གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོད་འཛིན་པ་ཚུ་གི་ གོམས་འདྲིས་སློབ་སྦྱོང་ མཇུག་བསྡུ་ཡོདཔ།

རྩོད་འཛིན་པ་ཚུ་ལུ་ གོམས་འདྲིས་སློབ་སྦྱོང་བྱིན་བའི་བསྒང་།
༉ འབྲུག་རྒྱལ་ཡོངས་ཁྲིམས་དོན་གཙུག་ལག་སློབ་སྡེ་གིས་ འགོ་འདྲེན་ཐོག་ རྫོང་ཁག་༢༠ ལས་ རྩོད་འཛིན་པ་༢༦ ལུ་ ཐིམ་ཕུ་ཆེ་མཐོ་ཁྲིམས་འདུན་གྱི་ གྲོས་ཚོགས་ཁང་ནང་སྦེ་ ཉིན་གྲངས་༣ གྱི་རིང་ དྲང་ཁྲིམས་ཀྱི་ གོམས་འདྲིས་སློབ་སྦྱོང་བྱིན་མི་དེ་ ཁ་ཙ་ མཇུག་བསྡུ་ཡི།


དྲང་དཔོན་ཚེ་རིང་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ ཁྲིམས་རྩོདཔ་མ་ལང་པའི་ དཀའ་ངལ་སྦོམ་ཡོདཔ་ལས་ དྲང་ཁྲིམས་ལྷན་ཚོགས་ལས་ རྩོད་དྲུང་ཉམས་མྱོང་ཡོད་མི་དང་ གཙུག་ལག་འོག་མ་ལས་ མཐར་འཁྱོལ་བྱུང་མི་ རྩོད་དྲུང་གསརཔ་ཚུ་ལུ་ རྩོད་འཛིན་པའི་ལཱ་འགན་ བྱིན་དགོཔ་ཐོནམ་ལས་ གོམས་འདྲིས་སློབ་སྦྱོང་བྱིནམ་ཨིན་ཟེར་ཨིན་པས།
སློབ་སྦྱོང་ནང་ བཅའ་མར་གཏོགས་མི་ཚུ་ལུ་ ཉིན་བསྟར་བཞིན་དུ་ མི་ཆེ་འབྲིང་ཆུང་༣ དང་ གཅིག་ཁར་ མཉམ་འབྲེལ་འཐབ་དགོཔ་ལས་ མི་ཚུ་ རྩོད་བསྡུར་འབདཝ་ད་ དྲང་ཁྲིམས་འཐོབ་ནིའི་དོན་ལུ་ སྒྲིགས་ཚུལ་ལྡན་སྒོ་ལས་ འབྲེལ་བ་འཐབ་ཐངས་དང་ བློ་སླབ་ཐངས་ འབད་བཞག་བཅའ་བཞག་ཚུ་ ལེགས་ཤོམ་སྟོན་ནི་ དེ་ལས་ ཞབས་ཏོག་ལེགས་ཤོམ་བྱིན་དགོ་པའི་སྐོར་ལས་ དྲང་དཔོན་ཚུ་གིས་ བསླབ་བྱ་དང་ ལམ་སྟོན་ཚུ་བྱིན་ཡོདཔ་ཨིན་པས།
མི་ཚུ་གི་ རྩོད་རྙོགས་སྐོར་ལས་ ཁྲིམས་འདུན་ལུ་ རྩོད་གཞི་ཕྱེ་བའི་སྐབས་ རྩོད་འཛིན་པ་ཚུ་ དུས་རྒྱུན་འབྲེལ་གཏོགས་འབད་དགོཔ་ལས་ དེ་བསྒང་ སྟ་གོན་སྙན་གསན་དང་ ཐོག་མའི་བརྗོད་དོན་ བཤེར་ལན་ ཡང་ན་ བརྒལ་ལན་ སྒྲུབ་བྱེད་ གདོང་བཤེར་ དེ་ལས་ ཁྲིམས་བཤེར་ཚུ་ ཐོ་བཀོད་འབདཝ་ད་ རྩོད་འཛིན་པ་ཚུ་གིས་ ཞིབ་དཔྱད་འབད་ཐོག་ལས་ ལེགས་བཅོས་འབད་དགོཔ་ཡོད་མི་ཚུ་ མི་སེར་ཚུ་ལུ་ གོ་བརྡ་སྤྲོད་ནིའི་ འགན་འཁྲི་སྐོར་ལས་ སློབ་སྟོན་འབད་ཡོདཔ་ཨིན་པས།
རྩོད་འཛིན་པ་ཚུ་ལུ་ བཅའ་ཁྲིམས་ཚུ་གི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་མི་ལས་ གཅིག་ ཨ་ལུ་གཅེས་སྐྱོང་དང་ཉེན་སྐྱོབ་བཅའ་ཁྲིམས་ཀྱི་ དགོངས་དོན་ཚུ་གི་སྐོར་ སློབ་སྟོན་འབད་ཡི།
དྲང་དཔོན་པདྨ་དབང་ཕྱུག་གིས་ སློབ་སྟོན་འབད་མི་དང་འཁྲིལཝ་ད་ ད་རེས་ནངས་པ་ ཨ་ལུ་ཚུ་ མ་འོངས་པའི་ མི་ཁུངས་ཨིནམ་ལས་ འབྲུག་གི་ ཨ་ལུའི་གཅེས་སྐྱོང་དང་ཉེན་སྐྱོབ་བཅའ་ཁྲིམས་ཀྱི་ དགོངས་དོན་དང་འཁྲིལ་ དཀའ་ངལ་གྱི་ གནས་སྟངས་ནང་ཡོད་མི་ཨ་ལུ་ཚུ་ ཡང་དག་པའི་མཐའ་དོན་དང་ འོས་འབབ་ག་དེ་སྦེ་ བཟོ་ནི་ཨིན་ན་ བསླབ་བྱ་དང་ལམ་སྟོན་བྱིན་ཏེ་ ཉེན་སྲུང་དང་ལྡནམ་སྦེ་ བཞག་ནི་ལུ་ བཙན་ཐབས་བསྒྲིག་དགོ་ཟེར་ཨིན་པས།
དེ་བཟུམ་སྦེ་ ཁྲིམས་དང་རྒྱབ་འགལ་འབད་མི་ ཨ་ལུ་ཚུ་ བཙན་དབང་འཛིན་བཟུང་དང་ དོ་དམ་ དེ་ལས་ བཙོན་ཁྲིམས་བཀལ་མི་ཆོག་ནི་ཨིནམ་ད་ དེ་ཡང་ ཕམ་དང་སློབ་དཔོན་ དེ་ལས་ ཁྲིམས་འདུན་གྱི་ ཐབས་ཤེས་སྣ་ཚོགས་བཏོན་ཐོག་ སྐྱོང་དགོ་པའི་སྐོར་ལས་ མི་མང་ཡོངས་ལུ་ ཨ་ལུའི་ཐོབ་དབང་སྤྲོད་དགོ་པའི་སྐོར་ སློབ་སྟོན་འབད་ཡི།
རྩོད་འཛིན་པ་ཚུ་གིས་འབད་བ་ཅིན་ སྐྱེས་ལོ་༡༨ མན་ཆད་འབད་མི་ ཨ་ལུ་ཚུ་གིས་ ཁྲིམས་འགལ་ཚར་ལེ་ཤ་འབད་རུང་ བསྒྱུར་བཅོས་མེད་པའི་ཁར་ ཧེང་སྐལ་ར་ མི་སྡེ་ནང་ བྱ་སྟབས་མ་བདེ་བའི་ དཀའ་ངལ་འབྱུང་སྲིད་ནི་ཨིནམ་ལས་ ཕམ་དང་སྤུན་ཆ་ཚུ་གིས་ དོ་དམ་ནང་ བཞག་དགོ་པའི་སྐོར་ལས་ ཞུ་བ་འབདཝ་ད་ ཨ་ལུའི་ཐོབ་དབང་གི་བཅའ་ཁྲིམས་དང་ འགལ་ནི་མས་ཟེར་ཞུ་ཡི།
དྲང་དཔོན་གྱིས་འབད་བ་ཅིན་ ཨ་ལུ་ཚུ་གིས་ ཁྲིམས་འགལ་གྱི་ལཱ་ ག་ཅི་བཟུམ་འབད་རུང་ ལོ་ན་མ་སྨིན་པའི་གྲངས་སུ་ཚུདཔ་ལས་ ཀུན་སྤྱོད་བསྐྱར་གསོ་དང་ སྨན་བཅོས་ སྦྱོང་བརྡར་ ཤེས་ཡོན་ དེ་ལས་ ཉེན་སྲུང་གི་ མཐུན་རྐྱེན་ཚུ་བྱིན་ནི་ཕར་བཞག་ ཕམ་ཚུ་ལས་ རྒྱབ་སྐྱོར་མེད་པ་ཅིན་ ཨ་ལུ་བརྟེན་ ཕམ་ཡང་ བཙོན་ཁྲིམས་ཕོག་ནིའི་ ཉེན་ཁ་ཡོད་ཟེར་ སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment