གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་རིས་ རྒྱལ་ཡོངས་དུས་ཆེན་༡༠༥ པ་ བརྩི་སྲུང་ཞུ་ནི།

༡༧/༡༢/༢༠༡༢   ༉ ད་རིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཐིམ་ཕུ་ལྕང་གླིང་མི་ཐང་ནང་ མི་མང་དང་གཅིག་ཁར་ འབྲུག་གི་རྒྱལ་ཡོངས་དུས་ཆེན་ཐེངས་༡༠༥ པ་ བརྩི་སྲུང་གནང་ནི་ཨིན་པས།


དེ་ཡང་ འགོ་འདྲེན་པ་ ནང་སྲིད་དང་ སྲོལ་འཛིན་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ དུས་སྟོན་ཁྱད་པར་ཅན་དེ་ནང་ མི་དབང་མངའ་ཞབས་མཆོག་གིས་ རྒྱལ་ཡོངས་ལུ་ གསུང་བཤད་གནང་ནི་ཨིནམ་མ་ཚད་ རྒྱལ་ཁབ་དང་ མི་སེར་ལུ་ ཡུན་རིངམོ་སྦེ་ར་ ཁྱད་འཕགས་ཅན་ཐོག་ལུ་ ཕྱག་ཞུ་མི་ཚུ་ ངོས་འཛིན་གྱི་ རྟགས་མ་ཚུ་ཡང་ གནང་ནི་གི་ ལས་འཆར་ཡོད་ཟེར་ཨིན་པས།
དེ་མ་ཚད་ རང་ལུགས་ཀྱི་ ཞབས་ཁྲ་དང་ སྤྲོ་སྟོན་ལས་རིམ་ དེ་ལས་ རྩེད་སྟོན་ཚུ་ཡང་ འདྲ་མ་འདྲཝ་ལེ་ཤ་ཡོད་ཟེར་ ནང་སྲིད་དྲུང་ཆེན་ ཚེ་རིང་རྡོ་རྗེ་གིས་ བདུན་ཕྲག་ཧེ་མའི་ནང་ ཀུན་གསལ་ལུ་ སླབ་ཡོདཔ་ད་ དུས་སྟོན་བརྩི་སྲུང་གི་དོན་ལུ་ ལྕང་གླིང་མི་ཐང་ལུ་འོང་མི་ཚུ་ དྲོ་པའི་ཆུ་ཚོད་༧ ལས་འགོ་བཙུགས་ སྐྱེལ་འདྲེན་བཱསི་ཚུ་གིས་ རིན་མེད་སྟོང་པ་སྦེ་ སྐྱེལ་ལེན་འབད་ནི་ཨིན་པས།
ད་རུང་ མི་མང་ལུ་ རྒྱལ་ཡོངས་དུས་ཆེན་གྱི་ དྲན་རྟེན་ཚུ་ཡང་ བགོ་བཀྲམ་འབད་ནི་ཨིན་པས།
ཉེན་སྲུང་གི་ཐབས་ལམ།
རྒྱལ་ཡོངས་དུས་ཆེན་གྱི་སྐབས་ གནོད་ཉེན་དང་ བར་ཆད་ཚུ་ བཀག་ཐབས་ལུ་ སྤྱི་ཟླ་༡༢ པའི་ཚེས་༡༥ ལས་འགོ་བཙུགས་ དགེ་ལེགས་ཕུག་དང་ གསར་སྤང་གི་བར་ན་ གཞུང་ལམ་ཀི་ལོ་མི་ཊར་༣༢ བདའ་སྟེ་ ཕྱི་རུའི་ཆུ་ཚོད་༥.༣༠ ལས་ དྲོ་པའི་ཆུ་ཚོད་༦ ཚུན་ སྣུམ་འཁོར་ཚུ་ ཕར་ཚུར་འགྲོ་འགྲུལ་འབད་ནི་ བཀག་ཆ་འབད་དེ་ཡོདཔ་ཨིན་པས།
དུས་ཚོད་དེ་ཚུའི་ནང་ གནས་སྐབས་ཅིག་ རྒྱུན་འགྲུལ་བཀག་དམ་འབད་དགོ་མི་དེ་ཡང་ གཞུང་ལམ་བདའ་སྟེ་ ལམ་འགྲུལ་འབད་མི་ཚུ་ལུ་ གནོདཔ་བཀལ་ནི་དང་ བཙན་ཁྲིད་འབད་ནི་ཚུ་ལས་ བཀག་ཐབས་ལུ་ཨིན་ཟེར་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗོ་གིས་ སླབ་ཨིན་པས།
ནང་སྲིད་བློན་པོ་གིས་འབད་བ་ཅིན་ གཞུང་གི་ཆེ་མཐོ་འགོ་དཔོན་ཚུ་དང་ ཁྲིམས་བསྟར་སྤྱོད་འབད་མི་ ལས་སྡེ་ཚུ་དང་ གྲོས་བསྟུན་འབད་ཐོག་ལས་ གནས་སྐབས་ཅིག་ ལམ་འགྲུལ་འབད་ནི་ཚུ་ བཀག་དམ་འབད་ནི་སྦེ་ གྲོས་ཐག་བཅད་མི་དང་འཁྲིལ་ཨིན་ཟེར་ཨིན་པས།
མི་མང་གི་ ཁ་ཐུག་ལས་འབད་རུང་ སེམས་དྲན་པ་བཏོན་ཏེ་ སྡོད་དགོཔ་མ་ཚད་ ཁྲིམས་བདག་འཛིན་འཐབ་མི་ ལས་སྡེ་ཚུ་ལུ་ མཉམ་འབྲེལ་གང་དྲག་འབད་དགོཔ་དེ་ཡང་ གལ་ཆེ་ཟེར་ ནང་སྲིད་བློན་པོ་གིས་ བཤད་པའི་ཁར་ ས་གནས་དེ་ནང་ ཉེན་སྲུང་གི་གནས་སྟངས་ལེགས་ཤོམ་འགྱོ་ཞིནམ་ལས་ བཀག་དམ་མེདཔ་བཟོ་འོང་ཟེར་ སླབ་ཨིན་པས།
དགེ་ལེགས་ཕུག་དང་ གསར་སྤང་གི་བར་ན་ ཉེན་སྲུང་གི་དོན་ལུ་ རྒྱུན་འགྲུལ་བཀག་དམ་འབདནིའི་ ལམ་ལུགས་ལག་ལེན་འཐབ་མི་དེ་ ད་རིས་ ཐེངས་དང་པ་མེན་མི་དེ་ཡང་ དུས་ཅིའི་ལོ་སྔ་ཆ་ལུ་ སྣུམ་འཁོར་ཚུ་ ཕྱི་རུ་འགྲུལ་བསྐྱོད་འབད་མ་ཆོགཔ་ བཟོ་ཡོད་རུང་ ས་གནས་ཀྱི་ མི་ཚུ་གིས་ ཁོང་རའི་བྱ་སྟབས་བདེ་མེན་ཡོད་ལུགས་དང་བསྟུན་ ལམ་འགྲུལ་འབད་མི་བཅུག་པས་ཟེར་བའི་ ཉོགས་བཤད་བཀོད་པའི་ཤུལ་ལས་ ཨ་རྟག་ག་ཨིནམ་སྦེ་ འགྲོ་འགྲུལ་འབད་བཅུག་ཡོདཔ་ཨིན་པས།
དེ་འབདཝ་ད་ ཁྲིམས་ལུགས་དེ་ ལག་ལེན་འཐབ་མ་དགོཔ་བཟོ་སྟེ་ ཡུན་རིང་མ་སོངམ་ལས་ར་ སྤྱི་ཟླ་༡༠ པའི་ཚེས་༢༢ ཀྱི་ཕྱི་རུ་ གསར་སྤང་དང་ དགེ་ལེགས་ཕུག་གི་བར་ན་ ལམ་འགྲུལ་འབད་མི་ དེད་གཡོགཔ་ཅིག་ གར་སོང་མེད་པར་ ཉིན་གྲངས་༡༨ ཀྱི་རིང་ བྱང་སྟོར་ཤོར་བའི་ཤུལ་ལུ་ ད་རུང་ སྤྱི་ཟླ་༡༡ པའི་ཚེས་༡༦ ལུ་ དགའ་སྐྱིད་གླིང་རྒེད་འོག་ལས་ གཡུས་ཁའི་རྩིསཔ་ཅིག་ མི་ངན་སྡེ་ཚན་ཅིག་གིས་ བཙན་བཟུང་ཐོག་ ཁྱིད་སོང་ཡོདཔ་ཨིན་པས།
སྤྱི་ཟླ་༡༢ པའི་ཚེས་༡༣ གྱི་ནུབ་མོར་ གཞུང་ལམ་བདའ་སྟེ་ འགྲོ་འགྲུལ་འབད་མི་ གླ་འཁོར་དེད་གཡོགཔ་ཅིག་ལུ་ བུཚ་༥ གིས་ གནོདཔ་བཀལ་ཡོདཔ་ད་ དགེ་ལེགས་ཕུག་གི་ ཁྲིམས་སྲུང་འགག་པ་ལས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ བུཚ་༥ གིས་ ཁོ་གི་གླ་འཁོར་བཀག་ཞིནམ་ལས་ ཁོ་གི་ལགཔ་གུ་ གྱི་གསོབ་བྱིན་ཡོདཔ་ཨིན་རུང་ གནོདཔ་བཀལ་མི་ཚུ་ ག་ཨིན་ན་ ངོས་འཛིན་འབད་མ་ཚུགས་པས་ཟེར་ཨིན་པའི་གནས་ཚུལ།


རིག་འཛིན་དབང་ཕྱུག།

No comments:

Post a Comment