གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནས་ཚུལ་མདོར་བསྡུས།

༤/༡༢/༢༠༡༢
༉ འདས་པའི་བདུན་ཕྲག་ནང་ ཧཱ་ས་དམར་རྒེད་འོག་ བ་ལམ་ནང་ལུ་ རིང་ཚད་ཕུཊ་༧༠ འབད་མི་ ལྕགས་ཟམ་ཅིག་ གསར་བསྒྲུབས་འབད་མི་དེ་ ཧཱ་རྫོང་བདག་རིག་འཛིན་རྡོ་རྗེ་གིས་ འགོ་འབྱེད་འབད་ཡོདཔ་ཨིན་པས།ཟམ་དེ་གིས་ ཧཱ་ལུང་ཕྱོགས་ཀྱི་ སྨད་ཁ་ཐུག་ལུ་དང་ སྟོད་མགོ་ལ་བརྒྱུད་དེ་ རྡོ་རོ་ཁ་ལུ་ འགྲོ་འགྲུལ་འབད་མི་ཚུ་ལུ་ ཕན་ཐོགས་འབྱུང་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
ཟམ་གྱི་རྒྱུ་ཆས་ཚུ་ ཧཱ་རྫོང་ཁག་གིས་ བཀྲམ་སྤེལ་འབད་ཡོདཔ་བཞིན་དུ་ རང་བཞིན་སླར་འབྱུང་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱིས་ བཟོ་སྐྲུན་འབད་ཡོདཔ་ཨིན་པས།
ཟམ་དེ་གི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་༣,༦༥༡,༦༣༣ གནས་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment