གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

པད་གླིང་ཆོས་ཀྱི་དགའ་ཚལ་གཞི་ཚོགས་ འགོ་འབྱེད་འབད་ཡོདཔ།

སྒང་སྟེང་དགོན་པ་ལུ་ པད་གླིང་ཆོས་ཀྱི་དགའ་ཚལ་གཞི་ཚོགས་
འགོ་འབྱེད་འབད་བའི་སྐབས་ མི་མང་ལུ་ ཞབས་ཁྲའི་སྤྲོ་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་པའི་བསྒང་།
/༡༢/༡༢། ༉ འཕྲལ་ཁམས་ཅིག་ཁར་ སྒང་སྟེང་སྤྲུལ་སྐུ་མཆོག་གིས་ དབུ་བཞུགས་ཐོག་ལས་ གཞི་བཙུགས་འབད་མི་ པད་གླིང་ཆོས་ཀྱི་དགའ་ཚལ་གཞི་ཚོགས་ཀྱི་ བཀོད་ཚོགས་ཞལ་འཛོམས་དེ་ ཁ་ཙ་ མཇུག་བསྡུ་ཡི།

ཉིན་གྲངས་༢ ཀྱི་རིང་ ཞལ་འཛོམས་འཚོགས་པའི་སྐབས་ལུ་ གཞི་ཚོགས་ནང་ལཱ་འབད་མི་ཚུ་གི་ འགན་ཁུར་དང་འགན་འཁྲི་ གཞི་ཚོགས་ཡུན་བརྟན་གནས་ཐབས་ དེ་ལས་ མ་དངུལ་འཛིན་སྐྱོང་འབད་ཐངས་ཀྱི་སྐོར་ལས་ གྲོས་བསྟུན་ཚུ་ མཐིལ་ཕྱིན་འབད་ཡི།


སྤྱི་ཟླ་༡༡ པའི་ཚེས་༣༠ ལུ་ སྒང་སྟེང་གསང་སྔགས་ཆོས་གླིང་དགོན་པ་ལུ་སྦེ་ གཞི་ཚོགས་འགོ་འབྱེད་འབད་བའི་ རྟེན་འབྲེལ་བརྩི་སྲུང་ནང་ མི་ཚུ་གིས་འཐུས་མི་སྦེ་ ཐོ་བཀོད་འབད་ཡོདཔ་ད་ རྟེན་འབྲེལ་བརྩི་སྲུང་ནང་ ལྟདམོ་བལྟ་བར་ འོང་མི་ཚུའི་གྲས་ལས་༦༨༡ གིས་ འཐུས་མིའི་གྲངས་སུ་འཛུལ་ཡོདཔ་མ་ཚད་ ཞལ་འདེབས་མ་དངུལ་ཡང་ ཕུལ་ཡི།

གཞི་ཚོགས་དེ་ འབྲུག་གི་ཆོས་སྡེ་ལྷན་ཚོགས་ཀྱི་བཅའ་ཁྲིམས་༢༠༠༧ ཅན་མའི་ དགོངས་དོན་དང་འཁྲིལ་ཏེ་ སྤྱི་ཟླ་༡༡ པའི་ཚེས་༡༧ ལུ་ གཞི་བཙུགས་འབད་ཡོདཔ་ད་ བཅའ་ཁྲིམས་དང་འཁྲིལ་བ་ཅིན་ གཞུང་གྲྭ་ཚང་གི་ མངའ་འོག་ལུ་མ་ཚུད་མི་ གྲྭ་ཚང་དང་ དགོན་སྡེ་ བཤད་གྲྭ་ དེ་ལས་ ཨ་ནེམོ་གྲྭ་ཚང་ཚུ་ ལྷན་ཚོགས་དང་གཅིག་ཁར་ ཐོ་བཀོད་འབད་དགོཔ་སྦེ་ཡོདཔ་ད་ གཞུང་གྲྭ་ཚང་གི་ མངའ་འོག་ལུ་མེད་མི་ཚུ་ མང་ཤོས་ར་ རྙིང་མིའི་གྲྭ་ཚང་ཚུ་ཨིན་པས།


པད་གླིང་ཆོས་ཀྱི་དགའ་ཚལ་གཞི་ཚོགས་ཀྱི་འོག་ལུ་ ད་རེས་ སྒང་སྟེང་སྤྲུལ་སྐུ་མཆོག་གིས་ བདག་འཛིན་འཐབ་གནང་མི་ གྲྭ་ཚང་དང་ དགོན་སྡེ་༤༥ ལྷགཔ་ཅིག་ཡོད་མི་ཚུ་ག་ར་ གཞི་ཚོགས་དང་གཅིག་ཁར་ ཐོ་བཀོད་འབད་ཡོདཔ་ད་ དེ་ཡང་མང་ཤོས་ར་ ཤར་ཕྱོགས་དང་ ནུབ་ཕྱོགས་རྫོང་ཁག་ཚུ་ནང་ ཡོདཔ་ཨིན་པས།


གཞི་ཚོགས་ཀྱི་ཁྲི་འཛིན་ སྒང་སྟེང་སྤྲུལ་སྐུ་མཆོག་གིས་ གསུངས་མིའི་ནང་ གཞི་ཚོགས་དེ་གིས་ གྲྭ་ཚང་དང་ དགོན་སྡེ་ཚུ་ རྒྱུན་སྐྱོང་འཐབ་ཚུགས་ནི་ལུ་ ལེགས་ཤོམ་སྦེ་ར་ ཕན་ཐོགས་ཚུགས་པའི་ གོ་སྐབས་ཡོད་ཟེར་ཨིནམ་ད་ རིན་པོ་ཆེ་གིས་ བདག་འཛིན་འཐབ་གནང་མི་ གྲྭ་ཚང་དང་ དགོན་སྡེ་མང་ཤོས་ར་ ད་ལས་ཕར་ ཉམས་གསོ་ཞུ་ཚུགས་ཚུགས་པའི་ ཕན་ཁྱད་ཡོད་ཟེར་ཨིན་པས།


རྒྱལ་ཁབ་ནང་ སྒེར་གྱི་གྲྭ་ཚང་དང་ དགོན་སྡེ་ ལེ་ཤ་ཡོད་མི་ལུ་བརྟེན་ གཞུང་གིས་ ཉམས་གསོ་ཞུ་ཚུགས་པའི་ འོས་འབབ་མེདཔ་ལས་ དེ་བཟུམ་གྱི་ གཞི་ཚོགས་འཚོགས་མི་དེ་གིས་ གཞུང་ལས་ རྒྱབ་སྐྱོར་མེད་མི་ཚུ་ལུ་ གྲོགས་རམ་འབད་ཚུགས་ནི་ཨིན་པས།


དེ་མ་ཚད་ གཞི་ཚོགས་ཀྱི་ མ་དངུལ་དེ་གིས་ དགེ་སློང་ཚུ་གི་ འཚོ་སྐྱོང་འཐབ་ནི་ལུ་ཡང་ ཁེ་ཕན་འོང་ནི་མས་ཟེར་ཨིན་པས།


ད་རེས་ རིན་པོ་ཆེ་གིས་ བདག་འཛིན་འཐབ་གནང་མི་ གྲྭ་ཚང་དང་ དགོན་སྡེ་༤༥ དེ་ཅིག་ཡོད་མི་ཚུ་ནང་ དགེ་སློང་དང་ ཨ་ནེམོ་བསྡོམས་༡,༠༠༠ ལྷགཔ་ཅིག་ ཡོདཔ་ཨིན་པས།


དགེ་སློང་དང་ ཨ་ནེམོ་ཚུ་ལུ་ ཆོས་གོས་རྣམ་༣ མ་རྩིས་བར་ གསོལ་ཚོགས་རྐྱངམ་གཅིག་གི་དོན་ལུ་ར་ ཟླ་རིམ་བཞིན་དུ་ ཟད་འགྲོ་ དངུལ་ཀྲམ་འབུམ་༣ དང་༥ གི་བར་ན་ གནས་དོ་ཡོདཔ་ད་ དེ་ཡང་ ག་ར་ རིན་པོ་ཆེ་གིས་ གཞན་ཁ་ལས་ གྲོགས་རམ་འཚོལ་ཏེ་གནང་དོ་ཟེར་ རིན་པོ་ཆེ་གིས་གསུངས་ཡི།


སྒང་སྟེང་སྤྲུལ་སྐུ་མཆོག་གིས་ གསུངས་མིའི་ནང་ ད་ཚུན་གྱི་རིང་ ཁོ་ར་གིས་ ཕྱག་ལཱ་གནང་མི་ཚུ་ ད་ལས་ཕར་ གཞི་ཚོགས་ཀྱིས་ བགོ་བཤའ་རྐྱབ་སྟེ་ འབད་བའི་སྐབས་ལས་ འགན་འཁྲི་ཡངས་ནི་མས་ཟེར་ཨིན་པས།


གཞི་ཚོགས་དེ་ གཞི་བཙུགས་འབད་བའི་སྐབས་ལས་ གྲྭ་ཚང་དང་ དགོན་སྡེ་ཁག་གི་ རྒྱུ་དངོས་དང་ མ་དངུལ་ཡོད་མི་ཚུ་ གཞི་ཚོགས་ཀྱིས་ བདག་འཛིན་འཐབ་ནི་ལུ་ ཁེ་ཕན་ཡོདཔ་མ་ཚད་ གཞི་ཚོགས་ཀྱིས་ བསྡུ་ལེན་འབད་མི་མ་དངུལ་ཚུ་ག་ར་ དམངས་ཀྱི་དོན་ལུ་ ལག་ལེན་འཐབ་ཚུགས་ནི་ཨིན་པས།


གཞི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ དྲགོས་བགྲེསཔ་ ཤེས་རབ་བསྟན་འཛིན་གྱིས་འབད་བ་ཅིན་ གཞི་ཚོགས་དེ་ ཐིམ་ཕུ་ལུ་ ཐོ་བཀོད་འབད་དེ་ རྟེན་འབྲེལ་བརྩི་བའི་སྐབས་ དངུལ་ཀྲམ་ས་ཡ་༢.༧ དེ་ཅིག་ ཐོབ་ཅི་ཟེར་ཨིནམ་ད་ དེ་བསྒང་ འཐུས་མི་༩༠༠ དེ་ཅིག་ ཡོད་ཟེར་ཨིན་པས།


གཞི་ཚོགས་ཀྱི་ ཡིག་ཚང་ལྟེ་བ་དེ་ ཐིམ་ཕུ་ལུ་ཨིནམ་ད་ ཡན་ལག་ཡིག་ཚང་ཚུ་ གྲྭ་ཚང་དང་ དགོན་སྡེ་ཚུ་ནང་ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།


པད་གླིང་ཆོས་ཀྱི་དགའ་ཚལ་གྱིས་ ཆོས་སྡེ་ལྷན་ཚོགས་དང་གཅིག་ཁར་ ཐོ་བཀོད་འབད་མི་དེ་རྩིསཝ་ད་ རྒྱལ་ཁབ་ནང་ གཞི་ཚོགས་༨༠ དེ་ཅིག་ཡོདཔ་ད་ གཞི་ཚོགས་གཞི་བཙུགས་ཀྱི་ འགོ་འབྱེད་རྟེན་འབྲེལ་ སྒང་སྟེང་དགོན་པ་ལུ་སྦེ་ བརྩི་སྲུང་འབད་བའི་སྐབས་ལུ་ གཞི་ཚོགས་ཀྱིས་ དེ་ཁར་འཛོམས་མི་ཚུ་ལུ་ ཉིན་མའི་ལྟོ་ཁ་ཅིག་ཡང་ འགྲངས་ཡོད་པའི་གནས་ཚུལ།

སྒང་སྟེང་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment