གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕྱི་མི་ཅིག་ལུ་ ཨར་རྐུན་འབད་བའི་ བཙོན་ཁྲིམས་ལོ་༣ ཕོག་ཡོདཔ།

༧/༡༢/༢༠༡༢   ༉ དུས་ཅི་ སྤྱི་ཟླ་དང་པའི་ཚེས་༥ གི་ ནུབ་མོའི་ཆུ་ཚོད་༡༠:༢༥ དེ་ཅིག་ཁར་ ཐིམ་ཕུ་ཨོ་ལ་ཁའི་ ཚོང་འབྲེལ་ས་ཁོངས་ ཤེལ་རི་སི་ཀོ་ཡེར་ནང་ ཅ་ཆས་ཚུ་ ཨར་རྐུན་འབད་མི་ཉེས་ཅན་ ནེ་པཱལ་གྱི་ མི་ཁུངས་ཨིན་མི་ ཚེ་རིང་ཤེར་པ་ལུ་ ཐིམ་ཕུ་ཁྲིམས་འདུན་གྱི་ ཁྲིམས་ཁྲི་༥ པ་གིས་ བཙོན་ཁྲིམས་ལོ་༣ དང་ ཟླཝ་༢ བཀལ་ཡོདཔ་ཨིན་པས།


འཁྲུན་ཆོད་དང་འཁྲིལཝ་ད་ སྤྱི་ཟླ་༡ པའི་ཚེས་༥ ལུ་ ཚེ་རིང་ཤེར་པ་དང་ ཉེས་འབྲེལ་པ་ ཅོཔ་ར་༢ ཀྱིས་ ཤེལ་རི་སི་ཀོ་ཡེར་སྒྲིང་ཁྱིམ་གྱི་ སྟེང་ཐོག་ལུ་ བཤལ་བར་འགྱོ་བའི་སྐབས་ དེ་ནང་ སྙན་ཆའི་ཚོང་ཁང་ཅིག་ མཐོང་ཡོདཔ་བཞིན་དུ་ ཉེས་འབྲེལ་པ་གིས་ ཚོང་ཁང་དེ་གི་ཤེལ་གུ་ རྡོག་ཐལ་བླུགས་ཏེ་ ཤེལ་བཅག་དཀྲུམ་བཏང་ཡོདཔ་ཨིན་པས།
དེ་ལས་ ཁོང་གིས་ སྙན་ཆ་སྒྲ་སྙན་དང་ གློག་རིག་ཀམ་པུས་ཊར་གྱི་ ཀི་བོཌ་ཚུ་ འཐུ་འབག་སྟེ་ སྒྲིང་ཁྱིམ་ནང་ལས་ ཕྱི་ཁར་ཐོན་འགྱོ་བའི་སྐབས་ སི་སི་ཊི་བི་པར་ཆས་ནང་ གསལ་ཏོག་ཏོ་སྦེ་ མཐོང་ཚུགས་པས་ཟེར་ཨིན་པས།
ཨར་རྐུན་འབད་མི་ཉེས་ཅན་ ཚེ་རིང་ཤེར་པ་དེ་ འབྲུག་པའི་མི་ཁུངས་མེན་རུང་ ཁོ་ལུ་ འབྲུག་རྒྱལ་ཁབ་ནང་ འཛུལ་ཆོག་པའི་ ནང་སྐྱོད་ཆོག་ཐམ་མེད་པའི་ཁར་ ཁྲིམས་འགལ་ཐོག་ལས་ གཞིས་སྤོ་སྟེ་ ཚར་ལེ་ཤ་ཅིག་ར་ འཛུལ་ཞུགས་འབད་ནུག་ཟེར་ཨིན་པས།
མ་གཞི་ ཚོང་འབྲེལ་ས་ཁོངས་དེ་ནང་ ནུབ་མོའི་སྲུང་རྒྱབ་ཡོད་དེ་འབད་རུང་ དེ་བསྒང་ སྲུང་རྒྱབ་དེ་ ཚོང་འབྲེལ་ས་ཁོངས་ནང་གི་ གློག་མེ་ཚུ་བསད་པར་ འགྱོ་བའི་སྐབས་ རྐྱེན་ངན་དེ་ བྱུང་ནུག་ཟེར་ཨིན་པས།
ཚེ་རིང་ཤེར་པ་གིས་ སྙན་ཆའི་ཚོང་ཁང་ནང་འཛུལ་ཏེ་ ཨར་རྐུན་འབད་མི་ལུ་བརྟེན་ ཉེས་ཁྲིམས་དབྱེ་རིམ་༤ པའི་ཉེས་ཆེན་ ལོ་༣ བཀལ་ཡོདཔ་ཨིན་པས།
དེ་མ་ཚད་ ཅ་ཆས་ཚུ་གི་ རིན་ཐང་དང་བསྟུན་པའི་ཁྲིམས་ཚད་ ཟླཝ་༡ དང་ འབྲུག་རྒྱལ་ཁབ་ནང་ འཛུལ་ཆོག་པའི་ ཆོག་ཐམ་མེད་པར་ ཁྲིམས་འགལ་ཐོག་ལས་ གཞིས་སྤོ་སྟེ་ འཛུལ་ཞུགས་འབད་མི་ལུ་བརྟེན་ ཉེས་ཁྲིམས་ཟླཝ་༡ འབདཝ་ད་ ཉེས་ཁྲིམས་བསྡོམས་ ལོ་༣ དང་ ཟླཝ་༢ བཀལ་ཡོདཔ་ཨིན་པས།
ཨིན་རུང་ ཁོ་གིས་ ཁྲིམས་སྲུང་འགག་པའི་དོ་དམ་འོག་ལུ་ ཟླཝ་༣ དང་ ཞག་གྲངས་༧ སྡོད་ནི་དེ་གིས་ ལྷག་ལུས་ལོ་༢ དང་ ཟླཝ་༡༠ ཞག་གྲངས་༢༣ ཡོད་མི་དེ་ ཁྲིམས་འཐུས་བཏབ་མ་ཆོགཔ་ ཨིན་པའི་གནས་ཚུལ།



 
ཡེ་ཤེས་སྒྲོལ་མ།

No comments:

Post a Comment