གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དུས་ཅི་ རྩི་རང་ལུ་ ཚལ་ལུའི་ཐོན་ཤུགས་ལེགས་ཤོམ་ཡོད་རུང་ ཉོ་མི་མེད་པའི་ཚ་གྱང་།

༦/༡༢/༢༠༡༢
ན་ཧིང་ ཚལ་ལུ་ཌི་སི་ཨེམ་ཊཱག་རེ་གིས་ འོང་འབབ་དངུལ་ཀྲམ་༧༠,༠༠༠ དང་༨༠,༠༠༠ གི་བར་ན་ ཐོབ་ཡོད་རུང་ དུས་ཅི་ དངུལ་ཀྲམ་༢༥,༠༠༠ དང་༣༠,༠༠༠ དེ་ཅིག་ལས་ མ་ཐོབ་ཟེར་ཨིན་པས།
 ༉ རྩི་རང་རྫོང་ཁག་ནང་ ཨ་རྟག་འབད་བ་ཅིན་ དུས་ཚོད་འ་ནེམ་ཅིག་ཁར་ ཚལ་ལུའི་ཇོ་བདག་ཚུ་གིས་ རང་སོའི་ཚལ་ལུ་ཚུ་ བཙོང་ཚར་དོ་ཡོདཔ་ཨིན་རུང་ དུས་ཅི་ དུས་ཚོད་ཁར་ ཉོ་མི་མེད་པ་ལུ་བརྟེན་ ཚ་གྱང་ཕོག་ཡོདཔ་ཨིན་པས།
སྤུས་ཚད་དང་ ཐོན་ཤུགས་ལེགས་ཤོམ་ཡོད་པའི་ ཚལ་ལུའི་ཤིང་ཚུ།


ཇོ་བདག་ཚུ་གིས་ སླབ་མིའི་ནང་ ཚལ་ལུའི་སྤུས་ཚད་ཐད་ཁར་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ ལེ་ཤ་གིས་དྲག་པའི་ཁར་ ཐོན་ཤུགས་ལས་འབད་རུང་ འབོར་ཆེ་དྲགས་སྦེ་ཡོད་རུང་ ཉོ་མི་ལེ་ཤ་མེདཔ་ཨིན་པས།
ཚོ་གླིང་མཁར་རྒེད་འོག་ནང་ ཚལ་ཤིང་གི་གྱངས་ཁ་མཐོ་ཤོས་ ས་ཆ་ཨེ་ཀར་༣ ནང་ ཚལ་ཤིང་༣༦༠ དེ་ཅིག་ཡོད་མི་ གྲུབ་ཆུ་སྒང་སྤྱི་འོག་ནང་ལས་ པུར་ན་བཱ་དྷུར་སུ་བྷ་གིས་ སླབ་མིའི་ནང་ དུས་ཅི་ ཁོ་གི་ཚལ་ལུ་ཚུ་ སྦོམ་ཡོད་པའི་ཁར་ ས་ཁར་འབུད་འབུདཔ་གངམ་མེད་རུང་ ཉོ་མི་ལེ་ཤ་མ་འོང་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཚལ་ལུ་ཉོ་བར་ མི་རེ་གཉིས་འོང་མི་ཚུ་གིས་ཡང་ གོང་ཚད་ལེགས་ཤོམ་མི་བྱིན་པས་ཟེར་ཨིནམ་ད་ ད་ཚུན་འབད་བ་ཅིན་ ཚལ་ལུ་ཚུ་ ཡུན་རིངམོ་སྦེ་ ཤིང་ཁར་མ་ལུས་རུང་ དུས་ཅི་ ཟླཝ་༢ དེ་ཅིག་ ཕྱིས་སོ་ཡི་ཟེར་ཨིན་པས།
ད་རུང་ སྤྱི་འོག་ནང་ལས་ ཚལ་ལུའི་སྤུས་ཚད་དྲག་ཤོས་ཡོད་མི་ དིལ་རམ་གྱིས་ སླབ་མིའི་ནང་ འདས་པའི་ལོ་ནང་ ཁོ་གིས་ ཚལ་ལུ་ཤིང་༨༢ ཡོད་ས་ལས་ དངུལ་ཀྲམ་༡༣༠,༠༠༠ ཐོབ་ཡོདཔ་ད་ གཞུང་གིས་ སྦྱོང་བརྡར་ཚུ་ལུ་བརྟེན་ ཐོན་ཤུགས་ཡར་དྲག་བཏང་ཡོད་རུང་ ཉོ་མི་ལེ་ཤ་མ་ཐོན་མི་ལུ་བརྟེན་ དུས་ཅི་གོང་ཚད་ཚུ་ ག་དེ་སྦེ་ཐོབ་འོང་ག་ ཚ་གྱང་ཡོད་ཟེར་ཨིན་པས།
རྫོང་ཁག་ནང་གི་ ཚལ་ལུའི་ཇོ་བདག་རེ་གཉིས་ཀྱིས་ ཚལ་ལུ་བཙོང་ཡོད་རུང་ མང་ཤོས་ཅིག་གིས་ མ་བཙོང་པར་ཡོདཔ་ཨིན་པས།
གྲུབ་ཆུ་སྒང་ཚོགས་པ་ ཀི་རིཤི་ན་ ལཱལ་ དཱ་ཀཱལ་གྱིས་ སླབ་མིའི་ནང་ འདས་པའི་ལོ་ཚུ་ནང་འབད་བ་ཅིན་ སྤྱི་ཟླ་༦ པ་དང་༧ པ་དེ་ཅིག་ལས་ར་ ཚལ་ལུ་ཚུ་ མཁོ་མངགས་འབད་དེ་ འཚོ་པའི་སྐབས་ བཏོགས་པར་འོང་དོ་ཡོད་རུང་ དུས་ཅི་ ལེ་ཤ་མིན་འདུག་ཟེར་ཨིན་པས།
དེ་སྦེ་ ཚལ་ལུ་བཀྲམ་སྤེལ་བ་ཚུ་གིས་ དང་འདོད་མ་བསྐྱེད་པའི་གནད་དོན་ཅིག་ དུས་ཅི་ ཚལ་ལུའི་གོང་ཚད་ མར་བབས་སོང་ནི་དེ་གིས་ཨིན་པས།
རྩི་རང་ལས་ ཚལ་ལུ་བཀྲམ་སྤེལ་འབད་དེ་ ལོ་ངོ་༡༩ ལང་མི་ དི་ན་ནཱཐི་ ཨ་དི་ཀ་རི་གིས་ སླབ་མིའི་ནང་ ཁོ་གིས་ ད་ཚུན་གྱི་རིང་ རྫོང་ཁག་ནང་ལས་ ཚལ་ལུ་ཌི་སི་ཨེམ་ཊཱག་༦ དེ་ཅིག་འབག་སྟེ་ ཕུན་ཚོགས་གླིང་ལུ་ བང་ལ་དེཤི་གི་ ནང་འདྲེན་པ་ཚུ་ལུ་ བཀྲམ་སྤེལ་འབད་ཡོདཔ་ད་ ཁོ་གིས་ ན་ཧིང་ ཌི་སི་ཨེམ་ཊཱག་རེ་ལས་ དངུལ་ཀྲམ་༧༠,༠༠༠ དང་༨༠,༠༠༠ གི་བར་ན་ ཐོབ་ཡོད་རུང་ དུས་ཅི་ དངུལ་ཀྲམ་༢༥,༠༠༠ དང་༣༠,༠༠༠ དེ་ཅིག་གི་བར་ན་ལས་ མ་ཐོབ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཚོང་ཉོ་མི་ཚུ་ཡང་ ཧེ་མ་ལས་ཡོད་མི་ཚུ་ ཆ་མཉམ་ཡོད་རུང་ དུས་ཅི་ ཁོང་རའི་ནང་ན་ ཁ་སླབ་སྟེ་འོང་ཡོདཔ་ལས་ གོང་ཚད་མཐོ་སུ་སྦེ་ མ་བྱིན་ནི་དེ་གིས་ ཚལ་ལུའི་ཇོ་བདག་ཚུ་ལུ་ཡང་ བརྒྱ་ཆ་ལས་༤༠ དེ་ཅིག་ མར་ཕབ་རྐྱབ་སྟེ་བྱིནམ་ད་ ལ་ལུ་ཅིག་གིས་ བྱིན་མི་བཏུབ་པས་ཟེར་ཨིན་པས།
དེ་སྦེ་ གོང་ཚད་མར་བབས་འགྱོ་མི་དེ་ཡང་ ཁོ་གིས་ སླབ་མིའི་ནང་ བང་ལ་དེཤ་ལུ་ ན་ཧིང་ལས་ རྒྱ་ནག་གི་ཚལ་ལུ་ཚུ་ ནང་འདྲེན་འབད་ནི་ འགོ་བཙུགས་ནི་དེ་གིས་ ཨིན་ཟེར་ཨིན་པས།
དེ་གིས་ ན་ཧིང་ འབྲུག་གི་ས་གནས་ སྤ་རོ་དང་ ཧཱ དེ་ལས་ བུམ་ཐང་ཚུ་ནང་ལས་ བཀྲམ་སྤེལ་བ་སྦོམ་ཚུ་ མང་ཤོས་ར་ གྱོང་རྒུད་ཕོག་སྟེ་ ལོང་མ་ཚུགསཔ་ཡར་སོ་ནི་དེ་གིས་ ད་རེས་ མ་འོང་མིའི་གནད་དོན་ཅིག་ དེ་འོང་ཟེར་ ཨ་དི་ཀ་རི་གིས་ བཤདཔ་ཨིན་པས།
གཞན་མི་གནད་དོན་དེ་ ཧེ་མ་ཡོད་པའི་ འབྲུག་གི་དངུལ་ཁང་ནང་ལས་ བཀྲམ་སྤེལ་བ་ཚུ་ལུ་ དུས་ཚོད་ཀྱི་ བསྐྱིན་འགྲུལ་བྱིན་སྲོལ་ཡོད་མི་དེ་ བཀག་ཆ་འབད་བཞག་ནི་དེ་གིས་ཨིན་པས།
བཀྲམ་སྤེལ་བ་ཅིག་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ བསྐྱིན་འགྲུལ་འཐོབ་ནི་དེ་གིས་ ཚལ་ལུའི་ཇོ་བདག་ཚུ་གིས་ མཁོ་འདོད་འབད་མི་ སྔོན་བྱིན་སྤྲོད་ནི་ལུ་ བྱ་སྟབས་བདེ་ཏོག་ཏོ་ཡོད་རུང་ མཐུན་རྐྱེན་དེ་ ད་ལྟོ་ བཀག་ཆ་འབད་ཡོདཔ་ལས་ མ་དངུལ་ལངམ་མེད་མི་ལུ་བརྟེན་ འཚོལ་བའི་བསྒང་ཡོད་ཟེར་ ཨིན་པའི་གནས་ཚུལ།


རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment