གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནས་ཚུལ་མདོར་བསྡུས།

ལྟ་བཤལ་ནང་ ལཱ་འབད་མི་ཅིག་གིས་ མགར་ས་ལས་ ལོག་འོང་པའི་ལམ་ཁར་ ཟླཝ་༡ དེ་ཅིག་ལང་མི་ དོམ་གྱི་ཕྱུ་གུ་ཅིག་ མཐོང་མི་དེ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གླིང་ཁའི་ ཡིག་ཚང་ལུ་ རྩིས་སྤྲོད་འབད་ཡོདཔ་བཞིན་དུ་ གླིང་ཁའི་ལས་བྱེདཔ་ཅིག་གི་ཨམ་སྲུ་ ཆོས་སྒྲོན་གྱིས་ ཨོམ་བྱིན་ཐོག་ལས་ གསོ་སྐྱོང་འཐབ་ནི་དེ་གིས་ མིང་ཡང་ ཆོས་སྒྲོན་ཟེར་ བཏགས་ཡོདཔ་ད་ དོམ་ཅུང་དེ་ སྤྱི་ཟླ་༥ པའི་ཚེས་༣༡ ལུ་ རི་དྭགས་སྲུང་སྐྱོབ་དང་བསྐྱར་གསོ་ལྟེ་བ་ནང་ རྩིས་སྤྲོད་འབད་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment