གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཀྲོང་གསར་དང་ གཞལམ་སྒང་གི་བར་ན་ ལམ་ཧ་ཀ་ཧོ་ཀ་གིས་གང་ཡོདཔ།

༢༧/༡༢/༢༠༡༢    ༉ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་དོན་ལུ་ ཉིན་བསྟར་བཞིན་དུ་ འཕྲུལ་ཆས་སྦོམ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཚུ་ འགྲོ་འགྲུལ་འབད་མི་ལུ་བརྟེན་ ཀྲོང་གསར་དང་ གཞལམ་སྒང་གི་ གཞུང་ལམ་གནས་སྟངས་སྐྱོ་དྲགས་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
ཅ་ཆས་སྦོམ་ཚུ་ སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊཱག་ཅིག་ ལམ་ཐལཝ་ཁོག་ཁོ་བདའ་སྟེ་ འགྲོ་འགྲུལ་འབད་བའི་བསྒང་།


དེ་ཡང་ ཀྲོང་གསར་ལས་ གླང་མཐིལ་མ་ལྷོད་ཚུན་ གཞུང་ལམ་བདའ་སྟེ་ དོང་སྦོམ་སྦེ་ ཐོན་ཡོདཔ་མ་ཚད་ འགྲུལ་འཁོར་ཚུ་ ལམ་འགྲུལ་འབདཝ་ད་ ཐལཝ་ས་སྨུག་སྤུབས་དོ་བཟུམ་ སློང་མི་ལུ་བརྟེན་ དེད་གཡོགཔ་ཚུ་ལུ་ ལམ་ལེགས་ཤོམ་སྦེ་ མཐོང་མ་ཚུགས་པར་ ཐུག་རྐྱེན་འབྱུང་ཉེན་ཡོདཔ་ཨིན་པས།
ཉེན་ཁ་དེ་ཡང་ སྣུམ་འཁོར་ཆུང་བ་ཚུ་ལུ་ ཡོད་པའི་ཁར་ ཧེ་མར་ དུས་ཡུན་ཆུ་ཚོད་༢ ལམ་འགྱོ་དགོ་པའི་ ས་གནས་ལུ་ ལོག་ལྟབ་འགོརཝ་མས་ཟེར་ ལམ་འགྲུལ་འབད་མི་ཚུ་གིས་ སླབ་ཨིན་པས།
ཀྲོང་གསར་ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་བཀོད་ཁྱབ་འགོ་དཔོན་ དགའ་ལེགས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གི་ཁ་ཐུག་ལས་ དུས་རྒྱུན་གྱི་ ཉམས་བཅོས་ལཱ་ཚུ་ འབད་བཞིན་དུ་ཡོདཔ་ཨིན་རུང་ ཅ་ཆས་སྦོམ་འབག་མི་ སྣུམ་འཁོར་ཚུ་ ཉིན་བསྟར་བཞིན་དུ་ རྒྱུན་ཆད་མེད་པར་ འགྲོ་འགྲུལ་འབད་ནི་དེ་གིས་ རྩི་ནག་ཚུ་ ལས་འགུལ་མཇུག་མ་བསྡུ་ཚུན་ཚོན་ འབད་ཐབས་མི་འོང་ནི་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གཞུང་ལམ་གྱི་གནས་སྟངས་ ལེགས་ཤོམ་མེད་རུང་ སྣུམ་འཁོར་རྒྱུན་འགྲུལ་འབད་ཚུགས་པའི་ གནས་སྟངས་ནང་ བཞག་ནི་གི་དོན་ལུ་ ལས་མི་ཚུ་གིས་ ཉམས་བཅོས་ཀྱི་ལཱ་ཚུ་ འབད་དེ་ར་ཡོད་ཟེར་ཨིན་པས།
ཀྲོང་གསར་ལམ་སེལ་ལས་ཁུངས་ཀྱིས་ ཀྲོང་གསར་ལས་ ཀི་ལོ་མི་ཊར་༤༠ གི་ས་ཁར་ཡོད་མི་ ཡུར་མུང་ཚུན་ བལྟ་དོ་ཡོདཔ་ད་ ཡུར་མུང་ལས་ ཀི་ལོ་མི་ཊར་༡༡ གི་ས་གནས་ གླང་མཐིལ་ཚུན་ གཞལམ་སྒང་ལམ་སེལ་ལས་ཁུངས་ཀྱིས་ བལྟ་དོ་ཡོདཔ་ཨིན་པས།
གཞལམ་སྒང་ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་འགོ་དཔོན་ དཀོན་མཆོག་བསྟན་འཕེལ་གྱིས་འབད་རུང་ ཀྲོང་གསར་ལམ་སེལ་ལས་ཁུངས་བཟུམ་སྦེ་ ལས་འགུལ་མཇུག་མ་བསྡུ་ཚུན་ཚོད་ ལམ་རྩི་ནག་གཏང་ནི་གི་ འཆར་གཞི་ག་ནི་ཡང་མེད་ཟེར་ དཀོན་མཆོག་བསྟན་འཕེལ་གྱིས་ སླབ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ གཞལམ་སྒང་ལུ་སོང་སྟེ་ ལོག་ལྷོད་མི་ ཞི་གཡོགཔ་ཅིག་གིས་ སླབ་མིའི་ནང་ ལམ་གྱི་གནས་སྟངས་  སྐྱོ་དྲགས་སྦེ་ཡོད་པའི་ཁར་ ལམ་གྱི་སྦུག་ལས་ དོང་ལེ་ཤ་ཐོན་ཡོདཔ་ལས་ ཁོ་གི་ སྣུམ་འཁོར་དེ་ བཅོ་ཁང་ནང་ བསྐྱལ་དགོཔ་ཐོན་ཡི་ཟེར་ཨིནམ་ད་ གཞལམ་སྒང་ལུ་ ལྷོད་ནི་གི་ དུས་ཚོད་ཡང་ རིངམོ་སྦེ་ར་ འགོར་སོ་ཡི་ཟེར་ སླབ་ཨིན་པའི་གནས་ཚུལ།

བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment