མདའ་ཡ་གི་ཚད་ ལང་མ་ལང་འཇལ་ལྟ་བའི་བསྒང་། |
དེ་ཡང་ སྤྱི་ཟླ་༡༢ པའི་ཚེས་༡ ལུ་ འབྲུག་གློག་མེ་ལས་འཛིན་གྱིས་ མཚོ་གཞི་རྒཔོ་སྡེ་ཚན་ལས་ རྒྱལ་ཁ་ཐོབ་ཡོདཔ་ད་ གཞན་མའི་སྡེ་ཚན་ནང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་དང་ གྲོགས་པོ་༡༣ སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ འབྲུག་སླར་འབྱུང་གློག་མེ་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
འབྲུག་གློག་མེ་ལས་འཛིན་གྱིས་ སྐུགས་དང་པ་ཆོད་པའི་སྐབས་ མཚོ་གཞི་རྒཔོ་སྡེ་ཚན་གྱིས་ སྐུགས་༡༨ དང་ གཞན་མིའི་སྐོར་ཐེངས་ནང་ སྐུགས་༢ ལས་བརྒལ་ ཐོབ་མ་ཚུགསཔ་ཨིན་པས།
དེ་བཟུམ་སྦེ་ གྲོགས་པོ་༡༣ གྱིས་ སྐུགས་དང་པ་ཆོད་པའི་སྐབས་ འབྲུག་སླར་འབྱུང་གློག་མེ་སྡེ་ཚན་གྱིས་ སྐུགས་༡༣ ཐོབ་ཡོད་རུང་ གཞན་མི་སྐུགས་༢ པ་དང་༣ པ་དེ་ འབྲུག་སླར་འབྱུང་སྡེ་ཚན་གྱིས་ ཆོད་པའི་སྐབས་ གྲོགས་པོ་༡༣ གྱིས་ སྐུགས་༧ ལས་བརྒལ་ ཐོབ་མ་ཚུགསཔ་ལས་ མཐའ་བཅད་འགྲན་བསྡུར་འོག་མའི་ནང་ དོ་འགྲན་འབད་བར་ ལྷོད་མ་ཚུགསཔ་ཨིན་པས།
དུས་ཅི་ འབྲུག་དབང་རྒྱལ་ མདའ་རྩེད་འགྲན་བསྡུར་ནང་ སྡེ་ཚན་༡༩ གིས་ བཅའ་མར་གཏོགས་ཡོདཔ་ད་ མཐའ་བཅད་ཀྱི་རྩེད་འགྲན་དེ་ སྤྱི་ཟླ་༡༢ པའི་ཚེས་༡༥ དང་༡༦ ལུ་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།
No comments:
Post a Comment