གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྫོང་ཁག་བདག་སྐྱོང་སྤོ་བཤུད་ཀྱི་དོན་ལུ་ བརྟག་ཞིབ་འབད་ནི།

༥/༡༢/༢༠༡༢   ༉ ན་ཧིང་ བསམ་གྲུབ་ལྗོངས་མཁར་གྱི་ཁྲོམ་དེ་ ཁྲོམ་སྡེ་ཀ་པའི་ནང་ དབྱེ་ཁག་ནང་བཙུགས་པའི་ཤུལ་ལུ་ ཁྲོམ་དཔོན་གྱི་ ཡིག་ཚང་ཅིག་ཡང་ ཁྲོམ་ཁར་ གཞི་བཙུགས་འབད་ཡོདཔ་ལས་ རྫོང་ཁག་བདག་སྐྱོང་གི་ ཡིག་ཚང་དེ་ ཁྲོམ་ཁར་མེན་པར་ ས་གནས་གཞན་མི་ཅིག་ནང་ ག་ཅི་སྦེ་ སྤོ་བཤུད་འབད་མ་བཏུབ་ཨིན་ནའི་སྐོར་ལས་ དྲི་བཀོད་ཚུ་འབད་དོ་ཡོདཔ་ཨིན་པས།

སྤོ་བཤུད་འབད་ནིའི་དོན་ལུ་ འོས་འབབ་བརྟག་ཞིབ་འབད་བའི་བསྒང་ཡོད་མི་ བསམ་གྲུབ་ལྗོངས་མཁར་རྫོང་།

རྫོང་ཁག་ཚོགས་འདུ་དང་ ཁྲོམ་སྡེའི་ཚོགས་འདུ་ནང་ རྫོང་ཁག་བདག་སྐྱོང་སྤོ་བཤུད་འབད་ནིའི་དོན་ལུ་ གྲོས་བསྡུར་ཚར་ལེ་ཤ་ཅིག་ར་ འབད་བའི་ཤུལ་ལུ་ སྤོ་བཤུད་འབད་ནི་ལུ་ འོས་འབབ་ཡོད་མེད་ བལྟ་ནི་གི་དོན་ལུ་ ཚོགས་ཆུང་ཅིག་ བཟོ་ཡོདཔ་ཨིན་པས།
ཚོགས་ཆུང་དེ་ནང་ ལས་ཁུངས་ཁག་གི་འགོ་དཔོན་ཚུ་ ཡོདཔ་ད་དེ་ཡང་ རྫོང་བདག་དང་ ཁྲོམ་དཔོན་ དྲང་དཔོན་ ནགས་ཚལ་ལས་ཁུངས་ཀྱི་འགོ་དཔོན་དང་ བདེ་བ་ཐང་དང་ ཕུན་ཚོགས་ཐང་  གླང་ཅན་ཕུག་རྒེད་འོག་གི་ རྒཔོ་ཚུ་ཡོདཔ་ཨིན་པས།
རྫོང་ཁག་བདག་སྐྱོང་ སྤོ་བཤུད་འབད་ནིའི་ འོང་འབབ་བརྟག་དཔྱད་དེ་ འགོ་དཔོན་ཚུ་གིས་ འཕྲལ་མགྱོགས་ར་ འགོ་བཙུགས་ནི་ཨིནམ་བཞིན་དུ་ ཚོགས་པའི་འགན་ཁུར་ངོ་མ་དེ་ སྤོ་བཤུད་འབད་སའི་ས་ཁོངས་ ངོས་འཛིན་འབད་ནི་མེན་པར་ རྫོང་ཁག་བདག་སྐྱོང་ སྤོ་བཤུད་འབད་ནི་གི་ འོས་འབབ་ཡོད་མེད་བལྟ་ནིའི་དོན་ལུ་ཨིན་ཟེར་ རྫོང་ཁག་ལས་ ཀརྨ་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ རྫོང་ཁག་བདག་སྐྱོང་ སྤོ་བཤུད་འབད་ནི་ཟེར་སླབ་པའི་སྐབས་ལུ་ རྫོང་རྐྱངམ་གཅིག་མེན་པར་ རྫོང་ཁག་ཁྲིམས་འདུན་ གྲྭ་ཚང་ དེ་ལས་ རྫོང་ཁག་གི་སྡེ་ཚན་ཚུ་ག་ར་ ཅིག་ཁར་འགྱོ་དགོ་ཟེར་ཨིན་པས།
གལ་སྲིད་ག་དེམ་ཅིག་སྦེ་ སྤོ་བཤུད་འབད་དགོཔ་ ངེས་བདེན་སྦེ་ར་ཐོན་སོ་རུང་ རྫོང་སྤོ་བཤུད་འབད་མི་དང་གཅིག་ཁར་ ལུང་ཕྱོགས་ལས་ཁུངས་ཀྱི་ ཡིག་ཚང་ ག་ཅི་ར་སྤོ་དགོཔ་ཨིན་ན་ཚུ་ཡང་ དབྱེ་དཔྱད་འབད་ནི་ཟེར་ཨིན་པས།
ལུང་ཕྱོགས་སྡེ་ཚན་ དཔེར་ན་ ཚོང་འབྲེལ་ལས་ཁུངས་ ལཱ་གཡོག་ དེ་ལས་ ཕྱི་མི་ནང་སྐྱོད་སྡེ་ཚན་ཚུ་ ཡན་ལག་ཡིག་ཚང་སྦེ་ བཞག་ནི་ཨིན་ན་ཚུ་ཡང་ བལྟ་དགོ་པས་ཟེར་ཨིན་པས།
ཁྲོམ་སྡེའི་འགོ་དཔོན་ཚུ་གིས་འབད་རུང་ དབང་འཛིན་༢ ས་གནས་གཅིག་ནང་ དགོཔ་མིན་འདུག་ཟེར་ཨིནམ་ད་ རྫོང་ཁག་བདག་སྐྱོང་གི་ ཡིག་ཚང་དེ་ བསམ་གྲུབ་ཆོས་གླིང་ དྲུང་ཁག་ནང་ སྤོ་བཤུད་འབད་དཔ་འདྲཝ་ཅིག་འབད་བ་ཅིན་ འོས་འབབ་དང་ ལྡན་ཏོག་ཏོ་འོང་ནི་མས་ཟེར་ ཁྲོམ་སྡེའི་འཐུས་མི་ཚུ་གི་ རྒྱབ་སྣོན་འབད་ཡོདཔ་ཨིན་པས།
བསམ་གྲུབ་ཆོས་གླིང་དྲུང་ཁག་དེ་ རྒེད་འོག་༤ གི་སྦོ་ལོགས་ཁར་ཡོདཔ་མ་ཚད་ བསམ་རང་ ཌའི་ཕམ་གྱི་ མགྱོགས་ལམ་མཇུག་བསྡུ་བའི་བསྒང་ལས་ གཞན་མི་རྒེད་འོག་ ལའུ་རི་དང་ གསེར་ཐི་ དེ་ལས་ གླང་ཅན་ཕུག་ཚུ་ཡང་ སྦོ་ལོགས་ཁར་ཨིན་ཟེར་ཨིན་པས།
རྫོང་ཁག་ཚོགས་འདུའི་ དྲུང་ཆེན་གོངམ་གིས་ འབད་བ་ཅིན་ འོས་འབབ་ཡོད་མེད་ཀྱི་ བརྟག་དཔྱད་འབད་བའི་ཤུལ་ལུ་ རྫོང་ཁག་བདག་སྐྱོང་དེ་ ད་ལྟོ་ཡོད་མིའི་ ས་ཁོངས་ནང་ལུ་ བཞག་ཞིནམ་ལས་ རྒྱ་བསྐྱེད་འབད་འོང་ཟེར་ཨིན་པས།
ཁྲོམ་སྡེའི་ ས་ཁོངས་ཨེ་ཀར་༦༤༣ ཡོད་མིའི་ནང་ རྫོང་ཁག་བདག་སྐྱོང་གི་ ས་ཆ་ཨེ་ཀར་༣ དེ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།


ཡེ་ཤེས་སྒྲོལ་མ།

No comments:

Post a Comment