གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གླ་འཐུས་མཐོ་དྲགས་པའི་ཉོགས་བཤད།

ཚོང་མགྲོན་པ་ཉུང་སུ་ཅིག་ལས་ འོང་ནི་མེད་པའི་ དགེ་ལེགས་ཕུག་གི་ སྣུམ་འཁོར་བཅོ་ཁང་།
༣/༡༢/༡༢། ༉ ད་རེས་ནངས་པ་ དགེ་ལེགས་ཕུག་ཁྲོམ་སྡེ་གིས་ ཁྲོམ་གྱི་འོག་ལུ་ཡོད་པའི་ བཟོ་གྲྭ་འཕྲུལ་ཁང་གི་དོན་ལུ་ ངོས་འཛིན་འབད་ཡོད་པའི་ ས་ཁོངས་ནང་ འཆར་གཞི་ཚུ་བརྩམས་ཚར་ཡོད་རུང་ ད་ལྟོ་ ཚད་གཞི་དང་ རང་བཞིན་གནས་སྟངས་དང་འབྲེལ་བའི་ ལམ་སྟོན་ཚུ་ བཟོ་བའི་བསྒང་ཡོདཔ་ཨིན་པས།

དེ་ཚུ་ གྲ་སྒྲིག་འགྱོ་བའི་བསྒང་ལས་ ད་ལྟོ་ བཟོ་གྲྭའི་ཞབས་ཏོག་ལྟེ་བ་ཚུ་ སྤོ་བཤུད་འབད་དགོཔ་ད་ ཞབས་ཏོག་ལྟེ་བ་གཞི་བཙུགས་འབད་ནིའི་ དང་འདོད་ཅན་ཚུ་གིས་ ས་ཁོངས་གསརཔ་ནང་ གནས་སྤོ་སོར་འབད་དགོ་ནི་ཨིན་པས།


བཟོ་གྲྭའི་འཕྲུལ་ཁང་ས་ཁོངས་དེ་ དགེ་ལེགས་ཕུག་ཁྲོམ་གྱི་ སྣུམ་འཁོར་སྒོར་ལམ་ལས་ གསར་སྤང་ལུ་བལྟ་སྟེ་ གནམ་ཐང་གི་མཐའམ་ཚུན་ཨིནམ་ད་ ཀི་ལོ་མི་ཊར་ཕྱེད་དང་༢ ལྷགཔ་ཅིག་གི་ ས་ཁོངས་རྒྱ་བསྐྱེད་ནང་ ས་ཆ་ཨེ་ཀར་༡༨.༤༤ འབད་མི་ བསྟན་སྲུང་ཕན་བདེ་ལས་འགུལ་རྩིས་ཏེ་ ས་ཆ་ཨེ་ཀར་༡༢༡ ཡོདཔ་ད་ ལས་འགུལ་མ་རྩིས་བར་ ས་གོ་གཞན་ཚུ་ དང་འདོད་ཡོད་མི་ཚུ་ལུ་ གླ་ཁར་གཏང་ནི་ཨིན་པས།

ད་ཚུན་ ཞབས་ཏོག་ལྟེ་བའི་ ས་གོ་གི་དོན་ལུ་ མི་གྲངས་༥༨ ཀྱིས་ ཁྲོམ་སྡེ་ཡིག་ཚང་ནང་ ཞུ་ཡིག་བཙུགས་ཡོདཔ་ཨིན་པས།


ཡི་གུ་བཙུགས་མི་ཚུ་གི་གྲས་ལས་༢༠ གིས་ སྣུམ་འཁོར་བཅོ་ཁང་ གཞི་བཙུགས་འབད་ནིའི་དོན་ལུ་དང་༧ གྱིས་ སྣུམ་འཁོར་ཚོན་གཏང་ནི་༣ གྱིས་ སོ་ནམ་ལུ་བརྟེན་པའི་བཟོ་གྲྭ་འཕྲུལ་ཁང་༣ བཟོ་སྐྲུན་འཕྲུལ་ཆས་བཅོ་ཁང་གི་དོན་ལུ་དང་ ད་རུང་ མི་གྲངས་༥ གིས་ ཅ་ཆས་མཛོད་ཁང་ གཞི་བཙུགས་འབད་ནི་ཨིན་པས།


མི་ངོ་༡ གིས་ རྒྱང་མཐོང་ཊི་བི་གི་ཞབས་ཏོག་དང་༡ གིས་སྨན་ཚོང་ཁང་ འབྲུག་གི་དངུལ་ཁང་གིས་ དངུལ་འབྲེལ་ཞབས་ཏོག་དང་ འབྲུག་ཨོ་ལིམ་པིག་ཚོགས་པ་གིས་ ཀི་རི་ཀེཊི་རྩེད་ཐང་བཟོ་ནིའི་དོན་ལུ་ ས་ཆ་ཨེ་ཀར་༡༠ དེ་ཅིག་དགོ་པའི་ ཡི་གུ་བཙུགས་མི་ཚུ་ཨིན་པས།


དགེ་ལེགས་ཕུག་ཁྲོམ་སྡེའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ས་ཁོངས་དེ་ནང་ གནམ་ཐང་གི་ཉེ་འདབས་ལུ་ དང་འདོད་ཡོད་མི་ཚུ་ལུ་ བཟའ་ཁང་བཙུགས་ནིའི་དོན་ལུ་ ས་ཚན་དང་ མི་མང་གི་ འཐུང་ཆུ་དང་ བཙོག་ཆུའི་སྦྲེལ་མཐུད་ གློ་བུར་བརྒྱུད་འཕྲིན་ལ་སོགས་པ་ཡོད་པའི་ ཁྲོམ་སྡེའི་ཞབས་ཏོག་ལྟེ་བ་ དེ་ལས་ བཟོ་གྲྭ་འཕྲུལ་ཁང་གི་ ས་ཁོངས་ནང་ལཱ་འབད་མི་ འོང་འབབ་ཉུང་ཤོས་ཐོབ་མི་ཚུའི་སྡོད་ཁྱིམ་ དེ་ལས་ སྤྲོ་སེང་གི་ ཞབས་ཏོག་ཚུ་གི་དོན་ལུ་ ས་གོ་ཚུ་ བཞག་ཡོདཔ་ཨིན་པས།


དང་འདོད་ཡོད་མི་ཚུ་ གྲ་སྒྲིག་འགྱོ་བའི་བསྒང་ལས་ ས་ཁོངས་གསརཔ་ནང་ གཞི་སྤོ་དགོཔ་ ངེས་བདེན་ཨིནམ་བཞིན་དུ་ ས་ཁོངས་དེ་ནང་ལས་ ས་གོ་དགོ་པའི་ཡི་གུ་བཙུགས་མི་ཚུ་ འཕྲལ་ཁམས་ཀྱི་ གསལ་བསྒྲགས་འབད་མི་ སའི་རིན་གོང་ ཕིཊི་གྲུ་༤ རེ་ལུ་ དངུལ་ཀྲམ་༤༢ རེ་འབད་མི་དེ་ལུ་ བསམ་པ་མ་རྫོགས་པར་ཡོདཔ་ཨིན་པས།


ས་གོ་དགོས་འདོད་ཡོད་མི་༥༨ ཀྱི་གྲས་ལས་ ད་ལྟོ་ སྣུམ་འཁོར་ཚོན་གཏང་ནིའི་ ཞབས་ཏོག་བཙུགས་ཡོད་མི་ ཨར་བི་ གུ་རུང་གིས་ སླབ་མིའི་ནང་ ད་རེས་ གཞུང་གིས་ བཟོ་གྲྭ་འཕྲུལ་ཁང་ཚུ་གི་དོན་ལུ་ ཚད་གཞི་བཟོ་མི་གླ་འཐུས་དེ་ ཁོང་གི་ འོས་འབབ་དང་མི་ལྡན་པས་ཟེར་ཨིན་པས།


ཁོ་གིས་ སླབ་མིའི་ནང་ ད་ལྟོ་ཁོ་ར་ ཚོན་གཏང་ནིའི་ཞབས་ཏོག་ཡོད་སར་ སྒེར་གྱི་སའི་ཇོ་བདག་ལུ་ ཟླ་རིམ་བཞིན་དུ་ ས་རིན་དངུལ་ཀྲམ་༣༠༠༠ རེ་ བྱིན་དགོ་མི་དེ་ཡང་ ལཱ་ཁག་རྐྱབ་དོ་ཡོད་རུང་ རིན་གོང་སྦོམ་དེམ་ཅི་སྤྲོད་དེ་ ག་དེ་སྦེ་ འཚོ་སྐྱོང་འཐབ་ནི་ཟེར་ཨིན་པས།


ཁོ་གིས་ སླབ་མིའི་ནང་ ད་ལྟོའི་ཉམས་མྱོང་ནང་ ཚོན་གཏང་ནིའི་ཞབས་ཏོག་ལུ་བརྟེན་ ཁེ་སང་སྦོམ་མེད་མི་དེ་ཡང་ དེ་ནང་ ཚོང་མགྲོན་པ་ལེ་ཤ་མེད་པའི་ཁར་ གལ་སྲིད་དུམ་གྲ་ཅིག་འཐུས་ཚུ་ མཐོ་སུ་རྐྱབ་པ་ཅིན་ མི་ཚུ་གིས་ ཕུན་ཚོགས་གླིང་ཇའི་སྒང་ལུ་ འགྱོ་ནི་གི་ གདམ་ཁ་རྐྱབ་མས་ཟེར་ཨིན་པས།


དེ་བཟུམ་སྦེ་ འཆི་མེད་རྡོ་རྗེ་དང་ ཁོ་གི་ཆ་རོགས་༢ ཀྱིས་འབད་བ་ཅིན་ འདས་པའི་ལོ་ངོ་༡ དེ་ཅིག་གི་ ཧེ་མ་ལས་ར་ བཟོ་གྲྭ་འཕྲུལ་ཁང་གི་ ས་ཁོངས་ནང་ལས་ བསྟན་རྒྱས་ལྷན་ཁག་ལས་ ཕིཊི་གྲུ་༤ རེ་ལུ་ གླ་འཐུས་དངུལ་ཀྲམ་༣ རེ་སྦེ་ ཌིས་༧༠ དང་ ཨེ་ཀར་༡ གི་བར་ན་འབད་མི་ ས་ཚན་རེ་ ལེན་ཡོདཔ་ཨིན་པས།


དེ་བཞིན་དུ་ འཆི་མེད་རྡོ་རྗེ་གིས་ ཁྱིམ་ཚུ་རྐྱབ་སྟེ་ སྤོས་བཟོ་ཁང་ གཞི་བཙུགས་འབད་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ ཁོ་ར་ འཕྲུལ་ཆས་དང་ ཁྱིམ་གྱི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་འབུམ་༢༠ དེ་ཅིག་ བཏང་པའི་ཤུལ་ལུ་ གཞུང་ལས་ ཕིཊ་གྲུ་༤ རེ་ལུ་ གླ་འཐུས་དངུལ་ཀྲམ་༤༢ རེ་ སླབ་མི་དེ་ འོས་འབབ་དང་མི་ལྡན་པས་ཟེར་ཨིནམ་ད་ གལ་སྲིད་ དེ་ལུ་གནས་དགོ་པ་ཅིན་ ཁོ་རའི་ཞབས་ཏོག་དེ་ ཆ་མེད་གཏང་ནི་ཨིན་ཟེར་ཨིན་པས།


ས་གོའི་དོན་ལུ་ ཡི་གུ་བཙུགས་མི་ཅིག་གིས་ སླབ་མིའི་ནང་ དགེ་ལེགས་ཕུག་ཁྲོམ་དེ་ ད་ལྟོ་ ཡར་རྒྱས་འགྱོ་ནི་འགོ་བཙུགས་ཡོདཔ་བཞིན་དུ་ གཞན་གོང་འཕེལ་འགྱོ་ཚར་མི་ ཕུན་ཚོགས་གླིང་དང་ ཐིམ་ཕུ་བཟུམ་དང་གཅིག་ཁར་ དོ་འགྲན་འབད་མི་ཚུགས་ཟེར་ཨིན་པས།


དགེ་ལེགས་ཕུག་ཁྲོམ་དཔོན་རྣམ་རྒྱལ་གྱིས་ སླབ་མིའི་ནང་ གནད་དོན་དེ་གི་སྐོར་ལས་ ཁྲོམ་སྡེའི་ཚོགས་སྡེ་ནང་ གསུང་གྲོས་ཞིབ་པར་གནང་པའི་ཤུལ་ལས་ རྒྱབ་སྣོན་ཚུ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་དང་ ཞབས་ཏོག་ལྷན་ཁག་ལུ་ བཏང་སྟེ་ཡོད་ཟེར་ཨིན་པས།


ཁོ་གིས་ སླབ་མིའི་ནང་ ཁྲོམ་སྡེའི་འགན་ཁུར་དེ་ ལག་ལེན་འཐབ་ནི་རྐྱངམ་གཅིག་མ་གཏོགས་ ཐག་བཅད་ནིའི་འགན་ཁུར་དེ་ ཆེ་མཐོ་ཅན་གྱི་ འབྲེལ་ཡོད་དབང་འཛིན་ཚུ་ལུ་ཨིནམ་ལས་ ད་ལྟོ་ གནང་བ་ལུ་ སྒུག་སྟེ་ཡོད་ཟེར་ཨིན་པའི་གནས་ཚུལ།


དགེ་ལེགས་ཕུག་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment