གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་གི་ ཀ་ར་ཏི་སྡེ་ཚན་གྱིས་ ཨང་༣ པ་ཐོན་ཡོདཔ།

༡༩/༡༢/༢༠༡༢   ༉ རྒྱ་གར་ མ་ཧ་རཱཤ་ཊ་མངའ་སྡེའི་ས་གནས་ པུ་ནེ་ལུ་སྦེ་ འགོ་འདྲེན་འཐབ་མི་ སིཀ་སི་རྒྱལ་སྤྱི་ཀ་ར་ཏི་རྒྱལ་རྟགས་འགྲན་བསྡུར་ནང་ འབྲུག་གིས་གཙོས་པའི་ རྒྱལ་ཁབ་༦ གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
རྒྱལ་རྟགས་ཐོབ་མི་ འབྲུག་གི་ ཀ་ར་ཏི་རྩེ་མི་ཚུ།


འབྲུག་གི་ ཀ་ར་ཏི་སྡེ་ཚན་གྱིས་ ཨང་༣ པ་ཐོན་ཡོདཔ་ཨིན་པས།
རྒྱ་གར་གྱི་སྡེ་ཚན་གྱིས་ ཨང་དང་པ་དང་ ཧོང་ཀོང་གི་སྡེ་ཚན་གྱིས་ ཨང་༢ པ་ ཐོན་ཡོདཔ་ཨིན་པས།
འདས་པའི་སྤྱི་ཟླ་༡༢ པའི་ཚེས་༧ ལས་༩ ཚུན་གི་རིང་ འགོ་འདྲེན་འཐབ་མི་ ཀ་ར་ཏི་རྒྱལ་རྟགས་འགྲན་བསྡུར་ནང་ རྒྱ་གར་དང་ ཤྲི་ལངྐ་ བང་ལ་དེཤ་དང་ ཧོང་ཀོང་ དེ་ལས་ དུ་བའི་ཚུ་ནང་ལས་ ཀ་ར་ཏི་རྩེད་འགྲན་སྡེ་ཚན་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ད་ འབྲུག་ལས་ བྷུ་ཊཱན་ན་ཆུང་ཀ་ར་ཏི་སློབ་སྦྱོང་སྡེ་ཚན་ནང་ལས་ སློབ་སྟོན་པ་ཅིག་གིས་ འགོ་ཁྲིད་ཐོག་ལས་ ན་གཞོན་༡༠ གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
འབྲུག་གི་སྡེ་ཚན་ནང་ལས་ མི་༣ གྱིས་ གསེར་གྱི་རྟགས་མ་དང་༧ གྱིས་ དངུལ་གྱི་རྟགས་མ་ དེ་ལས་༢ ཀྱིས་ ལིའི་རྟགས་མ་ཚུ་ ཐོབ་ཡོདཔ་ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment