གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱ་གར་ཤི་ལོང་ མེ་གཱ་ལ་ཡ་ལུ་ ཊེ་བཱལ་ཊེ་ནིསི་ རྩེད་འགྲན་ནང་ ན་གཞོན་༥ གིས་བཅའ་མར་གཏོགས་ནི།

སཱག་ལུང་ཕྱོགས་རྩེད་འགྲན་གྱི་དོན་ལུ་ གྲ་སྒྲིག་གི་སྦྱོང་བརྡར་འབད་བའི་བསྒང་།
༡༥/༠༦/༢༠༡༢   ༉ ད་རིས་ དྲོ་པའི་ཆུ་ཚོད་༩ ལུ་ སྐྱེས་ལོ་༢༠ མན་ཆད་འབད་མི་ ན་གཞོན་བུཚ་༥ གིས་ རྒྱ་གར་ཤི་ལོང་ལུ་སྦེ་ འགོ་འདྲེན་འཐབ་ནི་ཨིན་མི་ སཱག་ལུང་ཕྱོགས་༨ ཀྱི་ ཊེ་བཱལ་ཊེ་ནིསི་དྲག་ཤོས་ཀྱི་ རྩེད་འགྲན་ནང་ བཅའ་མར་གཏོགས་པ་ འགྱོ་དོ་ཡོདཔ་ཨིན་པས།


དེ་ཡང་ ཤི་ལོང་ མེ་གཱ་ལ་ཡ་ལུ་ ན་གཞོན་ཚུ་གིས་ ཊེ་བཱལ་ཊེ་ནིསི་དྲག་ཤོས་ཀྱི་ རྩེད་འགྲན་དེ་ སྤྱི་ཟླ་༦ པའི་ཚེས་༡༧ ལས་༡༩ ཚུན་ ཉིན་གྲངས་༣ གྱི་རིང་ འགོ་འདྲེན་འཐབ་ནི་ཨིནམ་ད་ སྐྱེས་ལོ་༡༦ ལས་༢༠ ཚུན་དང་ སྐྱེས་ལོ་༡༥ མན་ཆད་འབད་མི་ རྩེད་འགྲན་ཁག་གཉིས་སྦེ་ འགོ་འདྲེན་འཐབ་མིའི་ནང་ དོ་འགྲན་འབད་ནི་ཨིན་པས།
རྩེད་འགྲན་དེ་ནང་ ན་གཞོན་རྐྱང་འགྲན་དང་ ཟུང་འགྲན་གྱི་ རྩེད་འགྲན་ཚུ་ནང་ དོ་འགྲན་འབད་ནི་ཨིན་པས། 
འབྲུག་ཨོ་ལིམ་པིག་ཚོགས་པ་ལས་ སློབ་སྟོན་པ་ཤེ་ཡཱམ་ཆེ་ཊི་རི་གིས་ སླབ་མི་དང་འཁྲིལཝ་ད་ ད་རེས་ཀྱི་ རྩེད་འགྲན་ནང་ ན་གཞོན་བུཚ་༥ མ་གཏོགས་ བུམོ་གཅིག་ཡང་ བཙག་འཐུ་མ་འབད་ཟེར་ཨིནམ་ད་ དེ་ཡང་ ན་གཞོན་བུམོ་ཚུ་ལུ་ ལྕོགས་གྲུབ་དང་ རིག་རྩལ་ དེ་ལས་ གནས་སྐབས་ཚུ་ ལེགས་ཤོམ་མེད་པའི་ཁར་ གཟུགས་སྟོབས་སྒྲིང་སྒྲིང་མེད་ནི་དེ་གིས་ ཨིན་ཟེར་ཨིན་པས།
ཨིན་རུང་ རྫོང་ཁག་༢༠ གི་ སློབ་གྲྭ་ཁག་ལས་ ཊེ་བཱལ་ཊེ་ནིསི་ནང་ སྤྲོ་བ་དང་ དང་འདོད་ཡོད་མི་ སློབ་ཕྲུག་ན་གཞོན་ཡོངས་བསྡོམས་༡༠༠ ལྷགཔ་ཅིག་ལུ་ ཟླ་ངོ་༦ གི་རིང་ སྦྱོང་བརྡར་དང་ སློབ་སྟོན་ཚུ་ ཕྱི་རྒྱལ་ལས་ མཁས་མཆོག་དང་ འབྲུག་ཨོ་ལིམ་པིག་ཚོགས་པའི་ སློབ་སྟོན་པ་ཚུ་གིས་ བྱིན་ཡི་ཟེར་ཨིན་པས།
ན་གཞོན་ཚུ་གི་གྲས་ལས་ ནང་འཁོད་འགྲན་བསྡུར་འགོ་འདྲེན་འཐབ་ཐོག་ལས་ ན་གཞོན་བུཚ་དྲག་ཤོས་༥ པོ་དེ་ བཙག་འཐུ་འབད་ཡོདཔ་ད་ ཁོང་གི་གྲས་ལས་ ལ་ལུ་ཅིག་ རྒྱལ་སྤྱི་འཛམ་གླིང་དང་ སཱག་ལུང་ཕྱོགས་ཀྱི་ འགྲན་བསྡུར་ནང་ བཅའ་མར་གཏོགས་མི་ཡང་ ཡོད་ཟེར་ཨིན་པས།
དེ་འབདཝ་ལས་ ཁོང་ན་གཞོན་༥ པོ་ལུ་ ཨོ་ལིམ་པིག་ཚོགས་པའི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ སྦྱོང་བརྡར་དང་ སློབ་སྟོན་ཡང་ ལེགས་ཤོམ་སྦེ་རང་ བྱིན་ཡོདཔ་ལས་ སཱག་ལུང་ཕྱོགས་རྒྱལ་ཁབ་༨ ཀྱི་གྲས་ལས་ རྟགས་མ་འཐོབ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ན་གཞོན་སྐྱེས་ལོ་༡༩ འབད་མི་ ངག་དབང་རྡོ་རྗེ་གིས་འབད་བ་ཅིན་ སྦྱོང་བརྡར་དང་སློབ་སྟོན་ཚུ་ ཧེ་མ་དང་ཕྱདཔ་ད་ ལེགས་ཤོམ་ཐོབ་ཡོདཔ་ལས་ ད་རེས་ཀྱི་རྩེད་འགྲན་ནང་ལས་ དྲག་ཤོས་འཐོབ་ཚུགས་པའི་ རེ་བ་སྦོམ་སྦེ་ར་ བསྐྱེད་དོ་ཡོདཔ་ལས་ ཁོ་གིས་ ག་དེ་དྲག་དྲག་རྩ་འགེངས་ཏེ་ རྩེད་འགྲན་འབད་འོང་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས། 

No comments:

Post a Comment