གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲོག་རིན་སྤྲོད་པའི་ཤུལ་ལས་ ལོག་བཏང་ཡོདཔ།

༧/༡༢/༢༠༡༢  ༉ སྤྱི་ཟླ་༡༡ པའི་ཚེས་༡༦ ལུ་ ས་མཚམས་ཕྱི་ཁའི་ མི་ངན་ཚུ་གིས་ གསར་སྤང་དགའ་སྐྱིད་གླིང་ལས་ བཙན་ཁྲིད་འབད་མི་ གཡུས་སྒོའི་རྩིསཔ་དེ་ ཁ་ཙ་ སྲོག་རིན་སྤྲོད་པའི་ཤུལ་ལས་ ལོག་བཏང་ཡོདཔ་ཨིན་པས།
ལྷུན་རྩེ་རྫོང་ཁག་ རྒྱ་རེད་རྒེད་འོག་ལས་ཨིན་མི་ ཕོ་སྐྱེས་དེ་ མི་ངན་ཚུ་གིས་ བཙན་ཁྲིད་འབད་དེ་ ཉིན་གྲངས་༡༩ ལང་ཡོདཔ་བཞིན་དུ་ གསར་སྤང་དགའ་སྐྱིད་གླིང་གཡུས་ཚན་ནང་ གཞི་བཅགས་ཏེ་ ལོ་༦ ལང་ཡོདཔ་ཨིན་པས།
སྲོག་རིན་ག་དེམ་ཅིག་ སྤྲོད་ཡོདཔ་ཨིན་ནའི་སྐོར་ལས་ གསར་སྤང་ཁྲིམས་སྲུང་འགག་པའི་ འགན་འཛིན་པ་གིས་ སླབ་མ་བཏུབ་མི་དེ་ཡང་ ད་ལྟོ་ ཞིབ་དཔྱད་ཚུ་ འབད་བའི་བསྒང་ ཡོད་ནི་དེ་གིས་ཨིན་པས།
ཨིན་རུང་ ནངས་པ་ལས་ གནས་ཚུལ་ཁ་གསལ་སྦེ་ བྱིན་ཚུགས་པའི་རེ་བ་ཡོད་ཟེར་ ཁོ་གིས་ སླབ་པའི་གནས་ཚུལ།



 
རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment