གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞལམ་སྒང་ཁྲོམ་ཁར་ འཐུང་ཆུ་མ་ལང་པའི་དཀའ་ངལ།

༡༠/༡༢/༢༠༡༢   ༉ གཞལམ་སྒང་ཁྲོམ་ཁར་ འཐུང་ཆུ་མེད་པའི་དཀའ་ངལ་ལུ་བརྟེན་ བཟའ་ཁང་ཚུ་ལུ་ དཀའ་ངལ་སྦོམ་སྦེ་ར་ བྱུང་དོ་ཡོདཔ་ཨིན་པས།
གཞལམ་སྒང་ཁྲོམ་ཁར་ འཐུང་ཆུ་མ་ལང་པའི་དཀའ་ངལ་དེ་ ལོ་བསྟར་བཞིན་དུ་ བྱུང་དོ་ཡོད་པའི་ནང་ལས་ གནམ་དགུན་གྱི་དུས་ཚོད་ལུ་ སྐྱོ་དྲགས་སྦེ་ར་ བྱུང་དོ་ཡོདཔ་ཨིན་པས།



པདྨ་སྒྲོལ་མ་བཟང་ཁང་ལས་ བསོད་ནམས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ མོ་གི་བཟའ་ཁང་ནང་ ཞག་ཉལ་ས་དང་ བཟའ་ས་༢ ཆ་ར་ ཡོད་མི་ལུ་བརྟེན་ འཐུང་ཆུ་དཀོན་པའི་སྐབས་ལུ་ བཞེས་སྒོ་འབད་ནིའི་དོན་ལུ་ ཆུ་མ་ལང་པའི་ཁར་ ཐ་ན་ ཚོང་མགྲོན་པ་ཚུ་ཡང་ གཟུགས་འཁྱུ་ནིའི་ཆུ་ ཐོབ་མ་ཚུགས་པར་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ཁྲོམ་གྱི་ས་ཁོངས་ནང་ ཆུ་རྩ་ལས་མེད་པར་ བདུན་ཕྲག་ལང་དོ་ཡོདཔ་ལས་ ད་རེས་སྐབས་ཅིག་ གནམ་དྲོ་པ་ལས་ར་ སྣུམ་འཁོར་བདའ་སྟེ་ ཀི་ལོ་མི་ཊར་༥ དེ་ཅིག་ལུ་ མ་ཎི་དུང་འཁོར་ཡོད་ས་ལས་ ཆུ་དབོག་པར་ འགྱོ་དོ་ཟེར་ཨིན་པས།
ཆུ་ལེན་པར་འགྱོ་བའི་སྐབས་ ཉིནམ་རེ་ལུ་ གྱིབ་དམ་༦ དང་༧ དེ་ཅིག་འབག་སྟེ་ ཚར་༢ མ་འགྱོ་བ་ཅིན་ ལང་མི་ཚུགས་པས་ཟེར་ཨིན་པས།
གཞལམ་སྒང་ཁྲོམ་ཁར་ ག་དེམ་ཅིག་སྦེ་ ཆུ་མ་ལང་པའི་དཀའ་ངལ་དེ་ དེ་སྦེ་ར་ ཐོན་སྡོད་པ་ཅིན་ དམིགས་བསལ་དུ་ བཟའ་ཁང་ཚུ་གི་ ཚོང་འབྲེལ་ལུ་ ཐོ་སྦོམ་ར་རྐྱབ་ནི་ཨིནམ་མ་ཚད་ ཐ་ན་ རང་འཐུང་ནི་གི་ཆུ་ཡང་ འཐོབ་ཚུགས་པར་ ལཱ་ཁག་རྐྱབ་ནི་མས་ཟེར་ བསོད་ནམས་ཀྱིས་ སླབ་ཨིན་པས།
ད་རུང་ གཞལམ་སྒང་འབྲིང་རིམ་སློབ་གྲྭ་གོང་མའི་ བུམོ་ཉལ་ཁང་གི་ ཆུ་ལམ་དེ་ཡང་ ཁྲོམ་སྡེའི་ ཆུ་ཨིནམ་ལས་ སློབ་ཕྲུག་བུམོ་ཚུ་ དྲོ་པ་ལས་ དཔེ་ཆ་ལྷབ་ནི་ཡང་ བཀོག་བཞག་སྟེ་ ཆུ་ལེན་པར་ འགྱོ་དགོཔ་ཐོན་དོ་ཡོདཔ་ཨིན་པས།
ད་ལྟོ་ ཉལ་ཁང་ནང་ སློབ་རིམ་༡༠ པ་དང་༡༢ པའི་ ཆོས་རྒྱུགས་རྐྱབ་སྡོད་མི་ བུམོ་༦༠ དེ་ཅིག་ ཡོདཔ་ཨིན་པས།
སློབ་ཕྲུག་བུམོ་ཚུ་གི་ དོ་དམ་གྱིས་འབད་བ་ཅིན་ ཆུ་མེད་པའི་སྐབས་ བུམོ་ཚུ་ལུ་ དཀའ་ངལ་སྦོམ་སྦེ་ར་ ཐོན་མི་ལུ་བརྟེན་ ཁྲོམ་སྡེ་ལས་འཛིན་གྱིས་འབད་རུང་ ལེགས་ཤོམ་སྦེ་ར་ ལྟ་རྟོག་འབད་དགོཔ་འདུག་ཟེར་ སླབ་ཨིན་པས།
ད་རུང་ བཟང་ཁང་ཅིག་གི་ཇོ་བདག་ སྐྱེས་ལོ་༤༤ ལང་མི་ ཕོ་སྐྱེས་ཅིག་གིས་ སླབ་མིའི་ནང་ རང་འཐུང་ནི་གི་ཆུ་ཡང་ ལང་མ་ཚུགས་པའི་བསྒང་ལས་ བཟའ་ཁང་གི་ ཚོང་འབྲེལ་དོན་ལུ་ བཞེས་སྒོ་འབད་ནི་དེ་ མནོ་བསམ་ར་ བཏང་མ་ཚུགས་ནི་དེ་གིས་ གནམ་དགུན་གྱི་ དུས་ཚོད་ལུ་ གྱོང་རྒུད་སྦོམ་སྦེ་ར་ ཕོགཔ་མས་ཟེར་ཨིན་པས།
ད་རེས་ནངས་པ་ ས་ཐག་རིང་ས་ལས་འོང་མི་ ལམ་འགྲུལཔ་ཚུ་ བཟའ་ཁང་ནང་ བཞེས་སྒོ་བཟའ་བར་འོངམ་ད་ བཟའ་ནི་ག་ཅི་ཡང་མེད་ཟེར་ སླབ་དགོ་པའི་དུས་ཚོད་ལུ་ ཐུག་སྟེ་ཡོད་ཟེར་ཨིན་པས།
ཀུན་གསལ་གྱིས་ གཞལམ་སྒང་ཁྲོམ་ཁར་ འཐུང་ཆུ་མ་ལང་པའི་སྐོར་ལས་ དྲི་བཀོད་འབད་ནིའི་དོན་ལུ་ ཁ་ཙ་ གཞལམ་སྒང་ཁྲོམ་སྡེ་ལས་འཛིན་གྱི་ འབྲེལ་ཡོད་འགོ་དཔོན་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ནི་གི་དཔའ་བཅམ་རུང་ ཕྱད་མ་ཚུགས་པར་ ལུས་ཡོད་པའི་གནས་ཚུལ།


 
ཡེ་ཤེས་སྒྲོལ་མ།

No comments:

Post a Comment