གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གྱིབ་ཀྱི་རྩྭ་གདན་འཐིང་མི་ ལྕང་གླིང་མི་ཐང་གི་ ཕུཊི་བཱོལ་རྩེད་ཐང་ འགོ་འབྱེད་འབད་ཡོདཔ།

༡༧/༡༢/༢༠༡༢   ༉ ཐིམ་ཕུ་ལྕང་གླིང་མི་ཐང་གི་ ཕུཊ་བཱོལ་རྩེད་ཐང་ནང་ གྱིབ་ཀྱི་བཟོ་བའི་རྩྭ་གདན་འཐིང་ནིའི་ལས་འགུལ་དེ་ མཇུག་བསྡུ་མི་དང་འབྲེལ་ སྤྱི་ཟླ་༡༢ པའི་ཚེས་༡༥ ལུ་ མི་དབང་རྒྱལ་སྲས་ འཇིགས་རྒྱལ་ཨྱོན་དབང་ཕྱུག་མཆོག་གིས་ འགོ་འབྱེད་མཛད་གནང་ཡི།
རྒྱལ་སྲས་འཇིགས་རྒྱལ་ཨོ་རྒྱན་དབང་ཕྱུག་མཆོག་གིས་ རྩེད་ཐང་འགོ་བྱེད་གནང་བའི་བསྒང་།


དེ་གི་སྐབས་ བློན་པོ་ལྷན་རྒྱས་དང་ ཆེ་མཐོའི་འགོ་དཔོན་ འབྲུག་ཕུཊ་བཱོལ་ཚོགས་སྡེའི་འགོ་དཔོན་ རྩེད་འགྲན་ནང་ བཅའ་མར་གཏོགས་མི་ དེ་ལས་ སློབ་ཕྲུག་ཕོ་མོ་ཚུ་གིས་ འབྲེལ་གཏོགས་འབད་ཡི།
འབྲུག་ཕུཊ་བཱོལ་ཚོགས་སྡེའི་ཁྲི་འཛིན་ དྲག་ཤོས་ཨྱོན་ཚེ་ཁྱབ་རྡོ་རྗེ་གིས་ གསལ་བཤད་འབད་མིའི་ནང་ རྒྱལ་ཁབ་ནང་ འགོ་དང་པ་ ལྕང་གླིང་མི་ཐང་ནང་འཐིང་མི་ གྱིབ་ཀྱི་རྩྭ་གདན་དེ་ འཛམ་གླིང་རྒྱལ་སྤྱིའི་ཕུཊ་བཱོལ་ཚོགས་སྡེའི་ དམིགས་གསལ་ལས་འགུལ་ཅིག་ཨིནམ་ལས་ ཟད་འགྲོ་ཚུ་ཡང་ འཛམ་གླིང་རྒྱལ་སྤྱིའི་ཕུཊ་བཱོལ་ཚོགས་སྡེ་གིས་ བཏང་སྟེ་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ རྩྭ་གདན་འཐིང་ནིའི་ལས་འགུལ་དང་པ་དང་༢ པ་དེ་ ལྕང་ཇི་ཇི་ཕུཊ་བཱོལ་རྩེད་ཐང་ནང་སྦེ་ སྤྱི་ལོ་༢༠༡༣ སྤྱི་ཟླ་༢ པ་དང་༣ པ་ལས་འགོ་བཙུགས་འོང་ཟེར་ ཨིན་པས།
མ་གཞི་ རྩྭ་གདན་ཚུ་ རྫོང་ཁག་༢༠ ག་ར་ནང་ ཁྱབ་ཚུགསཔ་སྦེ་ བྱིན་ནིའི་འཆར་གཞི་དང་ ལས་རིམ་ཡོད་རུང་ ད་ཚུན་ རྒྱལ་ཁབ་ནང་ རྒྱལ་སྤྱིའི་དགོས་མཁོ་དང་འཁྲིལ་ ས་སྒོ་ལེགས་ཤོམ་ འཐོབ་མ་ཚུགས་པའི་དཀའ་ངལ་ལུ་བརྟེན་ ཐོགས་ལུས་ཏེ་ཡོད་ཟེར་ཨིན་པས།
ལྷག་པར་དུ་ གཙོ་འཛིན་གྱིས་སླབ་མིའི་ནང་ ན་གཞོན་ཚུ་གིས་ ཤེས་རིག་ཡོན་ཏན་ལུ་རྐྱངམ་གཅིག་ བརྩོན་འགྲུས་བསྐྱེད་ནི་མེན་པར་ སྤྱིར་བཏང་ ཕྱི་ནང་གསང་༣ གྱི་ ཡོན་ཏན་ག་ར་ ཚང་དགོཔ་གལ་ཆེ་ཟེར་གསུངས་ཡི།
དེ་མ་ཚད་ རྒྱལ་ཁབ་ནང་ ལཱ་གཡོག་གི་ གོ་སྐབས་འཐོབ་ནི་ལུ་ དོ་འགྲན་ཅན་ཡོདཔ་ལས་ ད་ལས་ཕར་ ཕུཊ་བཱོལ་རྩེད་འགྲན་འབད་ནི་ལུ་ སྤྲོ་བ་དང་ དང་འདོད་བསྐྱེད་དེ་ ཕུཊ་བཱོལ་གྱི་ཤེས་ཡོན་དང་ རིག་རྩལ་ མཁས་ཡོན་ ཉམས་མྱོང་ཡོདཔ་འདྲཝ་ཅིག་འབད་བ་ཅིན་ མི་ཚེའི་ནང་ རོགས་ཀྱི་གདོང་ཁར་ བཟང་ལམ་ལམ་དང་ གཞུང་དང་མི་སེར་ དེ་ལས་ ཕམ་སྤུན་ཆ་ཚུ་ལུ་ཡང་ ཕྱག་ཕྱིད་ཞུ་ཚུགས་ཟེར་ གསུངས་ཡི།
དེ་བཟུམ་སྦེ་ འཛམ་གླིང་རྒྱལ་སྤྱི་ལས་ ངོ་ཚབ་འགོ་དཔོན་ཅིག་གིས་ འབད་བ་ཅིན་ འབྲུག་རྒྱལ་ཁབ་ནང་ ད་ལས་ཕར་ ཕུཊ་བཱོལ་རྩེད་འགྲན་འབད་མི་ཚུ་གིས་ གྱིབ་ཀྱི་རྩྭ་གདན་ཐོག་ཁར་ ལེགས་ཤོམ་སྦེ་ རྩེད་འགྲན་འབད་ཚུགས་པའི་ཁར་ རྒྱལ་སྤྱིའི་ནང་ཡང་ བཅའ་མར་གཏོགས་ཚུགས་པའི་ དགོས་པ་སྦོམ་ཡོད་ཟེར་ སླབ་ཅི།
ད་རེས་ ལས་འགུལ་མཇུག་བསྡུ་མི་ ལྕང་གླིང་མི་ཐང་གི་ ཕུཊ་བཱོལ་རྩེད་ཐང་དེ་ རྒྱལ་སྤྱི་ལམ་ལུགས་དང་འཁྲིལ་ རིང་ཚད་མི་ཊར་༡༡༠ དང་ རྒྱ་ཚད་མི་ཊར་༧༠ ཡོདཔ་མ་ཚད་ རིང་ཚད་མི་ཊར་༦༠ དང་ རྒྱ་ཚད་མི་ཊར་༤༠ འབད་མི་ ཕུཊ་བཱོལ་རྩེད་ཐང་ཆུང་བ་དེ་ནང་ཡང་ རྩྭ་གདན་འཐིང་ནིའི་ ལཱ་འབད་བའི་བསྒང་ཡོདཔ་ཨིན་པས།
བཅོས་མ་རྩ་ཐུང་གི་ ལས་འགུལ་ཐེངས་དང་པ་དང་༢ པ་༣ པ་ དེ་ལས་༤ པ་ལུ་ མ་དངུལ་ཡོངས་བསྡོམས་ ཡུ་ཨེསི་ཌོ་ལར་༩༠༠,༠༠༠ འབད་མི་དེ་ རྒྱལ་སྤྱི་ཕུཊ་བཱོལ་ཚོགས་སྡེ་གིས་ བྱིན་ཡོདཔ་ཨིན་པའི་གནས་ཚུལ།


བཀྲིས་ཕུན་ཚོགས།

No comments:

Post a Comment