གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནས་ཚུལ་མདོར་བསྡུས།

ཁ་ཙ་ རེས་གཟའ་ལྷག་པ་ལུ་ རྐང་འགྲུལ་པའི་ ཉིནམ་འགོ་དང་པ་ བརྩི་སྲུང་འབདཝ་དང་འབྲེལ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ཐིམ་ཕུ་ཁྲོམ་གྱི་ ནོར་འཛིན་ལམ་བདའ་སྟེ་ རྐང་འཁོར་སའི་ཀཱལ་བཏང་བྱོན་པའི་བསྒང་།
ཉིནམ་དེ་ལུ་ དྲོ་པའི་ཆུ་ཚོད་༨ ལས་ ཕྱི་རུའི་ཆུ་ཚོད་༦ ཚུན་ འགྲུལ་སྐྱེལ་བཱསི་དང་ གླ་འཁོར་ དམག་སྡེའི་སྣུམ་འཁོར་ དེ་ལས་ གློ་བུར་ཞབས་ཏོག་སྒྲུབ་མི་ སྣུམ་འཁོར་ཚུ་དང་ རྐང་འཁོར་ཚུ་རྐྱངམ་གཅིག་ ཐིམ་ཕུ་ཁྲོམ་སྡེའི་ ནང་འཁོད་ལུ་ འགྲོ་འགྲུལ་འབད་བཅུག་ཡོདཔ་ད་ ད་ལས་ཕར་ རེས་གཟའ་ལྷག་པ་དེ་ ཨ་རྟག་ར་ རྐང་འགྲུལ་པའི་ཉིནམ་སྦེ་ བརྩི་སྲུང་འབད་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment