གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མཐའ་བཅད་འགྲན་བསྡུར་ སྤྱི་ཟླ་༡༢ པའི་ཚེས་༢༢ ལུ།

༡༠/༡༢/༢༠༡༢   ༉ བདུན་ཕྲག་གསུམ་ལྷགཔ་ཅིག་གི་རིང་ རང་ལུགས་མདའ་རྩེད་ཚོགས་སྡེ་གིས་ འགོ་འདྲེན་འཐབ་མི་ རང་ལུགས་སྤག་ཤིང་མདའ་གཞུའི་ཐོག་ལས་ ལོ་བསྟར་འབྲུག་དབང་རྒྱལ་མདའ་རྩེད་ཀྱི་ མཐའ་བཅད་རྩེད་འགྲན་ནང་ ལྷོད་ཡོདཔ་ཨིན་པས།


དེ་ཡང་ སྤྱི་ཟླ་༡༡ པའི་ཚེས་༡༧ ལས་ འགོ་བཙུགས་ཏེ་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ འབའ་སྐྱོར་ནང་སྦེ་ བཅའ་མར་གཏོགས་མི་ སྡེ་ཚན་༡༩ གི་བར་ན་ རྩེད་འགྲན་འབད་ཡོདཔ་བཞིན་དུ་ མཐའ་བཅད་འོག་མའི་ རྩེད་འགྲན་དེ་ སྤྱི་ཟླ་༡༢ པའི་ཚེས་༦ ལས་༩ ཚུན་ སྡེ་ཚན་༤ གི་བར་ན་ རྩེད་འགྲན་འབད་ཡོདཔ་ཨིན་པས།
ཐིམ་ཕུ་མཉམ་རོགས་སྡེ་ཚན་གྱིས་ འབྲུག་གློག་མེ་ལས་འཛིན་ལས་ རྒྱལ་ཁ་ཐོབ་ཡོདཔ་ད་ དབའེ་ཆ་རོགས་སྡེ་ཚན་དེ་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱིས་ ཕམ་བཏང་ཡོདཔ་ལས་ རྒྱལ་ཁ་ཐོབ་མི་ སྡེ་ཚན་གཉིས་ཀྱི་བར་ན་ སྤྱི་ལོ་༢༠༡༢ ལོའི་ འབྲུག་དབང་རྒྱལ་རྒྱལ་ཡོངས་མདའ་རྩེད་འགྲན་བསྡུར་ནང་ལས་ དྲག་ཤོས་ཀྱི་ མིང་གཏམ་འཐོབ་ནིའི་དོན་ལུ་ རྒྱལ་ཁ་ཐོབ་མི་སྡེ་ཚན་གཉིས་ཀྱི་བར་ན་ སྤྱི་ཟླ་༡༢ པའི་ཚེས་༢༢ དང་༢༣ ལུ་ རྩེ་ནི་ཨིན་པས།
མ་གཞི་ སྡེ་ཚན་གཉིས་ཀྱི་བར་ན་ མཐའ་བཅད་འགྲན་བསྡུར་དེ་ སྤྱི་ཟླ་༡༢ པའི་ཚེས་༡༥ དང་༡༦ ལུ་ རྩེ་ནི་ཨིན་རུང་ རྒྱལ་ཡོངས་དུས་ཆེན་གྱི་ཉིནམ་ བརྩི་སྲུང་ཞུ་ནིའི་དོན་ལུ་ བཅའ་སྒྲིག་ཚུ་ རྐྱབ་པའི་བསྒང་ཡོད་ནི་དེ་གིས་ ཕར་ཕུད་རྐྱབ་སྟེ་ སྤྱི་ཟླ་༡༢ པའི་ཚེས་༢༢ དང་༢༣ ལུ་ བཟོ་ཡོད་པའི་གནས་ཚུལ།



བཀྲིས་ཕུན་ཚོགས།

No comments:

Post a Comment