གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཙུག་སྡེ་ཚུ་ལུ་ འབྲུག་ཐུགས་སྲས་ཀྱི་ རྟགས་མ་གནང་ཡོདཔ།

༡༨/༡༢/༢༠༡༢   ༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ཚོགས་དང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ལུ་ གཙུག་སྡེའི་རྟགས་མ་ འབྲུག་ཐུགས་སྲས་ཀྱི་ རྟགས་མ་གནང་ཡི།
འབྲུག་གི་ཐུགས་སྲས་རྟགས་མ་ཐོབ་མི་ གཡོན་ལས་ འགུཔ་བསོད་ནམས་དབང་ཕྱུག་དང་ འགུཔ་དགའ་མདོག།


དེ་ཡང་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོའི་ཚོགས་པ་ དེ་ལས་ རྒྱལ་ཡོངས་ཚོགས་སྡེ་ལུ་ གནང་ཡོདཔ་ད་ མི་དབང་མཆོག་གིས་འབད་བ་ཅིན་ གཙུག་སྡེའི་རྟགས་མ་གནང་དགོ་མི་དེ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ ཐུགས་ཀྱི་དགོངས་བཞེད་དང་འཁྲིལ་ཏེ་ སྤྱི་ལོ་༢༠༠༨ ལུ་ དམངས་གཙོའི་རིང་ལུགས་འགོ་དང་པ་ གཞི་བཙུགས་འབད་བའི་སྐབས་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོའི་ཚོགས་པ་ དེ་ལས་ རྒྱལ་ཡོངས་ཚོགས་སྡེ་ཚུ་གིས་ འགན་ཁག་ཧྲིལ་བུམ་འབག་སྟེ་ ཐ་དམ་ཚིག་དཔང་བཙུགས་ཀྱི་སྒོ་ལས་ ཕྱག་ལཱ་གནང་མི་ལུ་བརྟེན་ཏེ་ཨིན་ཟེར་གསུངས་ཡི།
ད་རུང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ལུ་ གཙུག་སྡེའི་རྟགས་མ་གནང་ཡོདཔ་ད་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ལུ་ གནང་དགོ་མི་དེ་ཡང་ ལས་བྱེདཔ་ཚུ་གིས་ རྒྱལ་ཁབ་ནང་ རྒྱུ་ནོར་ཚད་ཅིག་ལས་མེད་མི་དེ་ བདག་འཛིན་ལེགས་ཤོམ་སྦེ་འཐབ་ཞིནམ་ལས་ དུས་ཡུན་ཐུང་ཀུ་ཅིག་ནང་ འགན་ཁག་སྦོམ་འབག་སྟེ་ ག་དེ་དྲག་དྲག་ཕྱག་ཞུ་ནི་དེ་གིས་ཨིན་ཟེར་ མི་དབང་མཆོག་གིས་ གསུངས་ཡི།
དེ་དང་གཅིག་ཁར་ དྲིན་ཅན་གྱི་ཕམ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ལུ་ མི་ཚེའི་རིང་ ཕྱག་ཞུ་མི་ འགུབ་དགའ་མདོག་དང་ འགུབ་བསོད་ནམས་དབང་ཕྱུག་གཉིས་ལུ་ཡང་ འབྲུག་ཐུགས་སྲས་ཀྱི་ རྟགས་མ་གནང་ཡི།
དེ་ཡང་ ཁོང་གཉིས་ཀྱིས་ འབྲུག་རྒྱལ་བཞི་པ་མཆོག་ ཕྱག་དཔེ་གཟིགས་བཞུགས་པའི་བསྒང་ལས་ འགོ་བཙུགས་ཏེ་ གསེར་ཁྲི་གུར་ དགུང་ལོ་༣༤ གི་རིང་ བཞུགས་པའི་སྐབས་ལུ་ཡང་ ཅི་ལྕོགས་གང་ལྕོགས་ཀྱི་སྒོ་ལས་ ཕྱག་ཕྱིད་ལེགས་ཤོམ་སྦེ་ཞུ་བའི་ ངོས་འཛིན་ལུ་གནང་ཡོད་པའི་གནས་ཚུལ།


ཡེ་ཤེས་སྒྲོལ་མ།

No comments:

Post a Comment