི་ཁྲལ་ཚུ་ ཡར་སེང་འབད་མི་ལུ་བརྟེན་ སྣུམ་འཁོར་ཉོ་འདྲེན་འབད་ནིའི་ འཆར་གཞི་ཡོད་མི་ ལེ་ཤ་ཅིག་ར་ སེམས་མ་དགའ་བར་ ལུས་ཡོདཔ་ད་ དེ་ཡང་ སྣུམ་འཁོར་གྱི་ཁྲལ་ཚུ་ རྒྱལ་ཡོངས་ཚོགས་སྡེ་གིས་ ཡར་སེང་འབད་དེ་ དཔྱད་ཡིག་ཆ་འཇོག་ གནང་མི་ལུ་བརྟེན་ཏེ་ཨིན།
ཚོགས་ཐེངས་དེ་ནང་ ཤེས་རིག་གྲོང་ཁྱེར་དཔྱད་ཡིག་དང་ འབྲུག་རྒྱལ་པོའི་ རྒུད་གསོ་མ་དངུལ་དཔྱད་ཡིག་༢ ཆ་འཇོག་གནང་ཡོད་པའི་གནས་ཚུལ།

No comments:

Post a Comment