གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁག་འབགཔ་ཚུ་ མ་དངུལ་དུས་ཚོད་ཁར་ཐོབ་མ་ཚུགས་པའི་དཀའ་ངལ།

༣༡/༡༢/༢༠༡༢   ཁག་འབག་གི་ལཱ་འབད་བའི་ མ་དངུལ་དུས་ཚོད་ཁར་ཐོབ་མ་ཚུགས་རུང་ ལས་འགུལ་འགོ་དཔོན་གྱིས་ ཉིནམ་༡༥ འི་ ནང་འཁོད་ལུ་ མ་དངུལ་ཐོབ་ཚུགས་ཟེར་བའི་ ངོས་ལེན་འབད་ནུག།
༉ རྒྱལ་ཁབ་ནང་ ཁག་འབགཔ་མང་ཤོས་ཅིག་ལུ་ ལས་མི་མ་ལང་པའི་ དཀའ་ངལ་བྱུང་བཞིན་དུ་ཡོདཔ་ཨིན་རུང་ ཁ་ཙ་ ཁག་འབགཔ་ཅིག་ལུ་ ལས་མིའི་གྱངས་ཁ་ མར་ཕབ་འབད་དགོཔ་ཐོན་ནུག།
དེ་ཡང་ ཁོ་གིས་ ཁག་འབག་གི་ལཱ་ཚུ་ མཇུག་བསྡུ་ཡོད་རུང་ ཁག་འབག་གི་ལཱ་དང་འབྲེལ་བའི་ མ་དངུལ་ཚུ་ ཐོབ་མ་ཚུགས་མི་ལུ་བརྟེན་ ལས་མི་ཚུ་ལུ་ དངུལ་ཕོགས་སྤྲོད་མ་ཚུགས་ནི་དེ་གིས་ཨིན་པས།



འབྲུག་པའི་ཁག་འབགཔ་དེ་གིས་ ཀྲོང་གསར་ མང་སྡེ་ཆུ་གློག་མེ་ལས་འགུལ་ནང་ ཁག་འབག་གི་ལཱ་འབད་དེ་ ལས་འགུལ་ལས་ ཁག་འབག་ལཱ་གི་ མ་དངུལ་ཚུ་ ཐོབ་མ་ཚུགས་མི་ལུ་བརྟེན་ཨིན་པས།
སྡེ་རིམ་ཀ་པའི་ཁག་འབགཔ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལས་མི་ལ་ལུ་ཅིག་ལུ་ དངུལ་ཕོགས་ཚུ་ སྤྲོད་ནིའི་ཏི་རུ་མེདཔ་ལས་ ལོག་འགྱོ་དགོཔ་སྦེ་ སླབ་དགོཔ་བྱུང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁག་འབག་གི་ལཱ་འབད་བའི་ མ་དངུལ་ཚུ་ དུས་ཚོད་ཁར་ མ་ཐོབ་མི་ལུ་བརྟེན་ ལས་མི་ཚུ་དང་གཅིག་ཁར་ཡང་ བྱ་སྟབས་མ་བདེཝ་ སྦོམ་སྦེ་ར་ཐོནམ་མ་ཚད་ ཁོང་ལུ་ རྒྱ་གར་ལས་ ཅ་ཆས་བཀྲམ་སྤེལ་འབད་མི་ཚུ་ལུ་ཡང་ རིན་དངུལ་ཚུ་ སྤྲོད་མི་ཚུགས་པས་ཟེར་ཨིན་པས།
ལས་འགུལ་གྱི་ས་ཁོངས་ནང་ འཁོར་ལམ་བཟོ་སྐྲུན་འབད་མི་ ཁག་འབགཔ་གཞན་ཅིག་གིས་འབད་བ་ཅིན་ ལས་འགུལ་ལས་ ཁག་འབག་གི་མ་དངུལ་ཚུ་ དུས་ཚོད་ཁར་ ཐོབ་མ་ཚུགས་མི་ལུ་བརྟེན་ དངུལ་ཁང་ནང་ ཨོ་བར་ཌཱཕི་གི་ཐོག་ལས་སྦེ་ གླ་འཐུས་ཚུ་ ཁོ་ར་གིས་ སྤྲོད་དགོཔ་མ་ཚད་ རྒྱ་གར་ལས་ ཅ་ཆས་ནང་འདྲེན་འབད་མི་ཚུ་གི་ རིན་དངུལ་སྤྲོད་མ་ཚུགས་པའི་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།
ཁག་འབགཔ་ཚུ་གིས་ ཉོགས་བཤད་བཀོད་དོ་བཟུམ་འབད་བ་ཅིན་ ཁོང་གིས་ དངུལ་ཁང་ཚུ་ནང་ལས་ བསྐྱིན་འགྲུལ་ལེན་ཐོག་ལས་ ལཱ་ཚུ་འབད་དོ་ཡོདཔ་མ་ཚད་ ཁག་འབག་གི་ལཱ་ ཅིག་ནང་ལས་ཐོབ་མིའི་ ཏི་རུ་ཚུ་ གཞན་མི་ནང་ ལག་ལེན་འཐབ་སྟེ་ ལཱ་འབད་དགོཔ་ཐོནམ་མས་ཟེར་ཨིན་པས།
ཁག་འབགཔ་ལ་ལུ་ཅིག་གིས་ དངུལ་ཁང་ནང་ བསྐྱིན་འགྲུལ་ལོག་བཏབ་ནིའི་དོན་ལུ་ དུས་ཚོད་ཁར་ སྤྲོད་མ་ཚུགས་པའི་སྐོར་ལས་ ཉོགས་བཤད་བཀོད་ཡོདཔ་ཨིན་རུང་ ལས་འགུལ་གྱི་ འགོ་དཔོན་ཚུ་གིས་ ལས་འགུལ་ནང་ར་ ཏི་རུ་མེད་ཟེར་ སླབ་མས་ཟེར་ཨིན་པས།
ད་རེས་ ཁག་འབག་ལཱ་གི་ ཏི་རུ་མ་ཐོབ་མི་ ཁག་འབགཔ་༡༨ ཀྱི་གྲས་ཁར་ ཡར་རྒྱས་དང་ རྣམ་རྒྱལ་ ཀེ་ཌི་ བྱ་ཁྱུང་ སློབ་གཉེར་ཁ་ ལྷོ་ལྗོངས་ དེ་ལས་ འབྲུག་བཟོ་རིག་གོང་འཕེལ་ཚུ་ཡོདཔ་ཨིན་པས།
མང་སྡེ་ཆུ་ གློག་མེ་ལས་འགུལ་གྱི་ འཛིན་སྐྱོང་མདོ་ཆེན་ ཨེ་ཀེ་ མིཤི་ར་གིས་སླབ་མིའི་ནང་ ལས་འགུལ་གྱིས་ ད་རེས་ཀྱི་ཟླཝ་ནང་ ཁག་འབགཔ་ཚུ་ལུ་ དངུལ་ཀྲམ་ས་ཡ་༥༠༠ སྤྲོད་དགོཔ་ཡོདཔ་ཨིན་རུང་ ལས་འགུལ་ནང་ མ་དངུལ་རྫོགས་སོང་པའི་ཁར་ མ་དངུལ་ཧེང་བཀལ་ཚུ་ རྒྱ་གར་གཞུང་ལས་ མ་ལྷོད་མི་ལུ་བརྟེན་ཏེ་ སྤྲོད་མ་ཚུགས་པར་ ལུས་ཡོད་ཟེར་ཨིན་པས།
ཨིན་རུང་ ཨེ་ཀེ་མིཤི་ར་གིས་ བཤད་མིའི་ནང་ ཏི་རུ་ཚུ་ ཉིནམ་༡༥ འི་ནང་འཁོད་ལུ་ ཁག་འབགཔ་ཚུ་ལུ་ སྤྲོད་ནི་ཨིནམ་ལས་ དེ་གིས་ ད་ལྟོ་འབད་བའི་བསྒང་ཡོད་མི་ ལཱ་ཚུ་ལུ་ ཐད་ཀར་གྱི་ གནོད་པ་བྱུང་བྱུངམ་མེད་པའི་ཁར་ གློག་ཤུགས་མེ་ག་ཝཱཊི་༧༢༠ འབད་མི་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ལཱ་ཚུ་ ལེགས་ཤོམ་སྦེ་འགྱོ་དོ་ཟེར་ ཨིན་པའི་གནས་ཚུལ།


ཉི་མ་དབང་འདུས།

No comments:

Post a Comment