གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སོ་ནམ་ཞིང་པ་ཚུ་ལུ་ སོན་དང་ ལུད་ཀྱི་གྲོགས་རམ།

༡༤/༠༦/༢༠༡༢   ༉ སྤྱི་ཟླ་༥ པའི་སྔ་ཆ་ལུ་ བུམ་ཐང་གི་ རྒེད་འོག་༣ ནང་ དྲོ་པ་བ་མོ་ཆགས་མི་དེ་གིས་ ཀེ་བ་དང་ བྱཱོ་གི་ ས་ཞིང་ཨེ་ཀར་ལས་བཅད་དེ་ མེདཔ་བཏང་མི་ཚུ་གི་དོན་ལུ་ གཞུང་གིས་ སོན་དང་ལུད་ཀྱི་ གྲོགས་རམ་འབད་ཡོདཔ་ཨིན་པས།


རྫོང་ཁག་སོ་ནམ་འགོ་དཔོན་ དགེ་སློང་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཚོད་བསྲེའི་སོན་རིགས་ཚུ་ སོ་ནམ་པ་ཚུ་ལུ་ བཀྲམ་སྤེལ་འབད་མི་དེ་ གཙོ་བོ་ར་ ལོ་ཐོག་མེདཔ་བཏང་མིའི་ རྒུད་འཐུས་བཟུམ་ཅིག་ ཨིན་ཟེར་ཨིན་པས།
ཁོ་གིས་བཤད་དོ་བཟུམ་འབད་བ་ཅིན་ རྒེད་འོག་གསུམ་ནང་ བ་མོ་གིས་ བཤུར་བཏང་མི་ཚུ་ལས་ ལས་ཁུངས་ཀྱིས་ ཟླ་རིམ་བཞིན་དུ་ དབྱེ་ཞིབ་འབད་དོ་ཡོདཔ་ལས་ མེདཔ་བཏང་མི་ཚུ་ལས་ བརྒྱ་ཆ་༩༠ དེ་ཅིག་ ལོག་ལེགས་ཤོམ་སྦེ་ར་ སྐྱེས་དོ་ཡོདཔ་ཨིན་རུང་ ཐོན་ཁུངས་ག་དེ་སྦེ་འོང་ག་ སླབ་མི་ཤེས་པས་ཟེར་ཨིན་པས།
དགེ་སློང་གིས་ སླབ་མིའི་ནང་ ལོ་ཐོག་མེདཔ་འགྱོ་མི་ཚུ་ལུ་ གཞུང་གིས་ དངུལ་གྱི་རྒུད་འཐུས་ བྱིན་དོ་ཡོདཔ་ཨིན་རུང་ ཐོན་ཁུངས་ཚུ་ ན་ཧིང་ལོ་དང་ཕྱདཔ་ད་ ལེ་ཤ་གིས་ མར་བབས་འགྱོཝ་ལས་ སོན་བརྒྱ་ཆ་༥༠ རིན་མེད་སྟོང་པར་ བྱིན་ནི་ཟེར་ཨིན་པས།
སྤྱི་ཟླ་༥ པའི་ནང་ མེདཔ་བཏང་མི་ ཀེ་བ་ཚུ་ ལོག་སྐྱེ་ནི་དང་ ཐོན་ཤུགས་ལེགས་ཤོམ་འོང་ནི་གི་དོན་ལུ་ ལུད་ཡུ་རི་ཡ་ བྱིན་ཡོདཔ་ཨིན་རུང་ ཆརཔ་མེདཔ་ལས་ མི་སེར་ཚུ་ ཆརཔ་ལུ་སྒུག་སྟེ་ཡོདཔ་ཨིན་པས།
རྫོང་ཁག་གི་ ཐོ་བཀོད་དང་འཁྲིལཝ་ད་ འཕྲལ་ཁམས་ཅིག་ཁར་ རྒེད་གསུམ་གྱི་ཁྱིམ་གུང་༢༢༠ དེ་ཅིག་གི་དོན་ལུ་ ཚོད་བསྲེའི་རིགས་མ་འདྲཝ་༢,༢༧༨ དེ་ཅིག་དང་ ཏིལ་སོན་ཀེ་ཇི་༡༢༠ དེ་ལས་ ཡུ་རི་ཡ་ཀེ་ཇི་༨,༩༧༠ བཀྲམ་སྤེལ་འབད་ཡོདཔ་ཨིན་པས།
སྟང་རྒེད་འོག་ སྐྱིད་འཛོམས་གཡུས་ཚན་ལས་ ལྷ་འཛོམས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ མོ་གིས་ ཀེ་བའི་ཞིང་ནང་ ཡུ་རི་ཡ་ལུད་གཏོར་ནིའི་དོན་ལུ་ གྲ་སྒྲིག་འབད་ཡོད་རུང་ ཆརཔ་མེད་པར་ལུས་ཏེ་ཡོད་ཟེར་ཨིན་རུང་ ཀེ་བ་ཚུ་ ལོག་ལེགས་ཤོམ་སྦེ་ སྐྱེས་ཏེ་ཡོད་ཟེར་ཨིན་པས།
བཀྲམ་སྤེལ་འབད་མི་ ཚོད་བསྲེ་ཚུ་ཡང་ ལ་ཕུག་དམརཔོ་དང་ མེ་ཏོག་ཀོ་པི་ སྲེནམ་ཅུམ་ དེ་ལས་ ཧོན་ཚོད་ཀྱི་རིགས་ཚུ་ཡོདཔ་ཨིན་པས།
སྤྱི་ཟླ་༥ པའི་ སྔ་ཆ་ནང་ བ་མོ་གིས་ ཀེ་བ་དང་ བྱཱོ་གི་ ས་ཆ་ཨེ་ཀར་༣༢༨ དེ་ཅིག་ མེདཔ་བཏང་མི་དེ་གིས་ ཁྱིམ་གུང་༢༢༠ གི་མི་སེར་ཚུ་ ཚ་གྱང་ལང་དགོཔ་བྱུང་ཡོད་མི་དེ་ཡང་ ཀེ་བ་དང་ བུམ་ཐང་ལུ་ དངུལ་ཐོག་གཙོ་བོ་ཅིག་ འབད་ནི་དེ་གིས་ཨིན་པས།
ཆུ་སྨད་ལས་བཀྲིས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ མོ་གི་ ཀེ་བ་ཚུ་ ལོག་སྐྱེས་ཏེ་ཡོད་རུང་ ཐོན་ཁུངས་ག་དེ་སྦེ་འོང་ག་ སླབ་མི་ཤེས་པས་ཟེར་ཨིན་པས།
ཀེ་བའི་སོན་དང་ སོན་རིགས་ཚུ་ སོ་ནམ་ལས་ཁུངས་ཀྱི་ ལས་རིམ་སྡེ་ཚན་གྱིས་ བཀྲམ་སྤེལ་འབད་ཡོད་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment