གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སང་ཕོད་ལས་ གནམ་གཤིས་འགྱུར་བགྲོད་གདོང་ལེན་ལུ་ ཞིབ་འཚོལ་ལས་འགུལ།

༥/༡༢/༢༠༡༢   ༉ རང་བཞིན་སླར་འབྱུང་ཐོན་སྐྱེད་ཞིབ་འཚོལ་ཚོགས་སྡེ་གིས་ ཇ་པཱན་གྱི་ ཆུ་བུ་གཙུག་ལག་སློབ་སྡེ་དང་མཉམ་འབྲེལ་ཐོག་ རང་བཞིན་སླར་འབྱུང་ཐོན་སྐྱེད་ལུ་ གནམ་གཤིས་འགྱུར་བགྲོད་ཀྱི་གནོད་པ་ལུ་ གདོང་ལེན་འབད་ཐབས་ལུ་ ཞིབ་འཚོལ་ལས་འགུལ་ཅིག་འགོ་འདྲེན་འཐབ་ནི་གི་ འཆར་འགོད་ཚུ་འབད་དོ་ཡོདཔ་ཨིན་པས།


ཞིབ་འཚོལ་ལས་འགུལ་གྱི་དོན་ལུ་ སྤུ་ན་གཙང་ཆུའི་ ཆུ་རྐའི་ས་ཁོངས་ཚུ་དང་ གསར་སྤང་ཆུ་ དེ་ལས་ མའུ་ཁོ་ལ་གི་ ཆུ་རྐའི་ས་ཁོངས་ཚུ་ ཞིབ་འཚོལ་གྱི་ ས་གོ་སྦེ་ངོས་འཛིན་འབད་ནུག།
ལས་འགུལ་གྱི་དམིགས་ཡུལ་དེ་ཡང་ སྐྱེ་ལྡན་རིགས་སྣའི་ཡུན་བརྟན་འཛིན་སྐྱོང་དང་ ཤེས་ཡོན་ཁྱབ་སྤེལ་ དེ་ལས་ རང་བཞིན་ཐོན་སྐྱེད་འཛིན་སྐྱོང་དང་ ཆུ་རྐ་འཛིན་སྐྱོང་གི་ལམ་ལུགས་གཅིག་སྒྲིལ་ཚུ་གི་ནང་ རྒྱལ་སྤྱིའི་མཉམ་འབྲེལ་འགོ་འདྲེན་འཐབ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ལས་འགུལ་དེ་གི་ཐོག་ལུ་ ལས་དོན་གཙོ་བོ་ར་ གནས་སྡུད་ཀྱི་བརྡ་དོན་བསྡུ་ལེན་ལུ་ ཡོངས་འབྲེལ་གནས་སྡུད་ལམ་ལུགས་གཞི་བཙུགས་འབད་ནི་དང་ ཡོངས་འབྲེལ་ཐོག་ ས་ཆའི་ལག་ལེན་ལྟ་རྟོག་གི་ ལམ་ལུགས་གཞི་བཙུགས་འབད་ནི་ རང་བཞིན་རྐྱེན་ངན་འཛིན་སྐྱོང་དང་ ཡོངས་འབྲེལ་ཐོག་གི་ ཚོང་འབྲེལ་ལམ་ལུགས་ གོང་འཕེལ་བཏང་ཐབས་འབད་ནི་ཚུ་གིས་མ་ཚད་ སྐྱེ་ལྡན་གནས་སྟངས་ནང་ རི་དྭགས་སེམས་ཅན་ཚུ་དང་ ལོ་ཐོག་དང་ སྒོ་ནོར་གནས་སྟངས་ཀྱི་འགྱུར་བ་ཚུ་ ལྟ་རྟོག་བཞག་ནིའི་ཐབས་ཤེས་ཚུ་ འབད་ནི་ཨིན་པས།
དེ་ལས་ གནམ་གཤིས་འགྱུར་བགྲོད་དང་འབྲེལ་བའི་ ཤེས་ཡོན་གོང་འཕེལ་གྱི་དོན་ལུ་ རྒྱལ་གཞུང་གཙུག་ལག་སློབ་སྡེ་དང་ རང་བཞིན་སླར་འབྱུང་ཐོན་སྐྱེད་མཐོ་རིམ་སློབ་གྲྭ་ཚུ་དང་ མཉམ་འབྲེལ་འབད་ནིའི་ལས་རིམ་ཚུ་ ཡོདཔ་ཨིན་པས།
ལས་འགུལ་དེ་གིས་ ས་གནས་ཀྱི་སོ་ནམ་ལག་ལེན་པ་ཚུ་དང་ སྲིད་བྱུས་བཟོ་མི་དང་ འཆར་གཞི་བརྩམ་མི་ཚུ་གི་དོན་ལུ་ གནམ་གཤིས་འགྱུར་བགྲོད་ཀྱི་གནས་སྟངས་ནང་མཁོ་བའི་ འཕྲུལ་ཆས་དང་ ལམ་སྟོན་གྱི་གདམ་ཁ་ཚུ་ མཁོ་སྤྲོད་འབད་ཚུགསཔ་འབད་ནིའི་ དམིགས་འཆར་ཨིན་པའི་ཁར་ ལས་འགུལ་དེ་ སང་ཕོད་ལས་ ལོ་ངོ་༥ གི་རིང་ལུ་ ལག་ལེན་འཐབ་ནི་ཨིན་པས།
ལས་འགུལ་དེ་དང་འབྲེལ་བའི་ ལས་རིམ་དང་ འཆར་འགོད་ཚུ་ ཆུ་བུ་གཙུག་ལག་སློབ་སྡེའི་མཁས་དབང་ ཌོག་ཊར་ཧི་རོ་མི་ཅི་ཕོ་ཀུ་གིས་ འགོ་འདྲེན་ཐོག་ལས་ སོ་ནམ་དང་ ནགས་ཚལ་ལྷན་ཁག་གི་ ཆེ་མཐོའི་འགོ་དཔོན་ཚུ་ལུ་ འདས་པའི་ཟླ་མཇུག་ལུ་ གསལ་བཤད་འབད་ཡོདཔ་ཨིན་པའི་གནས་ཚུལ།



 
བསམ་གཏན་ཡེ་ཤེས།

No comments:

Post a Comment