དེ་ཡང་ བདུན་ཕྲག་སྐབས་ དྲོ་པའི་ཆུ་ཚོད་༡༠ ལས་༡༢ ཚུན་ འཐུས་དངུལ་ཀྲམ་༢,༠༠༠ དང་ ཉིན་མའི་ཆུ་ཚོད་༡༢ ལས་༥ ཚུན་ དངུལ་ཀྲམ་༢,༥༠༠ དེ་ལས་ ཕྱི་རུའི་ཆུ་ཚོད་༥ ལས་༩ ཚུན་ དངུལ་ཀྲམ་༣,༥༠༠ སྤྲོད་དགོཔ་ཨིན་པས།
གཟའ་ཉི་མ་དང་ ཟླ་བ་ དེ་ལས་ གཞུང་གི་ངལ་གསོའི་སྐབས་ དྲོ་པའི་ཆུ་ཚོད་༧ ལས་ ཕྱི་རུ་ཆུ་ཚོད་༥ ཚུན་ འཐུས་དངུལ་ཀྲམ་༣,༥༠༠ དང་ ཕྱི་རུའི་ཆུ་ཚོད་༥ ལས་༩ ཚུན་ དངུལ་ཀྲམ་༤,༥༠༠ སྤྲོད་དགོཔ་ཨིན་པས།
འབྲུག་ཕུཊ་བཱོལ་ཚོགས་སྡེའི་ ཡོངས་ཁྱབ་དྲུང་ཆེན་ ཨྱོན་དབང་ཕྱུག་གིས་ སླབ་མིའི་ནང་ འཐུས་དུམ་གྲ་རེ་ ལེན་དགོ་མི་དེ་ཡང་ ལོ་༨ ཀྱི་ཤུལ་ལས་ ད་རུང་ གྱིབ་ཀྱི་རྩྭ་གདན་གསརཔ་ མཁོ་བསྒྲུབ་འབད་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
ད་ཚུན་ སྡེ་ཚན་༨ དེ་ཅིག་གིས་ འཐུས་སྤྲོད་དེ་ ཕུཊ་བཱོལ་རྩེད་འགྲན་འབད་ཡོདཔ་ད་ ད་རུང་ མཁོ་མངགས་འབད་མི་ ལེ་ཤ་ཐོན་ཏེ་ཡོད་ཟེར་ ཡོངས་ཁྱབ་དྲུང་ཆེན་གྱིས་ སླབ་ཨིན་པས།
རྒྱལ་ཡོངས་ཀོ་ཀ་ཀོ་ལ་ལིག་རྩེད་འགྲན་ འགོ་བཙུགས་ཡོད་མིའི་ནང་ ནངས་པ་ གཟིམ་སྒྲ་དང་ ཨྱོན་རིག་པའི་འབྱུང་གནས་༢ ཀྱི་བར་ན་ རྩེད་འགྲན་འབད་ནི་ཨིན་པས།
ཕུན་ཚོགས་གླིང་དང་ ཡིད་འཛིན་སྡེ་ཚན་༢ ཀྱི་ རྩེད་འགྲན་དེ་ ཕུན་ཚོགས་གླིང་ཕུཊ་བཱོལ་རྩེད་ཐང་ནང་དང་ བསམ་རྩེ་དང་ འབྲུག་པཱོལ་སྡེ་ཚན་༢ ཀྱི་ རྩེད་འགྲན་དེ་ བསམ་རྩེ་ཕུཊ་བཱོལ་རྩེད་ཐང་ནང་སྦེ་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།
No comments:
Post a Comment