གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་ཆེན་གནང་སར་ སྣུམ་འཁོར་ཐོག་ལས་ དངུལ་འབྲེལ་ཞབས་ཏོག།

༢༢/༡༢/༢༠༡༢   ༉ སྤུ་ན་ཁ་ལུ་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་ དབང་ཆེན་གནང་ས་ལུ་ འབྲུག་དངུལ་ཁང་གིས་ ཏི་རུ་བཏོན་ནིའི་ ཨེ་ཊི་ཨེམ་འཕྲུལ་ཆས་དང་ ཏི་རུ་བཙུགས་ནིའི་ཞབས་ཏོག་ཚུ་ འགོ་བཙུགས་མི་ལུ་བརྟེན་ དབང་ཞུ་མི་ཚུ་གིས་ དངུལ་འབྲེལ་གྱི་ཞབས་ཏོག་ཚུ་ སྟབས་བདེ་ཏོག་ཏོ་སྦེ་ སྤྱོད་ཚུགས་དོ་ཡོདཔ་ཨིན་པས།
སྤུ་ན་ཁ་ལུ་ དབང་ཞུ་མི་ཚུ་གིས་ ཏི་རུ་བཙུགས་བཏོན་གྱི་ ཞབས་ཏོག་སྤྱོད་པའི་བསྒང་།


ཞབས་ཏོག་དེ་ སྣུམ་འཁོར་བཱེན་གྱི་ཐོག་ལས་ མཁོ་སྤྲོད་འབད་དོ་ཡོདཔ་ད་ དེ་ཡང་ སྣུམ་འཁོར་དེ་གི་ ལོགས་གཅིག་ཁར་ འབྲེལ་སྟེགས་ཅིག་ཡོད་ས་ལས་ ཏི་རུ་བཏོན་ནི་དང་ བཙུགས་ནིའི་ཞབས་ཏོག་ཚུ་ བྱིན་དོ་ཡོདཔ་ད་ དེའི་གཡས་ཕྱོགས་ལུ་ ཨེ་ཊི་ཨེམ་འཕྲུལ་ཆས་ཅིག་ ཡོདཔ་ཨིན་པས།
སྣུམ་འཁོར་བཱེན་དེ་ དབང་གནང་ས་ ཐང་བཟང་ནང་གི་ ལྟག་ལུ་བཞག་ཡོདཔ་ད་ ཞབས་ཏོག་དེ་ སྤྱི་ཟླ་༡༢ པའི་ཚེས་༢༠ ལུ་ དབང་འགོ་བཙུགས་པའི་ཉིནམ་ལས་ འགོ་བཙུགས་ཡོདཔ་ཨིན་རུང་ ཕྱི་ལས་ལྟཝ་ད་ མང་ཤོས་ཅིག་གིས་ སྤྱིར་བཏང་སྣུམ་འཁོར་བཟུམ་སྦེ་ མཐོང་ཡོདཔ་མ་གཏོགས་ དངུལ་འབྲེལ་ཞབས་ཏོག་བྱིན་མི་ཨིནམ་ མ་ཤེསཔ་ལས་ སྤྱོད་མི་མངམ་མ་ཐོན་པས།
ཉིནམ་དང་པའི་ནང་ ཞབས་ཏོག་སྤྱོད་མི་ཅིག་ སྐྱེས་ལོ་༣༡ ལང་མི་ པདྨ་དོན་གྲུབ་ཨིནམ་ད་ ཁོ་གིས་ ཏི་རུ་གསོག་འཇོག་གི་དོན་ལུ་ དངུལ་ཁང་ནང་ དངུལ་ཀྲམ་༥,༠༠༠ བཙུགས་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ དེ་བཟུམ་གྱི་ ཞབས་ཏོག་མ་བཙུགས་པ་ཅིན་ ཏི་རུ་བཙུགས་ནིའི་དོན་ལུ་ ཁུ་རུ་ཐང་ལུ་ འགྱོ་དགོ་ནི་མས་ཟེར་ སླབ་ཨིན་པས།
གལ་སྲིད་ ཁུ་རུ་ཐང་ལུ་ འགྱོ་དགོ་པ་ཅིན་ དབང་ཆད་ནི་མས་ཟེར་ ཁོ་གིས་ སླབ་ཡོདཔ་ད་ གླ་འཁོར་བཏང་མི་ པདྨ་དོན་གྲུབ་ཀྱིས་ སླབ་མིའི་ནང་ ཉིནམ་གཅིག་ར་ མི་ཚུ་སྐྱེལ་འདྲེན་འབད་དེ་ ཏི་རུ་ཐོབ་མི་ཚུ་ དེ་འཕྲོ་ལས་ དངུལ་ཁང་ནང་ མ་བཙུགས་པ་ཅིན་ འཕྲོ་བརླག་འགྱོ་ནི་དེ་གིས་ ཞབས་ཏོག་དེ་ ཕན་ཐོགས་སྦོམ་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ མདོ་སྡེ་བྲག་ལས་ དགེ་སློང་ཕུར་པ་རྡོ་རྗེ་གིས་ཡང་ ཨེ་ཊི་ཨེམ་ནང་ལས་ དངུལ་ཀྲམ་༥༠༠ བཏོན་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ དེ་བཟུམ་གྱི་ཞབས་ཏོག་བཙུགས་མི་དེ་གིས་ དངུལ་བྱང་སྟོར་ཤོར་ནིའི་ ཉེན་ཁ་མིན་འདུག་ཟེར་ཨིན་པས།
སྣུམ་འཁོར་གྱི་ཐོག་ལས་ དངུལ་འབྲེལ་གྱི་ ཞབས་ཏོག་བྱིན་མི་དེ་ ན་ཧིང་ལས་ འགོ་བཙུགས་ཡོད་རུང་ ད་ཚུན་གྱི་བར་ན་ ལེགས་ཤོམ་སྦེ་ ལག་ལེན་འཐབ་མ་ཚུགས་ཟེར་ཨིནམ་ད་ ད་རེས་ དབང་གི་སྐབས་ལུ་ ཞབས་ཏོག་ལེགས་ཤོམ་སྦེ་ བྱིན་ཚུགས་ཅི་ཟེར་ཨིནམ་ད་ དེ་བཟུམ་གྱི་ཞབས་ཏོག་དེ་ ངོ་མ་ར་ མི་འཛོམས་སའི་ ས་ཁོངས་ནང་ བྱིན་ནིའི་དོན་ལུ་ཨིན་ཟེར་ འབྲུག་གི་དངུལ་ཁང་གི་འགོ་དཔོན་ ཚེ་རིང་ལྷ་མོ་གིས་ སླབ་ཨིན་པས།
མོ་གིས་སླབ་མིའི་ནང་ ཞབས་ཏོག་དེ་ མི་ག་ཏེ་ སྤུངས་འཛོམས་འབད་སར་ བྱིན་ཚུགས་ནི་ཨིན་རུང་ ད་རེས་ དབང་གནང་སའི་ལྟག་ལུ་བཞག་དགོ་མི་དེ་ གློག་མེ་དང་ གློག་རིག་ཡོངས་འབྲེལ་གྱི་ཞབས་ཏོག་ ལེགས་ཤོམ་ཡོད་ནི་དེ་གིས་ཨིནམ་ད་ གལ་སྲིད་ ཞབས་ཏོག་དེ་ཚུ་མེད་པ་ཅིན་ དངུལ་འབྲེལ་ཞབས་ཏོག་བྱིན་ནི་ལུ་ བར་ཆད་རྐྱབ་ནིའི་ཉེན་ཁ་ཡོད་ཟེར་ཨིན་པས།
དེ་བཟུམ་མའི་ ཞབས་ཏོག་དེ་ རྒྱལ་ཁབ་ནང་ འགོ་དང་པ་ཨིནམ་ད་ ལས་བྱེདཔ་ བསོད་ནམས་རྡོ་རྗེ་གིས་འབད་བ་ཅིན་ སྣུམ་འཁོར་དེ་ ཐཱའེ་ལེནཌི་རྒྱལ་ཁབ་ལས་ གོང་ཚད་དངུལ་ཀྲམ་ས་ཡ་༥ ལྷགཔ་ཅིག་ སྤྲོད་ཐོག་ལས་ ནང་འདྲེན་འབད་ཡི་ཟེར་ཨིནམ་ད་ཞབས་ཏོག་དེ་ དྲོ་པའི་ཆུ་ཚོད་༩ ལས་ ཕྱི་རུའི་ཆུ་ཚོད་༣ ཚུན་ སྤྱོད་ཚུགས་ནི་ཨིན་པའི་གནས་ཚུལ།

སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment