གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་དབང་མངའ་བདག་རིན་པོ་ཆེའི་ རྒུད་གསོའི་མ་དངུལ་དཔྱད་ཡིག་གི་གསུང་གྲོས་གནང་ཡོདཔ།

དངུལ་རྩིས་བློན་པོ་དབང་འདུས་ནོར་བུ་གིས་ རྒྱལ་ཡོངས་ཚོགས་སྡེ་ལུ་ དཔྱད་ཡིག་ངོ་སྤྲོད་འབད་བའི་བསྒང་།
༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ཚོགས་ཁང་ནང་ དངུལ་རྩིས་བློན་པོ་དབང་འདུས་ནོར་བུ་གིས་ འབྲུག་མངའ་བདག་རྒྱལ་པོའི་ རྒུད་གསོའི་མ་དངུལ་དཔྱད་ཡིག་༢༠༡༡ ཅན་མའི་སྐོར་ལས་ ཚོགས་ཁང་ནང་ ངོ་སྤྲོད་དང་སྦྲགས་པའི་ དཔྱད་ཡིག་གི་རྒྱབ་ཁུངས་དང་ དགོས་དོན་ཚུ་གི་སྐོར་ལས་ གསལ་ཞུ་འབད་ཡི།


དཔྱད་ཡིག་གི་ ལེའུ་ཚན་ནང་ མ་དངུལ་གྱི་ཚད་གཞི་ རྒྱུན་སྐྱོང་དང་ལག་ལེན་ མ་རྩ་གཞི་བཙུགས་འབད་ཐངས་དང་འབྲེལ་བའི་ གནད་དོན་ཚུ་གི་སྐོར་ལས་ ཚུད་ཡོདཔ་ཨིན་པས།
དཔེ་འབད་བ་ཅིན་ ལོ་རེའི་ནང་ མ་དངུལ་གྱི་ཚད་གཞི་ དངུལ་ཀྲམ་ས་ཡ་༢༠ དང་༡༠༠ གི་བར་ན་ བཙུགས་དགོཔ་སྦེ་ཡོད་པའི་གུ་ གལ་སྲིད་ མ་དངུལ་གྱི་དགོས་མཁོ་དེ་ དངུལ་ཀྲམ་༡༠༠ ལས་ ལྷག་སྟེ་དགོཔ་ཐོན་པ་ཅིན་ སྤྱི་ཚོགས་ཀྱི་གནང་བ་དང་འཁྲིལ་ཏེ་ ལག་ལེན་འཐབ་དགོཔ་སྦེ་བཀོད་ཡོདཔ་ཨིན་པས།
མ་དངུལ་དེ་ འབྲུག་མངའ་བདག་རྒྱལ་པོའི་ བཀའ་རྒྱ་དང་འཁྲིལ་ཏེ་ ལག་ལེན་འཐབ་དགོཔ་བཞིན་དུ་ མ་དངུལ་གྱི་རྩིས་ཁྲ་དེ་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་གིས་ རྒྱུན་སྐྱོང་དང་ ལག་ལེན་འཐབ་དགོ་པའི་སྐོར་ལས་ འཁོད་ཡོདཔ་ཨིན་པས།
དོགས་བསལ་གྱི་ལས་རིམ་ནང་ ལྷུན་རྩེའི་འཐུས་མི་ རིག་འཛིན་གྱིས་ འབྲུག་མངའ་བདག་རྒྱལ་པོའི་ རྒུད་གསོའི་མ་དངུལ་དཔྱད་ཡིག་དེ་ ངེས་པར་དུ་དགོ་པའི་སྐོར་ལས་ ཚོགས་སྡེའི་ནང གསུང་གྲོས་གནང་དང་གནང་བཞིན་དུ་ཡོདཔ་ལས་ ད་རེས་ ཚོགས་ཁང་ནང་ལྷོད་མི་ལུ་ རྗེས་སུ་ཡི་རངས་དང་ རྒྱབ་སྐྱོར་ཡོད་ལུགས་ཚུ་ཞུ་བའི་ཤུལ་ལུ་ ཁོ་གིས་ དཔྱད་ཡིག་དང་འཁྲིལཝ་ད་ མ་དངུལ་དེ་ མི་དབང་མངའ་བདག་རྒྱལ་པོའི་བཀའ་རྒྱ་དང་འཁྲིལ་ཏེ་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་གིས་ རྒྱུན་སྐྱོང་དང་ ལག་ལེན་འཐབ་དགོ་ཟེར་ བཀོད་ཡོད་མི་དེ་ལུ་ ལག་ལེན་ཚུལ་བཞིན་དུ་འཐབ་ཡོད་མེད་ཀྱི་སྐོར་ལས་ རྩིས་ཞིབ་གནང་ནིའི་འགན་ཁུར་དེ་ ག་ལུ་ཕོགཔ་ཨིན་ན་ཟེར་བའི་ དྲི་བཀོད་འབད་ཡི།
དེ་བཟུམ་སྦེ་ པདྨ་དགའ་ཚལ་གྱི་འཐུས་མི་ འཇིགས་མེད་རིག་འཛིན་གྱིས་ཡང་ རྩིས་ཞིབ་ཀྱི་ཐད་ལུ་ སྔར་གྱི་འཕྲིན་སྣོན་ནང་མེད་མི་དེ་ ཤུལ་མའི་ཚོགས་སྡེ་ནང་ ཁ་སྐོང་བཀལ་དགོཔ་འདུག་ཟེར་ཞུ་ཡི།
དངུལ་རྩིས་བློན་པོ་དབང་འདུས་ནོར་བུ་གིས་ འབྲུག་རྒྱལ་ཁབ་ནང་ དམངས་རྩིས་ཀྱི་རིགས་ཆ་མཉམ་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ར་ རྩིས་ཞིབ་འབདཝ་ཨིན་རུང་ ད་ལྟོའི་དོན་ཚན་སྐོར་ལས་ དཔྱད་ཡིག་ནང་མ་ཚུད་པར་ ལུས་སོ་ནུག་ཟེར་ཞུ་ཡི།
རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ རྣམ་རྒྱལ་དཔལ་འབྱོར་གྱིས་ མི་དབང་མངའ་བདག་རིན་པོ་ཆེའི་ རྒུད་གསོའི་མ་དངུལ་ དཔྱད་ཡིག་གི་སྐོར་ལས་ ཚོགས་ཐེངས་འདི་ནང་ རྒྱལ་ཡོངས་ཚོགས་སྡེ་གིས་ བསྐྱར་ཞིབ་དང་ རྒྱབ་སྣོན་ཕུལ་ནིའི་དོན་ལུ་ ལོག་སྟེ་ར་ གསུང་གྲོས་རྒྱས་པར་སྦེ་གནང་ནི་ཨིན་ཟེར་ གསུངས་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment