གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་དང་ བང་ལ་དེཤ་གི་བར་ན་ ཚོང་འབྲེལ་ཡར་དྲག་གཏང་ནི།

༡༤/༠༦/༢༠༡༢   ༉ འབྲུག་དང་ བང་ལ་དེཤ་གི་བར་ན་ ད་རིས་ལས་ འགོ་བཙུགས་ཏེ་ ཉིན་གྲངས་༢ ཀྱི་རིང་ ཚོང་འབྲེལ་དང་ བརྒྱུད་ལམ་གྱི་ ཟུང་ཕྱོགས་མཐུན་འབྲེལ་སྐོར་ལས་ གྲོས་བསྡུར་འབདཝ་ཨིན་པས།


དེ་ཡང་ ཟུང་ཕྱོགས་མཐུན་འབྲེལ་ཞལ་འཛོམས་ཀྱི་དོན་ལུ་ བང་ལ་དེཤ་ལས་ ཆེ་མཐོའི་གནས་རིམ་གྱི་ འཐུས་ཚབ་༧ འབད་མི་ སྡེ་ཚན་ཅིག་ ཁ་ཙ་ཐིམ་ཕུ་ལུ་ ལྷོད་ཡོདཔ་ད་ གསུང་གྲོས་དེ་ཡང་ བང་ལ་དེཤ་གི་ ཁ་ཐུག་ལས་ ཚོང་འབྲེལ་དྲུང་ཆེན་ ཨེམ་ཌི་གུ་ལམ་ཧུ་སེན་དང་ འབྲུག་གི་འཐུས་མི་སྡེ་ཚན་དེ་ བསྟན་རྒྱས་ལྷན་ཁག་གི་དྲུང་ཆེན་ དྲགོས་བསོད་ནམས་ཚེ་རིང་གིས་ འགོ་ཁྲིད་འབད་དེ་ གནངམ་ཨིན་པས།
བསྟན་རྒྱས་ལྷན་ཁག་ལས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ མཐུན་འབྲེལ་ཞལ་འཛོམས་དེ་ གཙོ་བོ་ར་ རྒྱལ་ཁབ་༢ ཀྱི་བར་ན་ སྔར་ལས་ཡོད་པའི་ ཚོང་འབྲེལ་མཐུན་ལམ་ ཡར་དྲག་གཏང་ནི་ལུ་དམིགས་ཏེ་ འགོ་འདྲེན་འཐབ་དོ་ཡོདཔ་ད་ དེ་བསྒང་ བརྒྱུད་ལམ་ཆིངས་ཡིག་ལག་ལེན་དང་ རྒྱལ་ཁབ་༢ ཀྱི་བར་ན་ ཚོང་འབྲེལ་གྱི་ འོས་འབབ་ཡོད་མི་ ཅ་ཆས་ཚུ་གི་ ཕབ་ཆག་ཡར་སེང་དང་ ཚོང་འབྲེལ་ལུ་ ལྷན་ཐབས་འབད་ནིའི་ གནད་དོན་ཚུ་གི་སྐོར་ལས་ གྲོས་བསྡུར་འབད་ནི་ཨིན་པས།
འབྲུག་དང་ བང་ལ་དེཤ་གི་བར་ན་ ཚོང་འབྲེལ་ཆིངས་ཡིག་དེ་ འགོ་དང་པ་ སྤྱི་ལོ་༡༩༨༠ ལུ་ མཚན་རྟགས་བཀོད་པའི་ཤུལ་ལས་  རྒྱལ་ཁབ་གཉིས་ཀྱི་བར་ན་ འགྲོས་ཀྱིས་སྦེ་ ཚོང་འབྲེལ་ཡར་རྒྱས་སོང་ཡོདཔ་ད་ ཧེ་མར་ སྤྱི་ལོ་༡༩༨༨ ལུ་ གནས་གོང་བསྡོམས་དངུལ་ཀྲམ་ས་ཡ་༠.༦༧ དེ་ཅིག་གི་ ཚོང་ཆས་ཡོད་མི་ལས་ སྤྱི་ལོ་༢༠༡༠ ལུ་ ཡུ་ཨེསི་ཌོ་ལར་ས་ཡ་༢༤.༣༦ ལུ་ ཡར་སེང་སོང་ཡོདཔ་ཨིན་པས།
ད་ལྟོ་ བང་ལ་དེཤ་དེ་ རྒྱ་གར་གྱི་ཤུལ་ལས་ འབྲུག་ལུ་ ཕྱིར་ཚོང་འཐབ་མི་ རྒྱལ་ཁབ་སྦོམ་ཤོས་༢ པ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment