གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དུས་ཚོད་ཁར་མ་ལྷོད་ནི་དེ་གིས་ ཐབ་ཐོབ་སྡེ་ཚན་ བཏོན་བཏང་ཡོདཔ།


མདའ་རྩེདཔ་ཚུ་ བཀག་རེག་ཕོག་པའི་
 མདའ་འཆམ་རྐྱབ་པའི་བསྒང་།
༉ ཁ་ཙ་ཉིན་མར་ ཐབ་ཐོབ་སྡེ་ཚན་དང་ ཨེ་བི་ཊི་ཨོ་སྡེ་ཚན་གཉིས་ཀྱི་བར་ན་ རྩེད་འགྲན་འབད་ནི་ཨིན་རུང་ ཐབ་ཐོབ་སྡེ་ཚན་གྱིས་ དྲོ་པའི་དུས་ཚོད་ཁར་ རྩེད་འགྲན་འབད་བར་འོང་ནི་མེད་མི་ལུ་བརྟེན་ ཨེ་བི་ཊི་ཨོ་སྡེ་ཚན་དེ་ རྒྱལ་ཁ་ཐོབ་པའི་གསལ་བསྒྲགས་འབད་ཡོདཔ་ཨིན་པས།

རྩེད་འགྲན་འགོ་འདྲེན་འཐབ་མི་ འབྲུག་མདའ་རྩེད་ཚོགས་སྡེ་ལས་ ཚེ་དབང་རྣམ་རྒྱལ་གྱིས་ བཤད་མི་དང་འཁྲིལཝ་ད་ རེས་གཟའ་ཉི་མ་ལས་ར་ སྡེ་ཚན་དེ་གིས་ བྱ་སྟབས་མ་བདེཝ་ཡོད་ལུགས་སྐོར་ལས་ ཁོ་ལུ་ བརྒྱུད་འཕྲིན་ལྷོད་ཅི་ཟེར་ཨིན་པས།
སྤྱིར་བཏང་སྡེ་ཚན་དེ་ལུ་ དཀའ་ངལ་བྱུང་སྟེ་ རྩེད་འགྲན་འབད་མ་ཚུགསཔ་ཨིན་རུང་ འབྲུག་མདའ་རྩེད་ཀྱི་ལམ་ལུགས་ཀྱི་བཅའ་ཡིག་དང་ སྒྲིག་གཞི་དང་འཁྲིལ་ ཕྱིར་དབྱུང་བཏང་དགོ་པའི་ཁར་ སྡེ་ཚན་གྱི་འཐུས་ དངུལ་ཀྲམ་༡༠,༠༠༠ དེ་ཡང་ ལོག་མི་འཐོབ་ཟེར་སླབ་ཨིན་པས།
འབའ་སྐྱོར་གཞན་མིའི་ནང་ དམ་ཅན་སྡེ་ཚན་དང་ ཕྱོགས་ལས་ཆུབ་སྐྱིད་སྡེ་ཚན་གཉིས་ཀྱི་བར་ན་ རྩེད་འགྲན་འབདཝ་ད་ དམ་ཅན་སྡེ་ཚན་གྱིས་ སྐུགས་༢ འབྱེལཝ་འབྱེལ་ས་ར་ཆོད་དེ་ རྒྱལ་ཁ་ཐོབ་པའི་སྐབས་ ཕྱོགས་ལས་ཆུབ་སྐྱིད་སྡེ་ཚན་གྱིས་ སྐུགས་གཅིག་ཡང་ འཐོབ་མ་ཚུགས་པ་ཨིན་པས།
སྡེ་ཚན་གཉིས་ཀྱི་བར་ན་རྩེད་འགྲན་དེ་དོ་འགྲན་ཅན་གྱི་ཐོག་ལས་འབད་རུང་ ཕྱོགས་ལས་ཆུབ་སྐྱིད་སྡེ་ཚན་དང་ཕྱདཔ་ད་ དམ་ཅན་སྡེ་ཚན་དེ་སྒྲིང་སྒྲིང་ཡོད་ནི་དེ་གིས་ སྐུགས་ཐོབ་ཚུགས་ནི་ལུ་ རེ་བ་ར་བསྐྱེད་མ་ཚུགསཔ་ཨིན་པས།
སྐུགས་ཐེངས་གཉིས་པའི་ནང་ དམ་ཅན་སྡེ་ཚན་གྱིས་སྐུགས་༡༥ ཐོབ་པའི་སྐབས་ལུ་ གཞན་མི་སྡེ་ཚན་གྱིས་སྐུགས་༡ ཡང་ཐོབ་མ་ཚུགས་པའི་ཁར་ དམ་ཅན་སྡེ་ཚན་གྱིས་ བཀག་རེག་༩ ཕོག་པའི་སྐབས་སུ་ བྱང་ཕྱད་སྡ་ཚན་གྱིས་ བཀག་རེག་༣ ལས་བརྒལ་ཕོག་མ་ཚུགསཔ་ལས་ དམ་ཅན་གྱིས་སྟབས་ཅིག་ལུ་ སྐུགས་ཆོད་ཡོདཔ་ཨིན་པས།

ད་ཚུན་གྱི་ནང་འཁོད་ལུ་ སྡེ་ཚན་༢༠ གྱིས་ རྩེད་འབད་ཡོདཔ་ད་ ཉིནམ་གཅིག་ནང་ བཀག་རེག་མཐོ་ཤོས་ར་ ཨཔ་ཁྱུང་བདུད་སྡེ་ཚན་ལས་ རྩེད་འགྲན་འབད་མི་དབང་ཕྱུག་གིས་ བཀག་རེག་༡༦ རྐྱབ་ཡོདཔ་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།

No comments:

Post a Comment