གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མ་ཉེས་ཁ་གཡོགས་བཀལ་མི་ལུ་ བཙོན་ཁྲིམས།

༉ དབང་འདུས་ཕོ་བྲང་ རྫོང་ཁག་ཁྲིམས་འདུན་གྱིས་ རྫོང་ཁག་གི་ ལས་བྱེདཔ་ཅིག་ལུ་ མ་ཉེས་ཁ་གཡོགས་ཀྱི་ བཙོན་ཁྲིམས་ཟླཝ་༦ བཀལ་ནུག།


དེ་ཡང་ རྫོང་ཁག་ཁྲིམས་འདུན་གྱིས་ དབང་འདུས་ཕོ་བྲང་ཁྲོམ་འོག་མའི་ནང་ སྡོད་ཁྱིམ་སྦ་སྒོར་ཅིག་ཡོད་མི་ ཨོ་རྒྱན་རྡོ་རྗེ་གིས་ དབང་འདུས་རྫོང་ཁག་གི་ལས་བྱེདཔ་ རྟེན་འབྲེལ་དབང་འདུས་ལུ་ ཁ་ངན་ཚིག་རྩུབ་དང་ འཇིགས་སྐྲག་བཏོན་ཏེ་ དྲན་ཤེས་སམ་ ཚོར་སྣང་དྲག་པོའི་སྡུག་བསྔལ་གྱིས་མནར་བའི་ བྱ་སྤྱོད་འཐབ་ཡོད་པའི་ བརྡབས་གསིག་རྐྱབ་པའི་ ཉེས་ཁྲིམས་བཀལ་ཡོདཔ་ཨིན་པས།
ཨོ་རྒྱན་རྡོ་རྗེ་ལུ་ སྤྱི་ལོ་༢༠༡༡ ལུ་ རྫོང་ཁག་བདག་སྐྱོང་གིས་ དབང་འདུས་ཁྲོམ་ཁར་ཡོད་པའི་ ཚོང་ཁང་དང་ སྡོད་ཁྱིམ་ཚུ་ བརྡལ་དགོ་པའི་ དུས་ཚོད་བྱིན་ཡོདཔ་མ་ཚད་ བརྡ་བསྐུལ་དང་ཁྱབ་བསྒྲགས་ཚུ་ མང་རབས་ཅིག་འབད་ཡོད་རུང་ གཞུང་གི་བཀའ་རྒྱ་ལུ་ མ་གནས་ནི་དེ་གིས་ རྫོང་ཁག་གིས་ མི་བཙུགས་ཏེ་ ཁྱིམ་བརྡལ་བཏང་ཡོདཔ་ད་ རྟེན་འབྲེལ་དབང་འདུས་དེ་ སྦ་སྒོར་བརྡལ་མི་ཚུ་གི་གྲས་ལས་༡ ཨིན་པས།
རྩོད་ཟླ་དེ་གིས་ ཉམས་རྒུདཔ་རྟེན་འབྲེལ་དབང་འདུས་ལུ་ ཁོ་གི་ཁྱིམ་བརྡལ་བའི་སྐབས་ ཁོ་གི་ལྕགས་ཤོག་མེདཔ་བཏང་མི་ ཁྱོད་ར་ཨིན་ རང་གི་གཟུགས་ཁར་ དོརམ་གཅིག་ར་ ཉོ་གྱོན་མ་ཚུགས་མི་ ཕོ་རྒྱ་སྐྱོ་སྐྱོཝ་ སེམས་ཟོག་དྲགས་ཟེར་བའི་ ཚིག་རྩུབ་ཚུ་ སླབ་ཡོདཔ་ཨིན་པས།
ཨིན་རུང་ བརྡབས་གསིག་རྐྱབ་པའི་ ཉེས་ལས་དེ་ ཉེས་པ་ཡང་ཕྲ་ཨིནམ་ལས་ ཞག་གྲངས་༡༠ གྱི་ནང་འཁོད་ལུ་ ཁྲིམས་འཐུས་བཏབ་དགོ་པའི་ བཀའ་རྒྱ་གནང་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment