དད་ཅན་ཚུ་གིས་ ཁ་ཙ་ དྲོ་པའི་ཆུ་ཚོད་༣ དང་༤ དེ་ཅིག་ལས་ར་ དབང་ཁང་ནང་ སྤུངས་འཛོམས་འབད་ནི་ འགོ་བཙུགས་ཡོདཔ་ལས་ དབང་གནང་སའི་ས་གོ་ ཐང་བཟང་ནང་ལུ་འགྱོ་སའི་ སྒོ་མོ་ཆུ་བ་ཟམ་དང་ ལྕང་གཡུས་ཟམ་པ་ལས་ ག་ཐོབ་རྐྱབ་སྟེ་འོངམ་ད་ ཁྲིམས་སྲུང་འགག་པ་དང་ བདེ་སྲུངཔ་ཚུ་ མི་འཛིན་སྐྱོང་འབད་ནི་ལུ་ ལཱ་ཁག་བཏང་ནུག།
བདེ་སྲུངཔ་ཅིག་གིས་ སླབ་མིའི་ནང་ མི་ག་ར་ སྟབས་གཅིག་ཁར་ ག་ཐོབ་རྐྱབ་སྟེ་ འོང་པའི་སྐབས་ མོ་ཆུ་བ་ཟམ་དེ་ རམ་འགྱོ་ནི་མས་ཟེར་ འདྲོག་སྣང་བྱུང་ཡི་ཟེར་ཨིན་པས།
དབང་གནང་སའི་ ས་ཁོངས་ནང་ གསང་སྤྱོད་༡༤༠ དེ་ཅིག་ཡོད་མི་ཚུ་ ད་ལྟོ་ལས་ ཁམས་ལོག་སི་སི་བཟོ་ཡོདཔ་ད་ དེ་ཡང་
ཆབ་གསང་འབད་བའི་ཤུལ་ལས་ ཆུ་མ་བླུགས་པར་ བཞག་ནི་དེ་གིས་ཨིན་པས།
དབང་ཆེན་དབུ་འཛུགས་གནངམ་ད་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དད་ཅན་ཚུ་ལུ་ དབང་གི་ཕན་པ་དང་ དབང་ཞུ་བའི་སྐབས་ སྤང་བླང་གི་ བཀའ་སློབ་ཚུ་ཡང་གནང་ཡི།
དབང་ཆེན་འགོ་བཙུགས་ཀྱི་ རྟེན་འབྲེལ་ནང་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་གཙོས་པའི་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།
སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།
No comments:
Post a Comment