གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་ཆ་དང་འབྲེལ་བའི་ ཉོགས་བཤད་བཀོད་མི་ མང་སུ་ཐོན་དོ་ཡོདཔ།

༉ སྤྱི་ལོ་༢༠༡༡ ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཉོགས་བཤད་བཀོད་མི་ མཐོ་ཤོས་ར་ རྒྱུ་དངོས་དང་ མ་དངུལ་ཚུ་ ལོག་སྤྱོད་འབད་བའི་ གནད་དོན་ཚུ་ཨིནམ་བཞིན་དུ་ དེ་གི་ཤུལ་ལས་ར་ ས་ཆ་དང་འབྲེལ་བའི་ ཉོགས་བཤད་ཚུ་ཨིན་པས།


དེ་ཡང་ སྤྱི་ལོ་༢༠༡༡ ཟླཝ་༤ པ་ལས་ སྤྱི་ལོ་༢༠༡༢ ཟླཝ་༣ པ་ཚུན་ཚོད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཞུ་ལོག་རྐྱབ་མི་ཚུ་གི་གྲས་ལས་ རྒྱུ་དངུལ་ཚུ་ ལོག་སྤྱོད་འབད་བའི་ ཉོགས་བཤད་༡༡༤ ལྷོད་མི་དེ་ མཐོ་ཤོས་ཅིག་དང་ དེ་གི་ཤུལ་ལས་ ས་ཆའི་ཉོགས་བཤད་༧༦ ལྷོད་ཡོདཔ་སྦེ་ ལྷན་ཚོགས་ཀྱི་ སྤྱི་ལོ་༢༠༡༡ ལོའི་ ལོ་བསྟར་སྙན་ཞུའི་ནང་ གསལ་བཀོད་འབད་ནུག།
འདས་པའི་ལོ་ཚུ་ནང་ ས་ཆ་ནང་ བཟོ་སྐྲུན་དང་འབྲེལ་བའི་ ཉོགས་བཤད་ཚུ་ ཡར་སེང་སོང་ཡོད་མི་དེ་ ཤུལ་མའི་ལོ་ངོ་དག་པ་ཅིག་གི་རིང་ལུ་ གནས་སྟངས་དེ་སྦེ་ར་ གནས་ནི་བཟུམ་ཅིག་འདུག་ཟེར་ སྙན་ཞུའི་ནང་བཀོད་ནུག།
ས་ཆ་དང་འབྲེལ་བའི་ ཉོགས་བཤད་བཀོད་མི་ མང་སུ་ཐོན་ཡོད་མི་ལས་ ལྷག་པར་དུ་ ཁྲོམ་སྡེ་ས་ཁོངས་ཚུ་དང་  གོང་འཕེལ་གྱི་ ལས་སྣ་ཚུ་ འབད་བའི་བསྒང་ཡོད་པའི་ མཁོ་འདོད་སྦོམ་ཡོད་མི་ ས་ཆ་ཚུ་ནང་ དཀའ་ངལ་སྦོམ་སྦེ་ར་ ཐོན་དོ་ཡོདཔ་ཨིན་པས།
དེ་མ་ཚད་ ས་འཇལ་དང་ ས་ཁྲ་བཟོ་ནི་ཚུ་ ཡུན་འགྱངས་ལུས་མི་དང་ རིམ་མང་གཞུང་ལུགས་ཀྱི་བྱ་རིམ་ དེ་ལས་ ས་གནས་ཀྱི་ འགོ་དཔོན་དང་ འགོ་ཁྲིདཔ་ཚུ་ལུ་བརྟེན་དགོཔ་ ས་ཁྲམ་སྤོ་སོར་དང་ ཉོ་ཚོང་ཚུ་ནང་ འཇོན་ཐངས་དང་ དྭངས་གསལ་མེད་མི་ཚུ་ལས་བརྟེན་ ངན་ལྷད་འཐབ་ནི་གི་ གོ་སྐབས་མང་སུ་ བྱིནམ་མས་ཟེར་ཨིན་པས།
ས་ཆ་དང་འབྲེལ་བའི་ ཉོགས་བཤད་མང་ཤོས་ར་ དབང་ཤུགས་དང་ རྒྱུད་བསྐུལ་འབད་ཚུགས་པའི་མི་དང་ གཞུང་གི་འགོ་དཔོན་ ས་གནས་ཀྱི་འགོ་ཁྲིདཔ་ དེ་ལས་ ས་ཆ་བདག་སྐྱོང་དང་འབྲེལ་བའི་ འགོ་དཔོན་ཚུ་གིས་ དབང་ཚད་ལོག་སྤྱོད་ཐོག་ལས་ གཞུང་དང་ སྒེར་དབང་ས་ཆ་གཉིས་ཆ་ར་ མཁོ་སྒྲུབ་འབད་མི་ དེ་ལས་ དབང་ཚད་ཅན་ཚུ་དང་ ཁོང་གི་ཉེ་ཚན་ཚུ་གི་ ཁེ་ཕན་ལུ་དམིགས་ཏེ་ ས་ཆ་གླ་ཁར་ གཏང་ནི་དང་ ས་ཆ་ཉོ་བཙོང་འཐབ་པའི་སྐོར་ལས་ཨིན་པས།
ད་རུང་ ས་ཆ་བགོ་བཀྲམ་དང་ རྒུད་འཐུས་སྤྲོད་ནི་ དེ་ལས་ ས་ཁྲམ་ཐོ་བཀོད་དང་ ཉོ་བཙོང་འཐབ་པའི་སྐབས་ གཞུང་གི་འགོ་དཔོན་ཚུ་གིས་ ལཱ་འགན་ལོག་སྤྱོད་དང་ ནང་གསུག་སྤྲོད་ལེན་འབད་ནི་ དེ་ལས་ གཡོ་སྒྱུ་དང་ གྱོས་ངན་ མགུ་སྐོར་ཐོག་ལས་ ཁྲམ་སྤོ་སོར་དང་ ས་ཁྲམ་རྐྱབ་པའི་སྐབས་ སྒེར་མི་ཚུ་གིས་ སའི་བགོ་བཀྲམ་ངོ་མ་ལས་ ཡར་སེང་འབད་དེ་ གཞུང་དབང་ས་ཆ་ ཚུལ་མིན་ཐོག་ལས་ དབང་བཟུང་འབད་བའི་ ཉོགས་བཤད་ཚུ་ཨིན་པས།
ས་ཆ་དང་འབྲེལ་བའི་ ངན་ལྷད་འཐབ་ཡོད་པའི་ ཁ་ཉེས་བཀལ་མིའི་གྲངས་སུ་ རྫོང་ཁག་བདག་སྐྱོང་གིས་ གློག་མེ་ལས་འགུལ་གྱི་དོན་ལུ་ ས་ཆ་མཁོ་སྒྲུབ་འབད་དེ་ དབང་ཤུགས་ཡོད་མི་ཚུ་ལུ་ བགོ་བཀྲམ་འབད་མི་དང་ དྲང་དཔོན་གྱིས་ སྒེར་མི་ཅིག་གི་ ས་ཆ་ཤས་ཅིག་ ཁྲིམས་འགལ་ཐོག་ལས་  བདག་བཟུང་འབད་མི་ཚུ་ ཚུད་ཡོདཔ་མ་ཚད་ རྒེད་འོག་ཚོགས་པ་ཅིག་གིས་ ས་ཁྲམ་གཡོ་བཅོས་འབད་དེ་ སྒེར་མི་ཅིག་གི་ ས་ཆ་བདག་དབང་འབད་བའི་ཁར་ རྒཔོ་ཅིག་གིས་ གཞུང་ས་བདག་བཟུང་འབད་ཡོད་པའི་ ངོས་འཛིན་བྱུང་ནུག།
གཞན་ཡང་ ས་ཆ་བདག་སྐྱོང་འགོ་དཔོན་ཚུ་གིས་ གཞུང་དང་ སྒེར་དབང་གི་ ས་ཆ་གཉིས་ཆ་ར་ ཚུལ་མིན་གྲི་སྒོ་ལས་ ཁོང་རའི་མིང་ཐོ་ཁར་ སྤོ་སོར་འབད་བའི་གུ་ ཁྲོམ་སྡེའི་དབང་འཛིན་ཚུ་གིས་ ཁྲམ་གཡོ་བཅོས་འབད་དེ་ གཞུང་ས་ སྒེར་མི་ཚུ་ལུ་ བགོ་བཀྲམ་འབད་ཡོདཔ་མ་ཚད་ བགོ་བཀྲམ་ཚོགས་ཆུང་གིས་ཡང་ ས་ཆ་ཚུ་ རང་སོའི་བཟའ་ཚང་དང་ ཆ་རོགས་ཚུ་ལུ་ བགོ་བཀྲམ་འབད་ནུག་ཟེར་ སྙན་ཞུའི་ནང་བཀོད་ནུག།
སྙན་ཞུའི་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ས་ཆ་ལས་བརྟུན་པའི་ ངན་ལྷད་ཀྱིས་ མི་སྤེའི་རྒྱུན་བརྟན་དང་ མ་རྩ་བཙུགས་བཞག་ ཁྱབ་ཆེ་བའི་ དཔལ་འབྱོར་འཕེལ་རྒྱས་དང་ ཡུན་བརྟན་གོང་འཕེལ་ཚུ་ལུ་ གནོདཔ་ཨིནམ་ལས་ ཁྲིམས་སྒྲིང་སྒྲིང་སྦེ་ ལག་ལེན་འཐབ་སྟེ་ སྲིད་བྱུས་དང་ བྱ་སྒོ་ཚུ་ ལེགས་བསྒྱུར་བཟོ་ནི་ གཞུང་དབང་ས་ཆ་ཚུ་ ཐོ་ཚུལ་ལྡན་བཞག་ནི་ ས་ཁྲམ་ཚུ་ གློག་རིག་ཀམ་པུས་ཊར་ནང་བཙུག་ནི་ དེ་ལས་ སའི་འཆར་གཞི་དང་གོང་འཕེལ་ནང་ དྭངས་གསལ་ཡོདཔ་ངེས་བརྟན་བཟོ་སྟེ་ ཚུལ་མིན་ཐོག་ལས་ གཞུང་ས་བདག་དབང་བཟུང་མི་ཚུ་ སོར་ཆུད་འབད་དགོཔ་མ་ཚད་ ངན་ལྷད་འཐབ་མི་ཚུ་ལུ་ ཉེས་ཁྲིམས་བཀལ་ཐོག་ལས་ ངན་ལྷད་ཚུ་ མར་ཕབ་དང་ ཡང་ཅིན་ རྩ་མེད་བཏང་དགོ་ཟེར་ཨིན་པས།
ད་རེས་ནངས་པ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རྩོད་དོན་སྦོམ་གསུམ་ལུ་ ཞིབ་དཔྱད་འབད་བའི་བསྒང་ཡོད་མི་དེ་ཡང་ མོང་སྒར་རྒྱལ་པོའི་ཞིང་གི་ ས་ཆ་སྐོར་ལས་དང་ གསོ་བའི་མཁོ་སྒྲུབ་ནང་ ནང་གསུག་སྤྲོད་ལེན་དང་ གཡོ་སྒྱུ་ལག་ལེན་ དེ་ལས་ བཟོ་སྐྲུན་གྱི་ལཱ་ཚུ་ནང་ དངུལ་ཐེབས་སྤྲོད་མི་ལུ་ ཞིབ་དཔྱད་རྐྱབ་པའི་བསྒང་ཡོདཔ་ཨིན་པས།
དེ་ལས་ སྤྱི་ལོ་༢༠༠༧ ལུ་ དབང་འདུས་ཕོ་བྲང་ཕོབ་སྦྱིས་ཁ་ལུ་ གཞུང་ས་ཨེ་ཀར་༤.༥ ཁྲིམས་འགལ་གྱི་ཐོག་ལས་ ཉོ་བཙོང་འཐབ་མིའི་ འཁྲུན་ཆོད་དེ་ ཆེ་མཐོ་ཁྲིམས་འདུན་ལས་ བཏོན་ནི་མེད་པར་ སྒུག་སྟེ་ར་ཡོད་ཟེར་ སྙན་ཞུའི་ནང་བཀོད་ནུག།
དེ་འབདཝ་ད་ ཀུན་གསལ་གྱིས་ གོ་དོ་བཟུམ་འབད་བ་ཅིན་ ཕོབ་སྦྱིས་ཁའི་ ས་ཆའི་རྩོད་བཤེར་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཐོ་གཏུགས་འབད་བའི་ཤུལ་ལུ་ སྤྱི་ལོ་༢༠༠༨ ལུ་ འཁྲུན་ཆོད་ག་ནི་ཡང་ མ་བཏོན་པར་ ཕྱིར་འབུད་བཏང་ཡོདཔ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཉོགས་བཤད་༤༥༦ བཀོད་མི་ཚུ་ ལྷན་ཚོགས་ཀྱི་ ཡོངས་འབྲེལ་འཆར་སྒོ་དང པར་འཕྲིན་ བརྒྱུད་འཕྲིན་ འགྲེམ་ཐོག་ དེ་ལས་ མི་ངོམ་རྐང་བཙུགས་ཏེ་ ཞུ་ལོག་རྐྱབ་མི་ཚུ་ཨིནམ་ད་ ཉོགས་བཤད་༡༩༦ དེ་ཅིག་ མིང་མེད་ཉོགས་བཤད་བཀོད་ཡོདཔ་ཨིན་པས།
ཉོགས་བཤད་ཚུ་གི་གྲས་ལས་ གཡོ་སྒྱུ་ལག་ལེན་གྱི་ ཉོགས་བཤད་༦༥ དང་ གྱོས་ངན་༦༨ བཙན་བསྐུལ་༤ དེ་ལས་ གནད་དོན་གཞན་༡༡༢ ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment