གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བི་ཝ་ལེཊ་གི་ ཞབས་ཏོག་ལུ་བརྟེན་པའི་ཕན་ཁྱད།

༡༧/༡༢/༢༠༡༢   ༉ ད་ལས་ཕར་ འགྲུལ་འཕྲིན་གྱི་ཞབས་ཏོག་ལྷོད་ས་དང་ འབྲུག་རྒྱལ་ཡོངས་དངུལ་ཁང་ནང་ རྩིས་ཁྲ་ཡོད་མི་ འབྲུག་གི་ས་གནས་གེ་རའི་མི་མང་ཡོངས་ཀྱིས་ འགྲུལ་འཕྲིན་མོ་བཱ་ཡེལ་ནང་ དངུལ་བཙུགས་ནི་དང་ རྩིས་ཁྲ་ཅིག་ལས་ སོ་སོའི་ནང་ ཏི་རུ་སྤོ་སོར་འབད་ནི་ཚུ་ འགྲུལ་འཕྲིན་བཱ་ཡེལ་གྱི་ཐོག་ལས་ འབད་ཚུགས་ནི་ཨིན་པས།


དེ་ཡང་ སྤྱི་ཟླ་༡༢ པའི་ཚེས་༡༤ ལུ་ འབྲུག་བརྒྱུད་འཕྲིན་ཚད་ཀྱིས་ འབྲུག་རྒྱལ་ཡོངས་དངུལ་ཁང་དང་ མཉམ་འབྲེལ་ཐོག་ལས་ བི་མོ་བཱ་ཡེལ་ལག་ལེན་འཐབ་མི་དང་ འབྲུག་རྒྱལ་ཡོངས་དངུལ་ཁང་ནང་ རྩིས་ཁྲ་ཡོད་མི་ཚུའི་དོན་ལུ་ འགྲུལ་འཕྲིན་བཱ་ཡེལ་ནང་ དངུལ་བཙུགས་ནི་དང་ འབྲུག་རྒྱལ་ཡོངས་དངུལ་ཁང་གི་ རྩིས་ཁྲ་ཅིག་ལས་ རྩིས་ཁྲ་སོ་སོའི་ནང་ འགྲུལ་འཕྲིན་གྱི་ཐོག་ལས་ ཏི་རུ་སྤོ་སོར་འབད་བཏུབ་པའི་ བི་ཝ་ལེཊ་ཟེར་མི་ ཞབས་ཏོག་གསརཔ་ཅིག་ འགོ་བཙུགས་ནུག།
ཞབས་ཏོག་དེ་ལུ་བརྟེན་ ཧེ་མ་བཟུམ་སྦེ་ ལཱ་ཁག་སྦེ་ རྩིས་ཤོག་ཉོ་སྟེ་བཙུགས་པར་ འགྱོ་མ་དགོཔ་ད་ གློག་རིག་ཐོག་ལས་ བཙུགས་མ་དགོ་པར་ འཇམ་ཏོག་ཏོ་སྦེ་ བཙུགས་ཚུགས་པའི་ཁར་ བི་མོ་བཱ་ཡེལ་གྱི་ ཞབས་ཏོག་ག་ཏེ་ཡོད་སར་ ནམ་ར་འབད་རུང་ བརྟན་ཏོག་ཏོ་དང་ ཐོབ་ཆོག་ཆོ་འོང་ནི་ཨིནམ་ལས་ དུས་ཚོད་དང་ ཏི་རུ་འཕྲོ་བརླག་མི་འགྱོ་ནི་ཨིན་པས།
དེ་མ་ཚད་ ཞབས་ཏོག་དེ་ རིན་མེད་སྟོང་པ་དང་ ཉིན་ནུབ་མེད་པར་ འཐོབ་ཚུགས་ནི་དེ་གིས་ དངུལ་སྤོ་སོར་གྱི་དོན་ལུ་ ལཱ་ཁག་སྦེ་དངུལ་ཁང་ནང་ འགྱོ་མ་དགོ་པའི་ཁར་ འགྲུལ་འཕྲིན་ནང་ དངུལ་བཙུགས་དང་ དངུལ་སྤོ་སོར་གྱི་དོན་ལུ་ རྩིས་ཤོག་དང་ ཤོག་འཛིན་ཚུ་ ལག་ལེན་འཐབ་མ་དགོ་ནི་དེ་གིས་ རང་བཞིན་མཐའ་འཁོར་གནས་སྟངས་ལུ་ཡང་ ཕན་པ་འོང་ནི་ཨིན་པས།
ཞབས་ཏོག་དེ་གི་དོན་ལུ་ འབྲུག་བརྒྱུད་འཕྲིན་གྱི་ འབྲི་ཤོག་དེ་ བཀང་ཞིནམ་ལས་ རང་གི་མི་ཁུངས་ངོ་སྤྲོད་ལག་ཁྱེར་དང་གཅིག་ཁར་ འབྲུག་བརྒྱུད་འཕྲིན་ཚད་ཀྱི་ ཡིག་ཚང་ནང་ སྤྲོད་དགོ་ནི་དང་ ས་གནས་འབད་བ་ཅིན་ བུམ་ཐང་དང་ འགྲམ་ཕུ་ དགེ་ལེགས་ཕུག་ སྒོམ་ཀྲུ་ མོང་སྒར་ སྤ་རོ་ ཕུན་ཚོགས་གླིང་ བསམ་གྲུབ་ལྗོངས་མཁར་ ཐིམ་ཕུ་ ཀྲོང་གསར་ བཀྲིས་སྒང་ དབང་འདུས་ཕོ་བྲང་ཚུ་ལས་ ཐོ་བཀོད་འབད་དགོ་ནི་ཨིན་པས།
དེ་བཟུམ་སྦེ་ མི་མང་ཤོས་ཀྱིས་ ཞབས་ཏོག་དེ་ ལག་ལེན་འཐབ་བཅུག་ནིའི་དོན་ལུ་ འབྲུག་བརྒྱུད་འཕྲིན་ཚད་ཀྱིས་ དངུལ་ཁང་གཞན་དང་ཡང་ བི་ཝེལ་ལེཊ་ཞབས་ཏོག་འགོ་བཙུགས་ནིའི་ ལཱ་ཚུ་འབད་ནི་དང་ མ་འོངས་ཟླཝ་༦ གི་ནང་འཁོད་ལུ་ སྤྱོད་འཐུས་སྤྲོད་ནི་ཚུ་ཡང་ བི་ཝ་ལེཊ་ཞབས་ཏོག་གི་ གྲངས་སུ་བཙུགས་ཏེ་ ཆུ་དང་ གློག་མེའི་སྤྱོད་འཐུས་ཚུ་ཡང་ འགྲུལ་འཕྲིན་གྱི་ཐོག་ལས་ བཏབ་བཏུབ་བཟོ་ནི་ཨིན་པས།
འབྲུག་བརྒྱུད་འཕྲིན་ཚད་ཀྱི་ ཚོང་འབྲེལ་དང་ མཐུད་སྦྲེལ་འཛིན་སྐྱོང་པ་ སངས་རྒྱས་དབང་འདུས་ཀྱིས་ སླབ་མིའི་ནང་ ཞབས་ཏོག་དེ་གི་དོན་ལུ་ འགྲུལ་འཕྲིན་ནང་ གློག་རིག་ཡོངས་འབྲེལ་དགོཔ་མེད་པའི་ཁར་ འགྲུལ་འཕྲིན་ནང་ དངུལ་བཙུགས་ཀྱི་ རྩིས་ཤོག་ཉོ་བར་ འགྱོ་མ་དགོ་པའི་ཁར་ ཏི་རུ་སྤོ་སོར་གྱི་དོན་ལུ་ དངུལ་ཁང་ནང་ འགྱོ་མ་དགོ་པར་ ལཱ་འཇམ་ཏོང་ཏོ་འབད་ཚུགས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།


ནོར་འཛིན་ལྷ་མོ།

No comments:

Post a Comment