ལྷ་ཁང་གི་ སློབ་དཔོན་ཉཔ་ཆེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ལོ་བསྟར་གྱི་སྒྲུབ་ཆེན་ ལོ་ངོ་༢༢ དེ་ཅིག་གི་ཧེ་མར་ ཞིང་གཤེགས་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་ འགོ་བཙུགས་གནང་བའི་ཤུལ་ལུ་ ཁོ་ར་ ཞིང་ལུ་ཕེབས་ཏེ་འབད་རུང་ ཡང་སྲིད་ཀྱིས་ འཕྲོ་མཐུད་གནང་ཡོདཔ་པའི་ཁར་ ད་ལྟོ་ཡང་སྲིད་ཁོ་ར་ ཕྱི་རྒྱལ་ལུ་ བྱོན་ཡོད་ནི་དེ་གིས་ ཞེ་ཆེན་རབ་འབྱམས་རིན་པོ་ཆེ་གིས་ དབུ་བཞུགས་ཐོག་ལས་ གནང་ནི་ཨིན་པས།
སློབ་དཔོན་ཉཔ་ཆེ་གིས་ སྒྲུབ་ཆེན་གྱི་དམིགས་ཡུལ་དེ་ གཙོ་བོ་ར་ སངས་རྒྱས་ཀྱི་ བསྟན་པ་དར་ནི་དང་ རྒྱལ་ཁབ་ཀྱི་མཐའ་དོན་ལུ་དམིགས་ཏེ་ཨིན་ཟེར་ཨིནམ་ད་ སྒྲུབ་ཆེན་དེ་གི་ཟད་འགྲོ་ཚུ་ག་ར་ རྒྱལ་ཡུམ་སྐུ་བགྲེས་མཆོག་གིས་ གནང་དོ་ཟེར་ཨིན་པས།
སྒྲུབ་ཆེན་དེ་ ཉི་མ་ལུང་གྲྭ་ཚང་དང་ ཐར་པ་གླིང་བཤད་གྲྭ་ལས་ དགེ་སློང་ཞལ་གྲངས་བསྡོམས་༡༠༠ ལྷགཔ་ཅིག་གིས་ གནང་དོ་ཡོདཔ་ད་ དགེ་སློང་ཚུ་གིས་ ནུབ་མོ་ཡང་ སྐོར་རྒྱབ་ཐོག་ལས་ བཀའ་བརྒྱད་བདེ་གཤེགས་བསྡུས་པའི་ ཆོ་ག་ཚུ་མ་ཆད་པར་ གནང་དོ་ཟེར་ཨིན་པས།
ཉིན་གྲངས་༡༢ ཀྱི་རིང་ གནང་ནི་ཨིན་མི་ སྒྲུབ་ཆེན་དེ་ནང་ བཀའ་བརྒྱད་བདེ་གཤེགས་བསྡུས་པ་དང་ གསོལ་འདེབས་ལེའུ་བདུན་མ་ཚུ་ གནང་དོ་ཡོདཔ་ད་ སྒྲུབ་ཆེན་དེ་ སྤྱི་ཟླ་༦ པའི་ཚེས་༡༢ ལུ་ འགྲོལ་ནི་ཨིན་པའི་གནས་ཚུལ།
བཀྲ་ཤིས་བསྟན་འཛིན།
No comments:
Post a Comment