གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལཱ་གཡོག་འགྲེམས་སྟོན་གྱིས་ གཡོག་འཚོལ་ནི་ལུ་ ལྷན་ཐབས་འབད་ཚུགས་ནི།

༦/༡༢/༢༠༡༢    ༉ ནངས་པ་ ཐིམ་ཕུ་ན་གཞོན་དཔལ་རིའི་ཁང་ནང་སྦེ་ ལས་གཡོག་ལྷན་ཁག་གིས་ རྒྱལ་ཡོངས་ལཱ་གཡོག་འགྲེམས་སྟོན་འགོ་འདྲེན་འཐབ་ནི་ཨིན་མི་དེ་གིས་ ལཱ་གཡོག་འཚོལ་མི་ཚུ་ལུ་ གཡོག་འཚོལ་ནི་ལུ་ ལྷན་གྲོགས་འབད་ཚུགས་ནི་ཨིན་པས།


དེ་ཡང་ ལཱ་གཡོག་ལས་ཁུངས་ཀྱིས་ གསར་བཏོན་འབད་མི་དང་སྙན་ཞུ་དང་འཁྲིལཝ་ད་ རྒྱལ་ཡོངས་ལཱ་གཡོག་འགྲེམས་སྟོན་ཐེངས་༡༠ པའི་དམིགས་དོན་དེ་ ན་གཞོན་ཚུ་ལུ་ གོ་སྐབས་ལེགས་ཤོམ་སྤྲོད་ནིའི་ མནོ་དོན་འགྲུབ་ཚུགས་ཟེར་བའི་ བརྗོད་དོན་ཐོག་ལུ་ ཡོདཔ་ཨིན་པས།
འབྲུག་རྒྱལ་ཁབ་ནང་ ན་གཞོན་ཚུ་ལུ་ ལཱ་གཡོག་མ་འཐོབ་པའི་དཀའ་ངལ་དེ་ མཐོ་ཤོས་ཅིག་སྦེ་གནས་ཡོདཔ་བཞིན་དུ་ ལས་གཡོག་ལྷན་ཁག་གིས་ ལཱ་གཡོག་སྤྲོད་ནི་ལུ་ དོ་འགྲན་ཅན་ཅིག་ཨིནམ་ལས་ ད་རེས་ འགོ་འདྲེན་འཐབ་མི་ རྒྱལ་ཡོངས་འགྲེམས་སྟོན་དེ་གིས་ ཕན་ཐོགས་ཚུགས་པའི་ཁར་ ན་གཞོན་ལཱ་གཡོག་འཚོལ་བར་འོང་མི་ཚུ་ཡང་ ལཱ་གཡོག་གི་གོ་སྐབས་དང་བསྟུན་པའི་ ཤེས་ཡོན་དང་ རིག་རྩལ་ དེ་ལས་ ཤེས་ཚད་ཚུ་ ག་དེ་སྦེ་དགོཔ་ཨིན་ནའི་སྐོར་ལས་ ཤེས་ཚུགས་ཟེར་ཨིན་པས།
གསར་བཏོན་འབད་མི་སྙན་ཞུ་དང་འཁྲིལཝ་ད་ ལས་རིམ་འགོ་འདྲེན་འཐབ་དགོ་པའི་དམིགས་ཡུལ་གཙོ་བོ་ར་ ལཱ་གཡོག་འཚོལ་མི་དང་ ལཱ་གཡོག་སྤྲོད་མི་ཚུ་ མོས་མཐུན་ཐོག་ལས་ ཤེས་རྟོགས་འབྱུང་ཚུགསཔ་བཟོ་ནི་དང་ སྦྱོང་བརྡར་སྤེལ་ཁང་ཚུ་ལུ་ ལཱ་གཡོག་གི་གོ་སྐབས་སྤྲོད་ནི་ ཚོང་ལས་ཁང་གི་ ཐོན་སྐྱེད་ ཡར་དྲག་གཏང་ནི་ དེ་ལས་ ལཱ་གཡོག་འཐོབ་མི་ཚུ་གིས་འབད་རུང་ ཁོང་ལུ་རིག་རྩལ་དང་ ཤེས་ཡོན་ ལྕོགས་གྲུབ་ དེ་ལས་ ཉམས་མྱོང་ཚུ་ དགོ་པའི་གསལ་སྟོན་འབདཝ་ཨིན་པས།
འགྲེམས་བཏོན་ལས་རིམ་དེ་གིས་ སྒེར་སྡེའི་ཚོང་ལས་ཁང་ཚུ་ནང་དགོ་པའི་ ལཱ་གཡོག་འཚོལ་མི་ ན་གཞོན་ཚུ་གི་རྒྱུད་ལུ་ གཞི་རྟེན་ཤེས་ཡོན་དང་ མཐོ་རིམ་གཙུག་ལག་ནང་ལས་ ཤེས་ཚད་ཀྱི་རིག་རྩལ་ མ་འདྲཝ་ཡོད་མི་ཚུ་ འཐོབ་ཚུགས་ནིའི་དོན་ལུ་ ཨིན་པས།
དུས་ཅིའི་རྒྱལ་ཡོངས་འགྲེམས་སྟོན་ལས་རིམ་ནང་ སྒེར་གྱི་ཚོང་ལས་ཁང་༧༢ ཀྱིས་ བཅའ་མར་གཏོགས་ནི་ཨིནམ་ད་ དེ་ཡང་ རྒྱང་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཆོས་རྒྱུགས་གྲུབ་འབྲས་གསལ་སྟོན་འབད་མི་དང་འཁྲིལ་ ཨིནམ་བཞིན་དུ་ རྒྱལ་ཁབ་ནང་ ལཱ་གཡོག་འཚོལ་བར་འོང་མི་ ན་གཞོན་ལེ་ཤ་ འཛུལ་ཞུགས་འབདཝ་ད་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་གིས་ ལཱ་གཡོག་གི་གོ་སྐབས་འཐོབ་ཚུགས་ནི་ཨིནམ་མ་ཚད་ ན་གཞོན་ལཱ་གཡོག་མ་འཐོབ་པ་ ལུས་མི་ཚུ་གི་ དཀའ་ངལ་བསལ་ཐབས་ལུ་ ཨིན་ཟེར་ཨིན་པས།
དེ་དང་འདྲཝ་སྦེ་ ལས་གཡོག་ལྷན་ཁག་གིས་ འཕྲལ་ཁམས་ཅིག་ཁར་ ན་གཞོན་ཚུ་ ལཱ་གཡོག་འཚོལ་ནིའི་ ལམ་སྟོན་དཔེ་དེབ་གཅིག་ འགོ་འབྱེད་འབད་ཡོདཔ་ད་ དཔེ་དེབ་ནང་བཀོད་དོ་བཟུམ་འབད་བ་ཅིན་ འཆར་གཞི་༡༡ པ་ལས་ རྒྱལ་ཁབ་ནང་ མི་༡༤༠,༠༠༠ དེ་ཅིག་ལུ་ ལཱ་གཡོག་གི་གོ་སྐབས་གསརཔ་ སྤྲོད་ནིའི་འཆར་གཞི་དང་ལས་རིམ་ ལས་འགུལ་ཚུ་ཡོད་ཟེར་ཨིན་པས།
སྤྱིར་བཏང་རྒྱལ་ཁབ་ནང་ ལཱ་གཡོག་མ་འཐོབ་པའི་དཀའ་ངལ་དེ་ བརྒྱ་ཆ་ལས་༢.༡ ཡོདཔ་ཨིན་རུང་ ན་གཞོན་ལཱ་གཡོག་མ་འཐོབ་མི་དེ་ བརྒྱ་ཆ་༧.༣ ཡོདཔ་ལས་ རྒྱལ་སྤྱི་འཛམ་གླིང་རྒྱལ་ཁབ་ནང་ འབྲུག་རྒྱལ་ཁབ་དེ་ ལཱ་གཡོག་གི་གོ་སྐབས་སྤྲོད་མི་ ཨང་༥ པའི་གྲངས་སུ་ཚུད་ཡོད་ཟེར་ ཨིན་པས།
སྤྱི་ལོ་༢༠༡༢ ཀྱི་ ལས་གཡོག་ལྷན་ཁག་གི་ ལཱ་གཡོག་བརྟག་ཞིབ་སྙན་ཞུ་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ མི་རློབས་༧༣༠,༠༠༠ ཡོད་མིའི་གྲས་ལས་ ཨམ་སྲུ་༣༦༠,༠༠༠ དང་ ཕོ་སྐྱེས་༣༧༠,༠༠༠ ཡོདཔ་ད་ སྤྱིར་བཏང་རྒྱལ་ཁབ་ནང་ ལཱ་གཡོག་མ་འཐོབ་པར་སྡོད་མི་༦,༩༠༤ ཡོདཔ་སྦེ་ ཨིནམ་མ་ཚད་ སྤྱི་ལོ་༢༠༡༡ ལུ་ ལཱ་གཡོག་མེད་པའི་དཀའ་ངལ་དེ་ བརྒྱ་ཆ་༣.༡ ཡོད་རུང་ དུས་ཅི་བརྒྱ་ཆ་༢.༡ གུ་ མར་བབས་སོང་ཡོད་པའི་གསལ་བཀོད་འབདཝ་ཨིན་པས།
སྤྱི་ལོ་༢༠༡༢ ལུ་ སློབ་རིམ་༡༠ པ་དང་༡༢ པ་མཐར་འཁྱོལ་ཏེ་ ལཱ་གཡོག་འཚོལ་བར་འཛུལ་ཞུགས་འབད་མི་༡༠,༥༠༠ དང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་༣༠༠༠ དེ་ཅིག་ ལཱ་གཡོག་ནང་ འཛུལ་ཞུགས་འབད་ནི་ཨིན་པའི་གནས་ཚུལ།


 
བཀྲིས་ཕུན་ཚོགས།

No comments:

Post a Comment