གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོང་ལཱ་གོང་འཕེལ་གཏང་ནིའི་དཔྱད་ཡིག་ སྤྱི་ཚོགས་ནང་བཙུགས་ནི།

༢༤/༡༢/༢༠༡༢   དེ་འབདཝ་ད་ སྤྱི་ཚོགས་དང་པའི་ ཚོགས་ཐེངས་མཇུག་ནང་ དཔྱད་ཡིག་གསརཔ་ཚུ་གི་ གསུང་གྲོས་མི་གནང་ནི་བཟུམ་ཡོདཔ།

༉ འབྲུག་གི་ཚོང་དང་ བཟོ་གྲྭ་ཚོགས་སྡེའི་ ཡོངས་ཁྱབ་ཞལ་འཛོམས་ཐེངས་༢༧ པ་ སྤྱི་ཟླ་༡༢ པའི་ཚེས་༢༡ ལུ་ མཇུག་བསྡུ་མི་དང་འབྲེལ་ ཚོགས་སྡེའི་འབྲེལ་ཚོགས་དཔྱད་ཡིག་༢༠༡༢ ཅན་མ་ལུ་ རྫོང་ཁག་ཚོང་པའི་འཐུས་མི་དང་ རྫོང་ཁག་ཚོགས་སྡེའི་ འཐུས་མི་ཚུ་གིས་ རྒྱབ་སྣོན་ཆ་འཇོག་ཐོག་ སྤྱི་ཚོགས་དང་པའི་ ཚོགས་ཐེངས་མཇུག་ནང་ ཕུལ་ནི་སྦེ་ གྲོས་ཐག་བཅད་ཅི།
ཡོངས་ཁྱབ་ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ འཐུས་མི་ཚུ།


འཐུས་མི་ཚུ་གིས་ དཔྱད་ཡིག་དེ་གི་ཐོག་ལུ་ གསུང་གྲོས་བྱུངམ་ད་ དོན་ཚན་དག་པ་ཅིག་དང་ སྐད་སྒྱུར་དག་པ་ཅིག་ལུ་ བསྒྱུར་བཅོས་རྐྱབ་ནི་སྦེ་ གྲོས་འཆམ་བྱུང་ཡི།
དཔྱད་ཡིག་གི་རྩ་ཚན་༦ པའི་དོན་ཚན་༦༥ པའི་ནང་ གལ་སྲིད་ ཁྲི་འཛིན་ ཡང་ཅིན་ ཁྲི་འཛིན་འོག་མ་གིས་ ཚོགས་ཁང་གི་ ཞལ་འཛོམས་ནང་ ལན་ཐེངས་༣ གྲལ་གཏོགས་འབད་མ་ཚུགས་པ་ཅིན་ ཡིག་ཚང་ལས་ ཕྱིར་བཏོན་འབད་ཡོད་མི་ལུ་ ཆ་བཞག་དགོ་ཟེར་ འཁོད་ཡོད་མི་དེ་ ལན་ཐེངས་༣ འབྱེལཝ་འབྱེལ་ས་ར་  བཅར་བཞུགས་འབད་མ་ཚུགས་པ་ཅིན་ཟེར་ བསྒྱུར་བཅོས་འབད་ནི་སྦེ་ མོས་མཐུན་བྱུང་ཡི།
ཚོགས་སྡེའི་གཙོ་འཛིན་གསརཔ་ ཨོ་རྒྱན་ཚེ་ཁྱབ་རྡོ་རྗེ་གིས་ དོན་ཚན་དེ་ བསྒྱུར་བཅོས་མ་འབད་བ་ཅིན་ གལ་སྲིད་ ཁྲི་འཛིན་དང་ ཁྲི་འཛིན་འོག་མ་ཚུ་ལུ་ ཁག་ཆེ་བའི་ ལཱ་རེ་ཐོན་ཏེ་ ཁོང་རའི་གནས་ཡུན་གྱི་སྐབས་ ཞལ་འཛོམས་ཐེངས་༣ ནང་ བཅའ་མར་གཏོགས་མ་ཚུགས་པར་  དགོངས་ཞུ་འབད་དགོཔ་ འཐོན་ནི་ཨིནམ་ལས་ སྟབས་མི་བདེ་འོང་ཟེར་སླབ་ཅི།
ཆུ་ཁ་རྫོང་ཁག་ལས་ འཐུས་མི་ཅིག་གིས་ དཔྱད་ཡིག་དེ་ ལྷག་པའི་སྐབས་ རྫོང་ཁའི་མིང་ཚིག་ཚུ་ ལེགས་ཤོམ་སྦེ་ ཧ་གོ་མི་ཚུགས་དོ་ཡོདཔ་ལས་ བསྐྱར་ཞིབ་ཐོག་ གོ་དོན་ཡངས་ཏོག་ཏོ་དང་ མི་ཚུ་གིས་ འཇམ་ཏོང་ཏོ་སྦེ་ གོ་དོན་ལེན་ཚུགསཔ་ བཟོ་དགོཔ་འདུག་ཟེར་སླབ་ཅི།
ཚོགས་སྡེའི་ཡོངས་ཁྱབ་དྲུང་ཆེན་ ཕུརཔ་ཚེ་རིང་གིས་ དཔྱད་ཡིག་ངོ་སྤྲོད་ཀྱི་སྐབས་ལུ་ བཅའ་མར་གཏོགས་མི་ཚུ་ལུ་ མ་གཞི་ དཔྱད་ཡིག་དེ་ འདས་པའི་ཚོགས་ཐེངས་༢ དེ་ཅིག་ནང་ བཙུགས་ཡོདཔ་ཨིན་རུང་ མཐར་འཁྱོལ་བྱུང་མ་ཚུགས་ཟེར་ཨིནམ་ད་ དེ་གི་ཤུལ་ལས་ བསྟན་རྒྱས་བློན་པོ་གིས་སྦེ་ བཙུགས་དགོ་པའི་ ཞུ་བ་འབད་བའི་སྐབས་ ཚོགས་སྡེ་དེ་ ཞི་བའི་ལས་ཚོགས་ནང་ འཛུལ་བཞུགས་འབད་དགོཔ་སྦེ་ སླབ་སྟེ་ དེ་ནང་ཡང་ མཐར་འཁྱོལ་མ་བྱུང་ཟེར་ འཐུས་མི་ཚུ་ལུ་ གནས་ཚུལ་དང་འདྲཝ་སྦེ་ སླབ་ཅི།
དཔྱད་ཡིག་དེ་ཡང་ རྒྱལ་ཡོངས་ཚོགས་སྡེ་དང་ རྒྱལ་ཡོངས་ཚོགས་འདུའི་ ཚོང་འབྲེལ་དང་ སྒེར་སྡེ་དང་འབྲེལ་བའི་ ཚོགས་ཆུང་ཚུ་བརྒྱུད་དེ་ བཙུགས་ནི་ཟེར་ཨིན་པས།
དེ་འབདཝ་ད་ འཕྲལ་ཁམས་ཅིག་ཁར་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱིས་ བརྡ་བརྒྱུད་ལུ་ སྤྱི་ཚོགས་དང་པའི་ ཚོགས་ཐེངས་༡༠ པ་དེ་ ད་ལྟོའི་ སྤྱི་ཚོགས་ཀྱི་ གནས་ཡུན་མཇུག་ཨིནམ་ལས་ གལ་ཆེ་བའི་ གྲོས་དོན་ཚུ་མ་གཏོགས་ དཔྱད་ཡིག་གསརཔ་ཚུ་གི་ གསུང་གྲོས་མི་གནང་ཟེར་ སླབ་ཡོདཔ་ཨིན།
དེ་འབདཝ་ལས་  སྒེར་སྡེ་གོང་འཕེལ་གཏང་ནིའི་དོན་ལུ་ ཚོགས་སྡེའི་འབྲེལ་ཚོགས་དཔྱད་ཡིག་༢༠༡༢ ཅན་མ་དེ་ ད་རིས་ཀྱི་ སྤྱི་ཚོགས་ཀྱི་ གནས་ཡུན་ནང་ གསུང་གྲོས་གནང་ནིའི་ འོས་འབབ་མེདཔ་ཨིན་པས།
ཕུརཔ་ཚེ་རིང་གིས་འབད་བ་ཅིན་ ཚོགས་སྡེ་དེ་ ཚོང་ལཱ་གོང་འཕེལ་གཏང་ནིའི་ ལཱ་ཚུ་ལུ་ བརྩོན་མི་ཅིག་ འབད་བ་ལུ་བརྟེན་ གལ་སྲིད་ ཞི་བའི་ལས་ཚོགས་ནང་ འཛུལ་ཞུགས་འབད་བ་ཅིན་ ལཱ་འབད་ནི་ལུ་ བྱ་སྟབས་མི་བདེ་ཟེར་ཨིན་པས།
ཚོགས་སྡེ་དེ་ སྤྱི་ལོ་༡༩༨༠ ལུ་ རྒྱལ་པོའི་བཀའ་ཁྲིམས་ཐོག་ལུ་ གཞི་བཙུགས་འབད་ཡོདཔ་ད་ ད་ཚུན་གྱི་བར་ན་ཡང་ ཚོང་འབྲེལ་དང་འབྲེལ་བའི་ལཱ་ཚུ་ བཀའ་ཁྲིམས་དང་འཁྲིལ་ཏེ་ འབད་དོ་ཟེར་ ཕུརཔ་ཚེ་རིང་གིས་ བཤད་ཡོད་པའི་གནས་ཚུལ།


ཉི་མ་དབང་འདུས།




No comments:

Post a Comment