གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རུ་པིའི་དཀའ་ངལ་ལེགས་འགྱུར་འགྱོ་རུང་ སྐྱིན་འགྲུལ་གྱི་ གནས་སྟངས་སྐྱོ་དྲགས་སྦེ་གནས་ནི།

༉ གནང་བྱིན་མ་དངུལ་དང་ གློག་མེ་ལས་འགུལ་ཚུ་གིས་སྦེ་ གློག་མེ་ཐོན་བསྐྱེད་གོང་འཕེལ་འགྱོ་བའི་བསྒང་ཡོད་མི་ལུ་བརྟེན་ རུ་པི་མ་ལང་པའི་གནས་སྟངས་ལེགས་འགྱུར་འགྱོ་དོ་ཡོདཔ་ལས་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ རུ་པི་དང་འབྲེལ་བའི་ བཀག་ཆ་འབད་ཡོད་མི་ལ་ལུ་ཅིག་ ད་ལས་ཕར་ ཡངས་ཆག་འབད་ནི་ཨིན་པས།

དབང་འཛིན་གྱི་འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ད་རེས་ཀྱི་ སྤྱི་ཚོགས་ནང་ལས་ ཁྲལ་དང་འབྲེལ་བའི་ཐབས་ལམ་ཚུ་ ལག་ལེན་འགོ་བཙུགས་ཞིནམ་ལས་ བཀག་ཆ་ཡངས་ཆག་འབད་འོང་ཟེར་ཨིན་པས།
དེ་འབདཝ་ད་ དངུལ་ཁང་ཚུ་གིས་ སྐྱིན་འགྲུལ་བྱིན་ཚུགས་པའི་ འོས་འབབ་ག་དེ་སྦེ་ཡོད་ག་མ་ཤེསཔ་ད་ དངུལ་ཁང་གི་ འགོ་དཔོན་མང་ཤོས་ཅིག་གིས་འབད་བ་ཅིན་ དངུལ་སྤྲོད་ལེན་གྱི་གནས་སྟངས་ནང་ ལེགས་འགྱུར་གྱི་མངོན་གསལ་མེདཔ་ལས་ དབང་འཛིན་གྱི་བཀག་ཆ་ཚུ་ ཡངས་ཆག་འབད་རུང་མ་འབད་རུང་ སྐྱིན་འགྲུལ་བྱིན་ནི་ལུ་ དཀའ་ངལ་འོང་ནི་མས་ཟེར་ཨིན་པས།
འབྲུག་རྒྱལ་ཡོངས་དངུལ་ཁང་གི་ འཛིན་སྐྱོང་མདོ་ཆེན་ སྐྱིདཔ་ཅུ་ཚེ་རིང་གིས་ སླབ་མིའི་ནང་ དབང་འཛིན་གྱིས་ བཀག་ཆའི་གནས་སྟངས་ཚུ་ ཡངས་ཆག་བཏང་རུང་ དུས་ཚོད་ངེས་མེད་ཀྱི་རིང་ ཁྱིམ་བཟོའི་སྐྱིན་འགྲུལ་གསརཔ་བྱིན་མི་ཚུགས་ནི་མས་ཟེར་ཨིནམ་མ་ཚད་ སྣུམ་འཁོར་སྐྱིན་འགྲུལ་ཡང་ མཚམས་འཇོག་འབད་དགོ་ནི་བཟུམ་ཅིག་གི་ གནས་སྟངས་ཁར་ ལྷོད་དེ་ཡོད་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ གསོག་འཇོག་འབད་མི་ཚུ་ མང་ཤོས་ར་ དུས་ཡུན་ཐུང་ཀུའི་དོན་ལུ་ཨིནམ་ད་ ཁྱིམ་བཟོའི་སྐྱིན་འགྲུལ་ཚུ་ ལོག་བཏབ་ནི་གི་དུས་ཚོད་དེ་ ལོ་ངོ་༢༠ གི་རིང་ འབད་མི་གིས་ རྩིས་ཐོའི་ནང་ སྒྲིག་མ་ཚུགས་པའི་དཀའ་ངལ་ཡང་ འཐོན་དོ་ཡོདཔ་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ ཀྲི་དངུལ་ཁང་གི་ འཛིན་སྐྱོང་མདོ་ཆེན་ ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ ཁོང་གི་དངུལ་ཁང་གིས་ཡང་ སྐྱིན་འགྲུལ་བྱིན་ནི་གི་ཐད་ལུ་ དྲནམ་བཏོན་ཐོག་ལས་ ལག་ལེན་འཐབ་དགོཔ་འདུག་ཟེར་ཨིན་པས།
དེ་མ་ཚད་ དངུལ་ཁང་ཚུ་གིས་ སྐྱིན་འགྲུལ་བྱིན་རུང་ སྐྱེད་ཚད་ཀྱི་གནས་གོང་ཚུ་ ཧེ་མ་དང་ཕྱདཔ་ད་ ཡར་སེང་འགྱོ་ནི་གི་ འོས་འབབ་ཡོདཔ་ད་ དངུལ་ཁང་ལ་ལུ་ཅིག་གིས་ ཁྱིམ་བཟོ་དང་ སྣུམ་འཁོར་གྱི་ སྐྱིན་འགྲུལ་སྐྱེད་ཚད་ཡར་སེང་འབད་ཡོདཔ་མ་ཚད་ སྐྱིན་འགྲུལ་བྱིན་ནི་གི་ མ་དངུལ་འབོར་ཚད་ཚུ་ཡང་ མར་ཕབ་རྐྱབ་ཡོདཔ་ཨིན་པས།
ཀྲི་དངུལ་ཁང་གི་ མདོ་ཆེན་ཚེ་རིང་རྡོ་རྗེ་གིས་འབད་བ་ཅིན་ སྐྱིན་འགྲུལ་གྱི་སྐྱེད་ཚད་ ཡར་སེང་འགྱོ་མིའི་ གནད་དོན་ཅིག་ གསོག་འཇོག་བཞག་མི་ལུ་ སྐྱེད་ཀྱི་ཚད་གཞི་ ཡར་སེང་རྐྱབ་ནི་དེ་གིས་ ཨིན་ཟེར་ཨིན་པས།
འཕྲལ་ཁམས་ལས་ ལོ་༥ གི་རིང་ བརྟན་འཇག་གསོག་འཇོག་ཐོ་དེབ་བཞག་མི་ཚུ་ལུ་ སྐྱེད་བརྒྱ་ཆ་༧ ལས་བརྒྱ་ཆ་༨.༥ ལུ་ ཡར་སེང་འབད་ཡོདཔ་ཨིན་པས།
དཔལ་འབྱོར་མཁས་མཆོག་ཅིག་གིས་ སླབ་མིའི་ནང་ དངུལ་ཁང་ཚུ་ནང་ལས་ སྐྱིན་འགྲུལ་མེད་མི་ལུ་བརྟེན་ ཚོང་མགྲོན་པ་ཚུ་གིས་ རང་སོའི་ལག་པར་ཡོད་པའི་མ་དངུལ་ཚུ་ མ་རྩ་གཞི་བཙུགས་འབད་དེ་ ལག་ལེན་མི་འཐབ་དོ་ཡོད་པའི་ རྟགས་མཚན་ཅིག་ཨིན་ཟེར་ཨིན་པས།
རྒྱལ་ཁབ་ནང་ རུ་པིའི་གནས་སྟངས་ལེགས་ཤོམ་སོང་སྟེ་འབད་རུང་ དངུལ་ཁང་ནང་ ཏི་རུ་བཙུགས་མིའི་གནས་སྟངས་ལེགས་འགྱུར་མེད་པ་ཅིན་ སྐྱིན་འགྲུལ་གྱི་སྐྱེད་ཚད་ མཐོ་དྲགས་སྦེ་ར་ གནས་འོང་ཟེར་ཨིན་པས།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་འབད་བ་ཅིན་ དུས་ཅི་ སྤྱི་ཟླ་༡༡ པ་ཚུན་ལུ་ རུ་པིའི་གནས་སྟངས་ལེགས་ཤོམ་འགྱོ་ཚུགས་ནི་ཨིནམ་ད་ དེ་དང་འབྲེལ་ དངུལ་ཁང་ཚུ་ནང་ དངུལ་བཙུགས་མི་ཚོང་མགྲོན་པ་ཡང་ ཡར་སེང་འགྱོ་ནི་གི་ རེ་བ་ཡོད་ཟེར་ཨིན་པས།
འབྲུག་གི་དངུལ་ཁང་ཚུ་ནང་ དངུལ་བཙུགས་བཏོན་གྱི་གནས་སྟངས་དེ་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ འོང་འབབ་ལུ་རག་ལས་དོ་ཡོདཔ་ད་ དུས་ཅི་ལོ་གི་སྔ་ཆ་ལུ་ ལས་འཛིན་གྱིས་ འབྲུག་རྒྱལ་ཡོངས་དངུལ་ཁང་ནང་ལས་ དངུལ་ཀྲམ་དུང་ཕྱུར་༨ དེ་ཅིག་ བཏོན་འབག་མི་གིས་ ཧ་ལམ་ དངུལ་ཁང་ནང་གི་གསོག་མཛོད་ སྟོངམ་ཐོན་ཡོདཔ་ཨིན་པས།
འབྲུག་གིས་ འཕྲལ་ཁམས་ཅིག་ཁར་ རུ་པི་དུང་ཕྱུར་༧ གོང་འཕེལ་གནང་བྱིན་མ་དངུལ་དང་ རྒྱ་གར་ལས་ ཅ་ཁྲལ་སླར་ལོག་ཐོབ་ནི་ཡོད་མི་གི་ ཐོག་ལས་བྱུང་ཡོདཔ་ད་ དེ་གིས་ རྒྱ་གར་མངའ་སྡེ་དངུལ་ཁང་དང་ པཱན་ཇབ་དངུལ་ཁང་ལས་ སྐྱིན་འགྲུལ་ལེན་ཡོདཔ་ཨིན་པའི་གནས་ཚུལ།

 བསམ་གཏན་ཡེ་ཤེས།

No comments:

Post a Comment