གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆང་ཁྲལ་ཡར་སེང་གི་སྐོར་ལས་ ལོག་སྟེ་ར་ གྲོས་བསྡུར་འབད་ནི།

༢༩/༠༦/༢༠༡༢   ༉ ཁ་ཙ་ དྲོ་པ་ རྒྱལ་ཡོངས་ཚོགས་ཁང་ནང་ ཞབས་ཏོག་བློན་པོ་ཡེ་ཤེས་སྦྱིན་པ་གིས་ བརྡ་བརྒྱུད་ཀྱི་གནས་ཚུལ་ཚུ་ནང་ ཆང་གི་ཁྲལ་ཡར་སེང་གི་གྲོས་འཆར་ བསྒྱུར་བཅོས་མེད་པར་ སྣུམ་འཁོར་ སྔོ་ལྗང་གི་ཁྲལ་རྐྱངམ་གཅིག་ ཆ་འཇོག་འབད་ཡོད་པའི་སྐོར་ལས་ མཐོང་པའི་ཤུལ་ལུ་ རྣམ་རྟོག་ལང་ཡི་ཟེར་ཞུ་ཡི།
ཞབས་ཏོག་བློན་པོ་གིས་ གསང་བའི་ཚོགས་རྒྱན་དེ་ སྐྱུར་བའི་སྐབས་ སྣུམ་འཁོར་དང་ ཆང་ཁྲལ་༢ སེམས་ཁར་བཞག་སྟེ་ ཚོགས་རྒྱན་བཙུགས་ཡོད་རུང་ ཁ་ཙ་གི་ གནས་ཚུལ་ནང་ སྣུམ་འཁོར་ཁྲལ་རྐྱངམ་གཅིག་ བཀལ་ཡོད་པའི་སྐོར་ལས་ བཀོད་ནུག་ཟེར་ཞུ་ཡི།



དེ་འབདཝ་ད་ སྤུ་ན་ཁའི་འཐུས་མི་ ཚེ་རིང་དཔལ་འབྱོར་དང་ འཐུས་མི་དག་པ་ཅིག་གིས་ གསང་བའི་ཚོགས་རྒྱན་དེ་སྐྱུར་བའི་སྐབས་ ཚོགས་དཔོན་གྱིས་ སྣུམ་འཁོར་ཤུགས་ཚད་ སི་སི་༡༨༠༠ ཡན་ཆད་འབད་མི་ཚུ་ལུ་ སྣུམ་འཁོར་སྔོ་ལྗང་ཁྲལ་བརྒྱ་ཆ་༢༠ དང་ འོག་རྒྱུའི་རིགས་ལུ་ བརྒྱ་ཆ་༥ བཀལ་དགོ་པའི་གྲོས་འདེབས་དང་འཁྲིལ་ སྣུམ་འཁོར་ཁྲལ་གྱི་དོན་ལུ་རྐྱངམ་གཅིག་ ཚོགས་རྒྱན་བཙུགས་བཙུགསཔ་ཨིན་ཟེར་ཞུ་ཡི།
སྤྱི་ཟླ་༦ པའི་ཚེས་༢༧ ལུ་ ཚོགས་ཁང་ནང་ ཁྲལ་བསྐྱར་བཟོའི་དཔྱད་ཡིག་གི་སྐོར་ལས་ གྲོས་བསྡུར་འབད་བའི་སྐབས་ འཐུས་མི་༡༥ དེ་ཅིག་གིས་ བསམ་འཆར་ཞུ་བའི་སྐབས་ མང་ཤོས་ཅིག་གིས་ ཆང་དེ་ ནང་པའི་ཆོས་དང་བརྒལཝ་མ་ཚད་ གསོ་བའི་འཕྲོད་བསྟེན་ལུ་ཡང་ གནོད་པ་སྦོམ་རྐྱབ་དོ་ཡོདཔ་ལས་ ཆང་ཁྲལ་དེ་ གྲོས་འཆར་དང་འཁྲིལ་ བཀལ་དགོ་པའི་ རྒྱབ་སྐྱོར་སྦོམ་ཡོད་ལུགས་ཚུ་ཞུ་ཡི།
གྲོས་འཆར་དང་འཁྲིལཝ་ད་ ཆང་རིགས་ཀྱི་ནང་ཁྲལ་བསྐྱར་བཟོའི་ཐད་ལུ་ ཆང་བི་ཡར་མ་རྩིས་བའི་ ནང་འཁོད་ཆང་གི་ཐོན་སྐྱེད་ཚུ་ལུ་ ཧེ་མ་ཁྲལ་མེད་ས་ལས་ བཙོང་ཁྲལ་བརྒྱ་ཆ་ལས་བཅད་དེ་ བཀལ་ནི་དང་ ནང་ཁྲལ་ཚུ་ ཧེ་མ་ བརྒྱ་ཆ་༣༠ དང་༧༥ འི་བར་ན་ཡོད་ས་ལས་ ད་ལྟོ་བརྒྱ་ཆ་༥༠ ལུ་ བསྐྱར་བཟོ་འབད་ཡོདཔ་ཨིན་པས།
རྒྱ་གར་དང་ རྒྱལ་ཁབ་གཞན་མི་ཚུ་ནང་ལས་ བི་ཡར་དང་ ཆང་རིགས་ནང་འདྲེན་འབད་མི་ཚུ་ ནང་ཁྲལ་བརྒྱ་ཆ་༥༠ བསྐྱར་བཟོ་འབད་ཡོདཔ་ཨིན་པས།
དེ་འབདཝ་ད་ ཁ་ཙ་ ཚོགས་དཔོན་ འཇིགས་མེད་ཚུལ་ཁྲིམས་ཀྱིས་འབད་བ་ཅིན་ ད་རེས་ ཆང་ཁྲལ་ཚུ་ འདས་པའི་ཚོགས་ཐེངས་ནང་ ཁྲལ་བརྒྱ་ཆ་སྦོམ་སྦེ་ཡར་སེང་འབད་ནི་དེ་གིས་ ཚོགས་ཐེངས་འདི་ནང་ ཡར་སེང་འབད་དགོ་པའི་འོས་འབབ་ཅིག་ མིན་འདུག་ཟེར་གསུངས་མི་དེ་ ཚོགས་དཔོན་གྱི་བསམ་འཆར་ རྐྱངམ་གཅིག་ཨིན་ཟེར་གསུངས་ཡི།
ཨིན་རུང་ ཚོགས་དཔོན་གྱིས་ ཆང་ཁྲལ་གྱི་སྐོར་ལས་ ད་ལྟོ་ རྒྱབ་སྣོན་གྱི་དོན་ལུ་ རྒྱལ་ཡོངས་ཚོགས་སྡེ་ནང་ཕུལ་མི་ དཔྱད་ཡིག་དེ་ ལོག་ཚོགས་ཁང་ནང་ལྷོད་པའི་སྐབས་ལུ་ ལོག་སྟེ་ར་ གྲོས་བསྡུར་གནང་ནི་ཨིན་ཟེར་གསུངས་ཡི།
 རེས་གཟའ་མིག་དམར་ལུ་ དཔྱད་ཡིག་དེ་གུ་ རྒྱལ་ཡོངས་ཚོགས་སྡེ་གིས་ གསུང་གྲོས་གནང་ནི་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment