གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་ཆའི་བདག་དབང་ག་ལུ་ཡོདཔ་ཨིན་ནའི་འཁྲུན་ཆོད་ ད་རིས་བཏོན་ནི།

༦/༡༢/༢༠༡༢    ཐོག་མའི་འཁྲུན་ཆོད་ལུ་ གཞི་འཛིན་འབད་བ་ཅིན་ གླ་འཁོར་བཞག་སའི་ ས་ཁོངས་སོ་སོ་ཅིག་ ངོས་འཛིན་འབད་དགོཔ་འཐོན་ནི།
༉ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་མི་ རྩོད་གཞི་ཚུ་གི་གྲས་ལས་ ཡུན་རིང་ཤོས་ཅིག་ཨིན་མི་ ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་དང་ བཀྲིས་ཚོང་འབྲེལ་གྱི་བར་ན་ རྩོད་བཤེར་འབད་མི་ ས་ཆ་བདག་དབང་གི་ འཁྲུན་ཆོད་དེ་ ད་རིས་བཏོན་ནི་ཨིན་པས།


དེ་ཡང་ ཐིམ་ཁྲོམ་ལུ་འཛུལ་སའི་ས་གོ་ནང་ཡོད་མི་ ད་ལྟོ་ གླ་འཁོར་བཞག་སའི་ ས་ཁོངས་ཀྱི་ བདག་དབང་སྐོར་ལས་ འགྲིགས་མ་ཚུགས་པར་ རྫོང་ཁག་ཁྲིམས་འདུན་ལུ་ རྩོད་བཤེར་འབད་དེ་ སྤྱི་ལོ་༢༠༠༧ ཟླཝ་༡༠ པའི་ཚེས་༣༠ ལུ་ བཀྲིས་ཚོང་འབྲེལ་སྡེ་ཚན་ལུ་ ཐོབ་དབང་ཡོདཔ་སྦེ་ འཁྲུན་ཆོད་གནང་མི་ལུ་བརྟེན་ ཁྲོམ་སྡེ་ལས་འཛིན་གྱིས་ ཁེ་རྒུད་མ་བཏུབ་པར་ ཆེ་མཐོ་ཁྲིམས་འདུན་ལུ་མཐོ་གཏུགས་འབད་དེ་ ལོ་༥ ལྷགཔ་ཅིག་ སོང་ཡོདཔ་ཨིན་པས།
ཁྲོམ་སྡེ་ལས་འཛིན་གྱི་ ཁ་ཐུག་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྩོད་བཤེར་འབད་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༠༨ ལུ་ ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་ཁྲི་༡ པ་དང་ ཡོངས་ཁྲི་གཉིས་ཆ་ར་གིས་ རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ གཞི་བཟུང་ཐོག་ ས་ཆའི་བདག་དབང་དེ་ བཀྲིས་ཚོང་འབྲེལ་ལུ་ཡོདཔ་སྦེ་ གྲོས་ཆོད་བཏོན་མི་དེ་ལུ་ ད་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་དེ་ བསམ་པ་མ་རྫོགས་པར་ ད་ལྟོ་ མངོན་མཐོ་ཁྲིམས་འདུན་གྱི་དྲང་དཔོན་ རིག་འཛིན་དཔལ་འབྱོར་དེ་ རྩོད་དཔོན་ཡོངས་ཁྱབ་སྦེ་ ཕྱག་ཞུ་བའི་སྐབས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ མཐོ་གཏུགས་ཞུ་ཡོདཔ་ཨིན་པས།
མཐོ་གཏུགས་ཞུ་དགོ་མིའི་ གཞི་དོན་དེ་ཡང་ ད་ལྟོའི་ གླ་འཁོར་བཞག་སའི་ ས་ཁོངས་དེ་ གཞུང་ས་ངེས་བདེན་ཨིན་རུང་ བཀྲིས་ཚོང་འབྲེལ་ལུ་ ས་ཆའི་བདག་དབང་ཡོདཔ་སྦེ་ འཁྲུན་ཆོད་གནང་མི་ལུ་ ཁེ་རྒུད་མ་བཏུབ་ནི་དེ་གིས་ཨིན་པས།
དེ་འབདཝ་ད་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ལོག་སྟེ་ར་ ཆེ་མཐོ་ཁྲིམས་འདུན་ལུ་གནང་སྟེ་ བསྐྱར་ཞིབ་འབད་དགོ་པའི་ བཀའ་རྒྱ་གནང་ནུག།
ད་རིས་ ཆེ་མཐོ་ཁྲིམས་འདུན་གྱིས་ ནན་བསྐྱར་དུ་ ཐོག་མའི་རྫོང་ཁག་ཁྲིམས་འདུན་གྱི་ གྲོས་ཆོད་ལུ་ ག་དེམ་ཅིག་སྦེ་ བསྒྱུར་བཅོས་མེད་པར་ གཞི་འཛིན་འབད་བ་ཅིན་ རྩོད་དོན་དེ་ སྤྲོ་སྣང་ཅན་ཅིག་ལུ་ འགྱུར་ནི་གི་ འོས་འབབ་ཡོད་མི་དེ་ཡང་ གལ་སྲིད་ མངོན་མཐོ་ཁྲིམས་འདུན་ལུ་ ལྷོད་པ་ཅིན་ ཁེ་ཕན་ལྟག་སྤྲོད་ཀྱི་ གནད་དོན་འཐོན་ནི་གི་ འོས་འབབ་ཡོད་ཟེར་ རྩོད་དོན་དེ་ལུ་ ལྟ་རྟོག་འབད་མི་ཚུ་གིས་ སླབ་ཨིན་པའི་གནས་ཚུལ།



རིག་འཛིན་དབང་ཕྱུག།

No comments:

Post a Comment