གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྟོ་ཐོབ་སློབ་གྲྭའི་ བཞེས་སྒོ་དང་ ཟས་བཅུད་གནས་སྟངས་ཚུ་ ལྟ་རྟོག་ཐོག་ སྙན་ཞུ་འབད་དགོཔ།

༡༦/༠༦/༢༠༡༢   ༉ འཕྲལ་ཁམས་ཅིག་ཁར་ ལྷུན་རྩེ་རྫོང་ཁག་ནང་ སློབ་གྲྭ་ཁག་གི་ སློབ་ཕྲུག་༤༦ དེ་ཅིག་ལུ་ རྐགམ་སྦོ་བའི་ནད་གཞི་དང་འབྲེལ་བའི་ཞིབ་དཔྱད་སྙན་ཞུ་དང་འཁྲིལཝ་ད་ སློབ་ཕྲུག་ཚུ་གི་བཞེས་སྒོ་ནང་ འཛམ་གླིང་གསོ་བའི་ཚོགས་སྡེའི་ ཟས་བཅུད་ཚད་གཞི་དང་བསྟུན་པའི་ ཟས་བཅུད་ཚུ་ མ་ཐོབ་པས་ཟེར་ཨིན་པས།


གནས་སྟངས་དེ་གིས་འབད་ གསོ་བའི་ལྷན་ཁག་གིས་ རྫོང་ཁག་སོ་སོའི་རྫོང་བདག་ཚུ་ལུ་ དེ་བཟུམ་མའི་ གནས་སྟངས་ཚུ་ མར་ཕབ་དང་ ལེགས་བཅོས་ཀྱི་དོན་ལུ་ རྫོང་ཁག་གིས་ གསོ་བ་དང་ ཤེས་རིག་འགོ་དཔོན་གྱི་འགོ་ཁྲིད་ཐོག་ ལྟོ་ཐོབ་སློབ་གྲྭ་ཚུ་ནང་གི་ བཞེས་སྒོ་དང་ ཟས་བཅུད་གནས་སྟངས་ཚུ་ ལྟ་རྟོག་ཐོག་ལས་ འབྲེལ་ཡོད་ལྷན་ཁག་ལུ་ སྙན་ཞུ་འབད་དགོ་ཟེར་ཨིན་པས།
ལྷུན་རྩེ་རྫོང་ཁག་ནང་གི་ སློབ་ཕྲུག་ཚུ་ལུ་ ཟས་བཅུད་མ་ལང་པའི་ ནད་གཞིའི་གནས་སྟངས་ ཞིབ་དཔྱད་སྙན་ཞུ་དང་འཁྲིལཝ་ད་ ཟས་བཅུད་མ་ལང་པའི་ནད་གཞི་ཐོབ་པའི་ སློབ་ཕྲུག་མང་ཤོས་ར་ ཨའུ་ཚོ་རྒེད་འོག་ནང་འདུག་ཟེར་ཨིནམ་ད་ དེ་གི་གྲས་ལས་ མང་ཤོས་བུཚ་ཚུ་ཨིན་མས་ཟེར་བཀོད་ནུག།
ནད་གཞི་ཐོབ་མི་ བུམོ་ཉུང་སུ་འབད་མི་དེ་ཡང་ བུམོ་ཚུ་གིས་ བཞེས་སྒོ་གིས་མ་དོ་བར་ གཞན་ཁ་ཟས་ཚུ་བཟའ་ནི་དེ་གིས་ ཨིན་མས་ཟེར་ སྙན་ཞུའི་ནང་གསལ་བཀོད་འབད་ཡོདཔ་ཨིན་པས།
ཞིབ་དཔྱད་སྡེ་ཚན་གྱིས་འབད་བ་ཅིན་ ནད་གཞི་དེ་གཙོ་བོ་ར་ ཟས་བཅུད་ཀྱི་ནང་ལས་ བི་ཊ་མིན་ བི་དང་འབྲེལ་བའི་ བཅུད་ཉུང་མི་ལུ་བརྟེན་ཐོབ་དོ་ཡོད་པའི་ ངོས་འཛིན་བྱུང་ཡི་ཟེར་ཨིནམ་ད་ དེ་ཡང་ བི་ཊ་མིན་ བི་གི་སྨན་བྱིན་མི་གིས་ ཕན་ཐོགས་ཚུགསཔ་ཨིན་པས།
དེ་འབད་ནི་དེ་གིས་ ཞིབ་དཔྱད་སྡེ་ཚན་གྱིས་ སློབ་གྲྭ་ཚུ་ནང་ ཟས་བཅུད་ཉུང་མིའི་ཚབ་ལུ་ བི་ཊ་མིན་བི་ ཟླཝ་༦ དེ་ཅིག་ བྱིན་ནིའི་ལས་རིམ་བཟོ་ཡོདཔ་མ་ཚད་ ད་རུང་ ཟླཝ་༣ དེ་ཅིག་ སྨན་ཁང་ཚུ་ནང་ ཟས་བཅུད་དང་འབྲེལ་བའི་ སྨན་ཁབ་ཀྱི་ཐོ་ སྤྲོད་དགོ་པའི་ གྲོས་གཞི་འཁོད་ཡོདཔ་ཨིན་པས།
ལྷུན་རྩེ་ལུ་ ཟས་བཅུད་ཉུང་བའི་ནད་གཞི་གི་གནས་སྟངས་དེ་ སྤྱི་ཟླ་༥ པའི་ཚེས་༢༩ ལུ་ གསོ་བའི་ལྷན་ཁག་ལུ་ སྙན་ཞུ་འབད་དེ་ གསོ་བ་དང་ ཤེས་རིག་ལྷན་ཁག་གི་འགོ་དཔོན་ཚུ་དང་ གསོ་བའི་མཁས་མཆོག་ཚུ་གིས་ ཞིབ་དཔྱད་འབད་བར་ སོང་ཡོདཔ་ཨིན་པས།
ལྷུན་རྩེ་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ལས་ སློབ་ཕྲུག་༡༩ ལུ་ ནད་གཞི་དེ་ ཐོབ་ཡོད་པའི་དོགས་པ་ཐོག་ སྨན་བརྟག་ཚུ་འབད་ཡོདཔ་ད་ སློབ་ཕྲུག་༧ དེ་ཅིག་ མོང་སྒར་ལུང་ཕྱོགས་སྨན་ཁང་ནང་ བསྐྱལ་དགོཔ་བྱུང་ནུག།
གསོ་བ་དང་ ཤེས་རིག་འགོ་དཔོན་ གསོ་བའི་མཁས་མཆོག་ཚུ་གིས་ ལྷུན་རྩེ་འབྲིང་རིམ་སློབ་གྲྭ་གོང་མ་དང་ སྟག་མོ་ཆུ་འབྲིང་རིམ་སློབ་གྲྭ་བར་མ་ དེ་ལས་ ཨའུ་ཚོ་འབྲིང་རིམ་སློབ་གྲྭ་བར་མ་ཚུ་གི་ སློབ་ཕྲུག་ཚུ་ ཞིབ་དཔྱད་འབད་དེ་ སློབ་ཕྲུག་༤༦ དེ་ཅིག་ལུ་ ནད་གཞི་ཐོབ་པའི་ངོས་འཛིན་འབད་ཡོད་མི་ཚུ་ལུ་ བི་ཏ་མིན་བི་ བྱིན་ཐོག་ལས་སྨན་བཅོས་འབད་ཡོདཔ་ཨིན་པས།
སྙན་ཞུ་དེ་དང་འཁྲིལཝ་ད་ ཟས་བཅུད་མ་ལང་མི་ལུ་བརྟེན་ ཐོབ་པའི་ནད་གཞི་དེ་ འགོ་དང་པ་ སྤྱི་ལོ་༡༩༩༨ ལུ་ཐོན་ཡོདཔ་ད་ དེ་ལས་ཚུར་ ཧ་ལམ་ ལོ་བསྟར་བཞིན་དུ་ ཟས་བཅུད་དང་འབྲེལ་བའི་ནད་གཞི་གི་གནས་སྟངས་ཚུ་ཐོན་ཏེ་ར་སྡོད་ནུག་ཟེར་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment