གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གླ་འཁོར་གྱངས་ཁ་ཡར་སེང་གིས་ འོང་འབབ་མར་བབས་འགྱོ་བའི་གྲོས་གཞི་ཕུལ་ཡོདཔ།

ཐིམ་ཕུ་ཁྲོམ་གྱི་ གླ་འཁོར་ཚུ།
༡༣/༠༦/༢༠༡༢   ༉ གསང་སྦས་ཁའི་འཐུས་མི་ ལྡོག་ཕྱོགས་འགོ་ཁྲིདཔ་ཚེ་རིང་སྟོབས་རྒྱས་ཀྱིས་ ལོ་བསྟར་བཞིན་དུ་ གླ་འཁོར་གྱི་གྱངས་ཁ་ ཡར་སེང་འགྱོ་མི་ལུ་བརྟེན་ གླ་འཁོར་བཏང་མི་ཚུ་གི་ ཚོང་འབྲེལ་གྱི་འོང་འབབ་དེ་ མར་ཕབ་འགྱོཝ་མས་ཟེར་ ཚོགས་ཁང་ནང་ ཞུ་བ་ཕུལ་ཡོདཔ་བཞིན་དུ་ ཁོ་གིས་འབད་བ་ཅིན་ གཞུང་གི་ཁ་ཐུག་ལས་ གནས་སྟངས་དེ་གི་དོན་ལུ་ ཕྱག་ལཱ་ག་དེ་སྦེ་ར་གནང་དོ་ཡོདཔ་ཨིན་ན་ཟེར་ཞུ་ཡི།


ཁོ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ གླ་འཁོར་བཏང་མི་མང་ཤོས་ཅིག་ལུ་ ཁོང་རའི་འོང་འབབ་བཟོ་ནི་ལུ་ ལཱ་ཁག་རྐྱབ་དོ་ཡོད་པའི་ཁར་ ལྷག་པར་དུ་ རྒྱ་གར་གྱི་ གླ་འཁོར་ལག་ལེན་པ་ཚུ་གིས་ཡང་ འབྲུག་ནང་འཁོད་ལུ་ཚོང་འབྲེལ་འཐབ་དོ་ཡོདཔ་ལས་ གཞུང་གིས་ འདི་ལུ་ཐབས་ཤེས་ག་ཅི་ར་བཏོན་དོ་ག་ཟེར་ཞུ་ཡི།
ལཱ་གཡོག་མེད་པར་ གླ་འཁོར་ལུ་བརྟེན་སྡོད་མི་ དེད་གཡོགཔ་ཚུ་ལུ་ དོ་འགྲན་ཅིག་དེ་ ཞི་གཡོགཔ་ཚུ་གིས་ཡང་ གླ་འཁོར་བཏང་དོ་ཡོདཔ་ལས་ དེ་གིས་ ཚོང་འབྲེལ་ལུ་བར་ཆད་སྦོམ་སྦེ་ར་རྐྱབ་མས་ཟེར་ཨིན་པས།
བརྒྱུད་འབྲེལ་བློན་པོ་ ནཱན་ད་ལཱལ་གྱིས་ གསལ་ཞུ་འབད་མི་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ ལོ་གཅིག་ལས་ལོ་གཅིག་ གླ་འཁོར་ཡར་སེང་འགྱོ་མི་དེ་ལུ་ ཚ་གྱང་ཡོདཔ་ཨིན་རུང་ མི་སེར་གྱི་དཀའ་ངལ་དེ་ གཞུང་རྐྱངམ་གཅིག་གིས་ བསལ་ནི་མེན་པར་ སྟབས་མ་བདེཝ་ཚུ་ སྤྱི་རུབ་ཀྱི་ཐོག་ལས་ བསལ་བ་ཅིན་ལེགས་ཤོམ་འགྱོ་ནི་མས་ཟེར་ཨིན་པས།
དེ་མ་ཚད་ མི་སེར་ཚུ་གིས་ར་འབད་རུང་ ལཱ་གཞན་མི་ག་ནི་ཡང་མ་འབད་བར་ གླ་འཁོར་རྐྱངམ་གཅིག་བཏང་སྟེ་ར་ བཟའ་དགོཔ་བཟུམ་སྦེ་མ་སྡོད་པར་ གཞན་མི་ལཱ་ཚུ་འབད་རུང་ མ་བཏུབ་ཅིག་མིན་འདུག་ཟེར་ཨིནམ་ད་ ག་ར་གིས་ སྤྱི་རུབ་ཐོག་ལས་ ལཱ་འབདཝ་འདྲཝ་ཅིག་འབད་བ་ཅིན་ རང་མགོ་རང་འདྲོངས་སྦེ་སྡོད་ཚུགས་ནི་ལུ་ཡང་ ཕན་ཐོགས་སྦོམ་ཡོད་ཟེར་ཚོགས་དམངས་ལུ་ ཞུ་ཡི།
རྒྱ་གར་གྱི་སྣུམ་འཁོར་ཚུ་ རྒྱལ་ཁབ་ནང་འོང་ནི་ལས་ བཀག་དམ་འབད་བ་ཅིན་ གནས་སྐབས་ཅིག་གི་དོན་ལུ་ བྱ་སྟབས་བདེ་ནི་ཨིན་རུང་ མ་འོངས་ཡུན་རིང་གི་མནོ་བསམ་བཏང་དགོཔ་ལེ་ཤ་ཡོད་ཟེར་ བརྒྱུད་འབྲེལ་བློན་པོ་གིས་ཞུ་བའི་ཁར་ ང་བཅས་རའི་རྒྱལ་ཁབ་གཉིས་ཀྱི་བར་ན་ མཐུན་ལམ་བཞག་དགོཔ་དེ་ ག་ནི་བ་ཁག་ཆེ་ཟེར་ཨིན་པས།
ཞི་གཡོགཔ་ཚུ་གི་གནད་དོན་ལུ་ལྷོདཔ་ད་ ཞི་གཡོགཔ་ཚུ་གིས་ གླ་འཁོར་བཏང་མི་ཆོག་ཟེར་ ལམ་ལུགས་ག་ཅི་ནང་ཡང་འཁོད་དེ་མེདཔ་ལས་ གཞུང་གི་ཁ་ཐུག་ལས་ འདི་ལུ་ འབད་ཐབས་མེད་ཟེར་ཨིནམ་ད་ དེ་མ་ཚད་ ཞི་གཡོགཔ་ཚུ་གིས་འབད་རུང་ རང་གི་མི་ཚེ་སྐྱོང་ནིའི་དོན་ལུ་ ཟུར་ལཱ་དུམ་གྲ་རེ་འབད་དོ་ཡོདཔ་ལས་ གནོད་པ་སྦོམ་མེདཔ་བཟུམ་མཐོངམ་མས་ཟེར་ཨིན་པས།
མགར་ས་གི་འཐུས་མི་ དམ་ཆོས་རྡོ་རྗེ་གིས་འབད་བ་ཅིན་ གླ་འཁོར་གྱི་ཚོང་འབྲེལ་ལུ་ སྟབས་བདེཝ་ མ་བདེཝ་ལེ་ཤ་ཅིག་ར་ཡོད་མི་ལུ་བརྟེན་ ད་རེས་ཚོགས་ཁང་ནང་ལུ་སྦེ་ ཐག་བཏོག་ནི་དེ་ ལཱ་ཁག་བཏང་ནི་མས་ཟེར་ཞུ་ཡོདཔ་ཨིན་རུང་ འཕྲལ་ཁམས་ཅིག་ལས་ རེས་གཟའ་ལྷག་པ་ལུ་ རྐང་འགྲུལ་པའི་ཉིནམ་སྦེ་ བཟོ་ཞིནམ་ལས་ཚུར་ གླ་འཁོར་གྱི་ ཚོང་འབྲེལ་ལེགས་ཤོམ་འགྱོ་སར་མཐོང་ཅི་ཟེར་ཨིན་པས།
ད་རེས་འཕྲལ་ཁམས་ལུ་ ལམ་ལུགས་གསརཔ་བཟོ་མི་གིས་ གླ་འཁོར་བཏང་མི་ཚུ་ལུ་ ཕན་ཐོགས་བྱུང་རུང་ ཞི་གཡོགཔ་དང་ སློབ་ཕྲུག་ དེ་ལས་ གཞན་མི་མི་སེར་ཚུ་ལུ་ དཀའ་ངལ་བྱུང་སར་མཐོངམ་མས་ཟེར་ཞུ་ཡི།
བཀྲིས་གཡང་རྩེ་གི་འཐུས་མི་གིས་འབད་བ་ཅིན་ གླ་འཁོར་དེད་གཡོགཔ་ཚུ་གིས་འབད་རུང་ གཞུང་གི་དཔལ་འབྱོར་གྱི་གནས་སྟངས་དེ་ཧ་གོ་དགོཔ་འདུག་ཟེར་ཨིནམ་ད་ གཞུང་གིས་ ཕྱོགས་ཅིག་ལུ་ ཆ་རོགས་འབད་མི་གིས་ འདྲ་མཉམ་འགྱོ་མི་ཚུགས་ཟེར་ཞུ་བ་ཕུལ་ཡི།
རྒྱལ་ཁབ་ནང་ གླ་འཁོར་ཡོངས་བསྡོམས་༩༩༧༨ ཡོད་མི་ལས་ ཐིམ་ཕུ་ནང་འཁོད་ལུ་ གླ་འཁོར་༣༥༣༥ ཡོདཔ ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment