གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤིང་དུམ་གྱི་ལཱ་འབད་མི་ཅིག་བསད་ཡོདཔ།

༤/༡༢/༢༠༡༢   ༉ ཁ་ཙ་ བུམ་ཐང་ལུ་ སྐྱེས་ལོ་༡༨ ལང་མི་ ཕོ་སྐྱེས་ཅིག་ ཤིང་དུམ་གྱི་འོག་ལུ་ཚུད་དེ་ ས་ཁོངས་དེ་ནང་ར་ བསད་ཡོདཔ་ཨིན་པས།


བུམ་ཐང་གི་ ཁྲིམས་སྲུང་འགག་པ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཚེ་འདས་ཕོ་སྐྱེས་དེ་ ཤིང་བཏོན་འཐེན་འཕྲུལ་ གི་ལིང་གི་ཐགཔ་ བཏོན་པར་འགྱོ་བའི་སྐབས་ ཤིང་བསྒྱིར་འོང་སྟེ་ འོག་ལུ་ཚུད་ཡོད་པའི་ཁར་ ཧེ་མ་ལས་ སྤུངས་བཞག་མི་ ཤིང་ཚུ་ཡང་ རམ་འོང་སྟེ་ ཨེབ་ནུག་ཟེར་ཨིན་པས།
ཚེ་འདས་ཕོ་སྐྱེས་དེ་ དུར་གཡུས་ཚན་གྱི་ སྦོ་ལོགས་ཁར་ཡོད་མི་ རང་བཞིན་སླར་འབྱུང་འཐོན་སྐྱེད་གོང་འཕེལ་ལས་འཛིན་དང་གཅིག་ཁར་ ཤིང་བཏོན་སྡོད་མི་ཅིག་ཨིན་པས།
ཕོ་སྐྱེས་དེ་གི་ལྷ་པ་ལས་ ཁྲག་དུམ་གྲ་རེ་ ཐོན་ཡོདཔ་མ་གཏོགས་ ཕྱི་གཟུགས་ལུ་ རྨ་སྐྱོན་ཚུ་མ་བཏོན་རུང་ ནང་ན་གནོད་སྐྱོན་ཤུགས་སྦེ་ར་ རྐྱབ་ཡོདཔ་འོང་ནི་མས་ཟེར་ ཁྲིམས་སྲུང་འགག་པ་གིས་ བཤདཔ་ཨིན་པས།
ཚེ་འདས་ཁོ་ར་ གཉེན་མ་རྐྱབ་པའི་ཁར་ ཁག་འབགཔ་དང་གཅིག་ཁར་ ཤིང་དུམ་གྱི་ལཱ་འབད་དེ་ སྡོད་དོ་ཡོདཔ་ད་ ཁོ་ར་ དུར་གཡུས་ཚན་ལས་ཨིན་པས།
གསོ་བའི་ལས་བྱེདཔ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ དེ་བཟུམ་མའི་ རྐྱེན་ངན་བྱུང་པའི་སྐབས་ གཟུགས་ཀྱི་ཕྱི་ཁར་ རྨ་སྐྱོན་ཚུ་མ་བཏོན་རུང་ ནང་ན་གནོད་སྐྱོན་སྦོམ་རྐྱབ་ནི་དེ་གིས་ ཉེན་ཁ་སྦོམ་ཡོད་ཟེར་ ཨིན་པའི་གནས་ཚུལ།



 
བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment