གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རོ་ཁྱི་གསོ་སྐྱོང་གིས་ ཉེ་འདབས་ཀྱི་མི་སེར་ཚུ་ལུ་ གནོད་ཉེན།

༡/༡༢/༢༠༡༢   ༉ ཐིམ་ཕུ་ལས་ ཀི་ལོ་མི་ཊར་དག་པ་ཅིག་གི་ས་གནས་ འོད་གསལ་སྤང་གི་གཡུས་ཚན་ནང་ ཕྱི་གླིངཔ་ཨམ་ཅིག་གིས་ རོ་ཁྱི་དང་ བྱི་ལི་ སྤྱ་ཚུ་གསོ་སྐྱོང་འབད་དོ་ཡོདཔ་ད་ སེམས་ཅན་ཚུ་ལུ་བརྟེན་ཏེ་ ས་ཁོངས་ཀྱི་ ཉེ་འདབས་ལུ་སྡོད་མི་ མི་སེར་ཚུ་ལུ་ གནོད་སྐྱོན་འབྱུང་དོ་ཡོད་པའི་ ཉོགས་བཤད་བཀོདཔ་ཨིན་པས།


དེ་འབདཝ་ལས་ ཐིམ་ཕུ་ལྕང་རྒེད་འོག་ འོད་གསལ་སྤང་གཡུས་མི་ཚུ་གིས་ རྒེད་འོག་རྒྱུད་དེ་ རྫོང་ཁག་ནང་ ཉོགས་བཤད་ཡི་གུ་ཚར་༢ བཙུགས་ཡོདཔ་བཞིན་དུ་ ཐིམ་ཕུ་རྫོང་རབ་ རྡོ་རྗེ་རྒྱལ་མཚན་གྱིས་ སླབ་མིའི་ནང་ འཕྲལ་འགྱོགས་ར་ ཚོགས་ཆུང་ཅིག་ གཞི་བཙུགས་འབད་ཞིནམ་ལས་ མི་སེར་ཚུ་གི་ ལོ་རྒྱུས་ལུ་ བདེན་ཁུངས་ག་དེ་སྦེ་འདུག་ག་ དབྱེ་དཔྱད་འབད་བར་ འགྱོ་ནི་ཟེར་ཨིན་པས།
ས་གནས་ཀྱི་མི་སེར་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཧེ་མ་ ས་གནས་དེ་ཁར་ སེམས་ཅན་གསོ་སྐྱོང་འཐབ་ས་ བཟོ་བའི་བསྒང་ཡང་ རྒེད་འོག་གི་རྒཔོ་དང་ ས་གནས་ཀྱི་ཚོགས་པ་དང་ མི་སེར་ཚུ་ལུ་ སྟབས་བདེ་སྡུག་གི་ གྲོས་བསྟུན་འབད་འབདཝ་མེད་ཟེར་ཨིནམ་ད་ སེམས་ཅན་གསོ་སྐྱོང་འབད་མི་ ཕྱི་གླིངཔ་ཨམ་ མེ་རི་ཡ་ནི་ཇུཡེ་ལིཊ་གིས་ སླབ་མིའི་ནང་ མོ་གིས་ སེམས་ཅན་གསོ་སྐྱོང་གི་ས་ཁོངས་ དེ་ གསར་སྦིས་ཐང་ལས་ འོད་གསལ་སྤང་ལུ་ སྤོ་བཤུད་མ་འབད་བའི་ཧེ་མར་ རྒེད་འོག་རྒཔོ་དང་གཅིག་ཁར་ ཁ་སླབ་ཅི་ཟེར་ཨིན་པས།
ཨིན་རུང་ རྒཔོ་གིས་སླབ་མིའི་ནང་ ཁོ་ལུ་ བསྟུན་གྲོས་མ་འབད་ཟེར་ཨིནམ་ད་ དེ་ཡང་ སེམས་ཅན་བཞག་སའི་ས་ཁོངས་དེ་ རང་དབང་ཡོད་པའི་ སྒེར་གྱི་ས་ཆ་ཅིག་ཨིནམ་མ་ཚད་ སེམས་ཅན་གསོ་སྐྱོང་འཐབ་མི་ཡང་ སྒེར་གྱི་འབད་ནི་དེ་གིས་ ཨིནམ་འོང་ཟེར་ཨིན་པས།
མི་སེར་ལ་ལུ་ཅིག་གིས་འབད་བ་ཅིན་ ས་གནས་ནང་ འདི་བཟུམ་སྦེ་ སེམས་ཅན་གསོ་སྐྱོང་འཐབ་སྟེ་ ཟླ་ངོ་དག་པ་ཅིག་ལས་བརྒལ་མ་ལང་རུང་ རོ་ཁྱི་ཚུ་གིས་ གླང་བསད་ཟ་ནི་དང་ ནོར་སོ་བཏབ་ནི་ལ་སོགས་པའི་ གནོད་སྐྱོན་ཚུ་འབྱུང་དོ་ཡོདཔ་ལས་ མ་འོངས་པ་ནང་ རོ་ཁྱི་གིས་ མི་ལུ་ཡང་ སོ་བཏབ་ནི་དང་ སྤྱ་ཤོར་སོ་པ་ཅིན་ ཨེ་པཱལ་ལུ་གནོད་པ་རྐྱབ་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།
རྒཔོ་གིས་སླབ་མིའི་ནང་ ཚོགས་པ་གིས་ ཁོ་ལུ་སྙན་ཞུ་འབད་མི་ལྟར་དུ་འབད་བ་ཅིན་ གླང་བསད་མི་རོ་ཁྱི་ཚུ་ ས་ཁོངས་དེ་ནང་གི་ རོ་ཁྱི་མིན་པར་ ས་གནས་ཁག་ལས་འོང་མིའི་ སྤྱང་ཁྱི་ཚུ་ཨིན་པའི་ ལོ་རྒྱུས་གོ་ཡི་ཟེར་ཨིནམ་ད་ ནོར་སོ་བཏབ་ད་ཡང་ རོ་ཁྱི་ཚུ་ ར་བ་གི་ཕྱི་ཁར་འོང་སྟེ་མིན་པར་ རོ་ཁྱི་ཚུ་བཞག་སའི་ ར་བ་བསྒོར་ཡོད་མིའི་ནང་ ནོར་འཛུལ་བའི་ཤུལ་ལུ་ རོ་ཁྱི་ཚུ་གིས་ སོ་བཏབ་ནུག་ཟེར་ཨིན་པས།
ད་རུང་ ས་གནས་ཀྱི་མི་སེར་ཚུ་གིས་སླབ་མིའི་ནང་ སེམས་ཅན་ཚུ་ བདག་འཛིན་ལེགས་ཤོམ་སྦེ་འཐབ་སྟེ་ མི་སེར་དང་ གཞན་སྒོ་ནོར་སེམས་ཅན་ལུ་ གནོད་པ་མེད་པ་ཅིན་ ལག་ལེན་དེ་མ་བཏུབ་མེད་རུང་ མ་འོངས་པ་ལུ་ རོ་ཁྱི་དང་ སྤྱ་གིས་ གནོད་པ་འོང་སྲིད་ནི་ཨིནམ་ལས་ སྟབས་མ་བདེཝ་རེ་འབྱུང་པ་ཅིན་ ཉེན་ཁག་གཞུང་གིས་འབག་ནི་ཨིན་ན་དང་ ཡང་ཅིན་ སའི་ཇོ་བདག་དང་ སེམས་ཅན་གསོ་སྐྱོང་འཐབ་མི་གིས་ འབག་ནི་ཨིན་ན་ ཤེས་དགོཔ་འདུག་ཟེར་ཨིན་པས།
འབྲུག་ལུ་ རོ་ཁྱིའི་ཨམ་ཟེར་ ཡོངས་གྲགས་སོང་མི་ ཕེ་རེནཆི་གི་ཨམ་ མེ་རི་ཡ་ནི་གིས་ སྤྱི་ལོ་༡༩༩༧ ལུ་ འབྲུག་ལུ་འོང་པའི་ཤུལ་ལུ་ རོ་ཁྱི་དང་ སྤྱ་ བྱི་ལི་ དེ་ལས་ སེམས་ཅན་གཞན་ ན་ཚ་ཕོག་མི་དང་ གཟུགས་སྒྲིང་སྒྲིང་མེད་མི་ཚུ་ གཅེས་སྐྱོང་དང་ གསོ་སྐྱོང་འབད་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༠༨ ལུ་ བྱམས་བརྩེ་ཅན་གྱི་ལཱ་འབད་བའི་ གསེར་གྱི་རྟགས་མ་ཡང་ ཐོབ་ཡོདཔ་ཨིན་པས།
ད་ལྟོ་ མོ་གིས་ འོད་གསལ་སྤང་ལུ་ རོ་ཁྱི་༡༠༠ དང་ སྤྱ་༢༠ དེ་ལས་ བྱི་ལི་༡༡ གསོ་སྐྱོང་འབད་དོ་ཡོདཔ་ད་ སློབ་ཕྲུག་༨ དེ་ཅིག་ལུ་ གནམ་དགུན་ལུ་ གནས་སྐབས་ཀྱི་ལཱ་གཡོག་བྱིན་ཏེ་ ཡོདཔ་ཨིན་པའི་གནས་ཚུལ།


ནོར་འཛིན་ལྷ་མོ།

No comments:

Post a Comment